རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་དང་ ཁྲི་འཛིན་འོག་མ་གདམ་འཐུ།

དབང་འདུས་ཕོ་བྲང་རྫོང་ཁག་གི་འཐུས་མི་ བཀྲ་ཤིས་རྡོ་རྗེ་འདི་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་དང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་འཐུས་མི་ འཇིགས་མེད་དབང་ཕྱུག་འདི་ ཁྲི་འཛིན་འོགམ་སྦེ་ གདམ་འཐུ་འབད་ཡོདཔ་ཨིན་པས།

འཇིགས་མེད་བསྟན་འཛིན།

སྤྱི་ཟླ་འདི་གི་ སྤྱི་ཚེས་༡༠ རེས་གཟའ་པ་སངས་ཀྱི་དྲོ་པ་ ཆུ་ཚོད་༡༡ དང་སྐར་མ་༣༤ ལུ་ རྒྱལ་ཡོངས་ཚོགས་སྡེའི་ཚོགས་ཁང་ནང་སྦེ་ བཙག་འཐུ་ལྷན་ཚོགས་དང་ རྒྱལ་ཡོངས་ཚོགས་སྡེའི་དྲུང་ཆེན་གཉིས་ཀྱིས་ ཚོགས་སྡེའི་ཁྲི་འཛིན་དང་ ཁྲི་འཛིན་འོགམ་གཉིས་ གདམ་འཐུ་འབད་མི་དེ་ གཞུང་འབྲེལ་དུ་ གསལ་བསྒྲགས་འབད་ནུག[...] རྒྱས་པར་ལྷག།

"རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་དང་ ཁྲི་འཛིན་འོག་མ་གདམ་འཐུ།"

སྲིད་དོན་ཚོགས་པ་༥ གི་འགོ་ཁྲིདཔ་དང་ མགྲིན་ཚབ་ཚུ་གི་བར་ན་ དམངས་གཙོའི་གནས་སྟངས་དང་འབྲེལ་བའི་ བསམ་འཆར་བརྗེ་སོར།

བསོད་ནམས་ལྷུན་གྲུབ།

སྤྱི་ཟླ་འདི་གི་ སྤྱི་ཚེས་༡༠ ལུ་ རྒྱལ་གཞུང་གཙུག་ལག་སློབ་སྡེའི་གྲོས་འཛོམས་ཁང་ནང་སྦེ་ འབྲུག་གི་དམངས་གཙོའི་གྲོས་གནས་འཚོགས་པའི་སྐབས་ སྲིད་དོན་ཚོགས་པ་ཚུ་གི་བར་ན་ བསམ་འཆར་བརྗེ་སོར་གྱི་ཐོག་ལས་ གྲོས་བསྟུན་ལས་རིམ་ནང་ གལ་གནད་ཅན་གྱི་གནད་དོན་ ཁག་ལེ་ཤ་ཐོན་ཏེ་འདུག

དེ་ཡང་ སྲིད་དོན་ཚོགས་པ་ཚུ་གིས་ འབྲུག་པའི་དམངས་གཙོ་རིང་ལུགས་འདི་ གཞན་དང་མ་འདྲ་བའི་ རྒྱལ་བརྒྱུད་གསེར་ཁྲིའི་རྩ་བ་ལས་གསོལ་རས་བཟུམ་ཅིག་ གནང་ཡོད་པའི་གཞུང་ ཁྱད་པར་ཅན་ཅིག་ཨིན་པའི་ བསམ་འཆར་ཚུ་བཤད་ཡོད་པའི་གུ་ དམངས་གཙོའི་གཞུང་གི་ གོ་དོན་འཆར་སྣང་ཚུ་ བརྗེ་སོར་འབད་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"སྲིད་དོན་ཚོགས་པ་༥ གི་འགོ་ཁྲིདཔ་དང་ མགྲིན་ཚབ་ཚུ་གི་བར་ན་ དམངས་གཙོའི་གནས་སྟངས་དང་འབྲེལ་བའི་ བསམ་འཆར་བརྗེ་སོར།"

འབྲུག་ཕུན་སུམ་ཚོགས་པའི་ནང་ འདེམས་ངོ་༤ གསར་བཙུགས།

བསོད་ནམས་ལྷུན་གྲུབ།

མིང་གསལ་་་་བཀྲིས་རྡོ་རྗེ།

སྐྱེས་ལོ་༣༣[...] རྒྱས་པར་ལྷག།

"འབྲུག་ཕུན་སུམ་ཚོགས་པའི་ནང་ འདེམས་ངོ་༤ གསར་བཙུགས།"

སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུའི་དོན་ལུ་ མི་སྡེ་བརྡ་བརྒྱུད་ཚུ་ ཚུལ་ལྡན་གྱི་ལྟ་རྟོག

འཇིགས་མེད་བསྟན་འཛིན།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུའི་སྐབས་ མི་སྡེ་བརྡ་བརྒྱུད་ཚུ་ ཚུལ་ལྡན་ལག་ལེན་གྱི་དོན་ལུ་ ལམ་ལུགས་བཟོ་མི་དང་ བརྡ་བརྒྱུད་ཚུ་དང་གྲོས་བསྟུན་ དེ་ལས་ རྫོང་ཁག་༢༠ ནང་ མི་སྡེ་བརྡ་བརྒྱུད་ཀྱི་ལྟ་རྟོག་པ་བསྐོ་བཞག་འབད་དེ་ཡོདཔ་ཨིན་པས།

འདི་བཟུམ་སྦེ་ རྒྱལ་ཁབ་ཀྱི་གནས་ཚད་ཁར་ རང་སོའི་འགན་ཁུར་དང་ འགན་འཁྲི་འཐེབ་འབག་སྟེ་ མི་སྡེ་བརྡ་བརྒྱུད་ཚུ་ ཚུལ་ལྡན་ལག་ལེན་འཐབ་དགོཔ་དང་ འབྲེལ་ཡོད་སྟབས་བདེ་སྡུག་དང་འཁྲིལ་ཏེ་ འགན་འཁྲི་ཕོག་པའི་ ཁྱབ་བསྒྲགས་ཚུ་ དུས་མཐུན་འབད་ཚུགས་མི་ལུ་བརྟེན་ མི་སྡེ་བརྡ་བརྒྱུད་ཚུ་ལས་ བཙག་འཐུ་དང་འབྲེལ་བའི་ དཀའ་ངལ་སྦོམ་ ག་ནི་ཡང་ མ་ཐོནམ་ཨིན་པས།[...] རྒྱས་པར་ལྷག།

"སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུའི་དོན་ལུ་ མི་སྡེ་བརྡ་བརྒྱུད་ཚུ་ ཚུལ་ལྡན་གྱི་ལྟ་རྟོག"

གདམ་ངོའི་འཛོམས་འདུ་ལས་ གདམ་འཐུ་གྲུབ་ཡོད་མི་ མི་ངོམ་ཚུ་ མཐའ་དཔྱད་བཙག་འཐུའི་ནང་ བཅའ་མར་གཏོགས་ནི།

འཇིགས་མེད་བསྟན་འཛིན། ཆོས་ཉིད་བཟང་མོ།

རྫོང་ཁག་རེ་རེ་བཞིན་དུ་ལས་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་རེ་ བཙག་འཐུ་འབད་ནིའི་དོན་ལུ་ རྫོང་ཁག་ནང་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་སྟེ་ གདམ་འཐུ་གྲུབ་ཡོད་མི་ཚུ་ མཐའ་དཔྱད་བཙག་འཐུའི་ནང་ བཅའ་མར་གཏོགས་ནི་ཨིན་པས།

སྤུ་ན་ཁ་རྫོང་ཁག་གི་ རྒེད་འོག་༡༡ དང་ ཁྲོམ་སྡེ་རྩིས་ཏེ་ ཨམ་སྲུ་༢ དང་ ཕོ་སྐྱེས་༦ བསྡོམས་ཀྱི་མི་ངོམ་༨ ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོའི་དོན་ལུ་ དོ་འགྲན་འབད་ནི་ཨིན་པས།[...] རྒྱས་པར་ལྷག།

"གདམ་ངོའི་འཛོམས་འདུ་ལས་ གདམ་འཐུ་གྲུབ་ཡོད་མི་ མི་ངོམ་ཚུ་ མཐའ་དཔྱད་བཙག་འཐུའི་ནང་ བཅའ་མར་གཏོགས་ནི།"

འབྲུག་མཉམ་རུབ་ཚོགས་པའི་ ཡན་ལག་ཡིག་ཚང་ འགོ་འབྱེད།

འཇིགས་མེད་བསྟན་འཛིན།

སྤྱི་ཟླ་འདི་གི་ སྤྱི་ཚེས་༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁྲི་མངའ་གསོལ་གྱི་དུས་སྟོན་ ཐེངས་༩ པ་ བརྩི་སྲུང་ཞུ་མི་དང་འབྲེལ་ བཀྲ་ཤིས་བསྒང་རྗོང་ཁག་ནང་ལུ་སྦེ་ འབྲུག་མཉམ་རུབ་ཚོགས་པའི་ ཡན་ལག་ཡིག་ཚང་ཅིག་ འགོ་འབྱེད་འབད་ཡོདཔ་ཨིན་པས།

འབྲུག་མཉམ་རུབ་ཚོགས་པའི་སྲིད་འཛིན་དང་ ཡོངས་ཁྱབ་དྲུང་ཆེན་གཉིས་ཀྱིས་ ཡན་ལག་ཡིག་ཚང་འགོ་འབྱེད་ཀྱི་ལས་རིམ་ནང་ འབྲུག་མཉམ་རུབ་ཚོགས་པའི་ རྗོང་ཁག་༢༠ གི་ འདེམས་ངོ་ཚུ་གི་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"འབྲུག་མཉམ་རུབ་ཚོགས་པའི་ ཡན་ལག་ཡིག་ཚང་ འགོ་འབྱེད།"