སྣུམ་འཁོར་ལམ་ངོ་མ་ནང་ འཛུལ་བའི་སྐབས་ལུ་དང་ ལམ་ཁར་ལས་ འཐོན་འགྱོ་བའི་སྐབས་ལུ་ ལམ་ཁར་ཡོད་པའི་ རྐང་འགྲུལཔ་ལུ་ ལམ་བྱིན་དགོཔ།

  • ཁྱོད་ཀྱིས་ སྣུམ་འཁོར་གཏང་སྟེ་ སྣུམ་འཁོར་བཞག་སའི་ ས་ཁོངས་དང་ སྣུམ་བླུག་ས་ དེ་ལས་ སྒེར་གྱི་ལམ་དང་ དེའི་རྩ་བར་ཡོད་པའི་ ལམ་ལས་  ལམ་ངོ་མ་ནང་ལུ་ འཐོན་འགྱོ་བའི་སྐབས་ལུ་  ལམ་ཕྱོགས་གང་རུང་ལས་འགྱོ་བའི་ རྐང་འགྲུལཔ་དང་ སྣུམ་འཁོར་ལུ་ ལམ་བྱིན་དགོ
  • ཁྱོད་ཀྱིས་ སྣུམ་འཁོར་གཏང་སྟེ་ སྣུམ་འཁོར་བཞག་སའི་ ས་ཁོངས་ནང་ལུ་དང་  སྣུམ་བླུག་ས་  དེ་ལས་  སྒེར་གྱི་ལམ་ཕྱོགས་ལུ་ བསྒྱིར་བའི་སྐབས་ལུ་  ལམ་ཁར་ཡོད་པའི་ རྐང་འགྲུལཔ་དང་ རྐང་འཁོར་གཏང་མི་ཚུ་ལུ་ ལམ་བྱིན་དགོ

དེ་ལུ་མ་གནས་པ་ཅིན་ ཉེས་ཆད་༡༤ ཡུ་ནིཊ་ཕོག

ཉེས་ཆད/Penalty

               གནོད་འགེལ/Offence ཉེས་ཆད/ Penalty Unit དངུལ་ཀྲམ/Amount
                                 དེད་གཡོགཔ/Driver
ལམ་སྐེདཔ་བཏོག་འགྱོ་སའི་ ས་ཁོངས་ནང་ རྐང་འགྲུལཔ་ཚུ་ལུ་ ལམ་མ་བྱིན་པ་ཅིན།[...] རྒྱས་པར་ལྷག།

"སྣུམ་འཁོར་ལམ་ངོ་མ་ནང་ འཛུལ་བའི་སྐབས་ལུ་དང་ ལམ་ཁར་ལས་ འཐོན་འགྱོ་བའི་སྐབས་ལུ་ ལམ་ཁར་ཡོད་པའི་ རྐང་འགྲུལཔ་ལུ་ ལམ་བྱིན་དགོཔ།"

ཁྱོད་ཀྱིས་ ནད་འབུབ་ལུ་བརྟེན་པའི་ མཆིན་ཚད་ནད་གཞིའི་སྐོར་ལས་ ག་ཅི་ཤེས་དགོཔ་སྨོ?

ནད་འབུབ་ལུ་བརྟེན་པའི་ མཆིན་ཚད་ནད་གཞི་ཟེར་མི་ ག་ཅི་ཨིན་ན?

  • ནད་འབུབ་ལུ་བརྟེན་པའི་ མཆིན་ཚད་ནད་གཞི་ཟེར་མི་འདི་ མཆིན་པ་མེདཔ་གཏང་མི་ ནད་འབུབ་ ཨེ་བི་སི་ཌི་ ཡང་ན་ ཨི་ཚུ་ལུ་བརྟེན་ཏེ་འཐོབ་ཨིན།
  • མཆིན་ཚད་ནད་གཞི་དབྱེ་རིམ་ ཨེ་དང་ ཨི་ཚུ་བཞེས་སྒོ་བཙོག་པ་ཚུ་ལས་ སྤེལཝ་ཨིན།
  • མཆིན་ཚད་ནད་གཞི་དབྱེ་རིམ་ བི་སི་ཌི་གི་ནད་འབུབ་ཚུ་ ལུས་འབྲེལ་དང་ ཨ་ལུ་སྐྱེས་བའི་སྐབས་ལུ་ ཨའི་ལས་ཨ་ལོ་ལུ་ སྨན་ཁབ་རྐྱབ་ད་ མ་བཙོ་བའི་ཁབ་ ལག་ལེན་འཐབ་ནི་ མིའི་གཟུགས་ཁར་ ཁབ་བཙབ་ཡིག་རིས་འབྲི་ནི་ གཟུགས་ཁར་ཁབ་གསོབ་ནི་ ཡང་ན་ གཟུགས་ཁར་ལག་པའི་མཛུབ་མོ་གསོབ་ནི་དང་ སྐབས་སྐབས་ གཟུགས་ཁར་ཁྲག་བླུགསཔ་ད་ སྤེལཝ་ཨིན།

མཆིན་ཚད་ནད་གཞིའི་ ཉེན་ཁ་ག་ཅི་ཡོདཔ་སྨོ?

མཆིན་ཚད་ནད་གཞིའི་ ནད་འབུབ་དབྱེ་རིམ་ བི་ཐོབ་མི་ ན་ལོན་བརྒྱ་ཆ་༩༠ དང་༩༥ གི་བར་ན་ རང་བཞིན་སྲུང་སྐྱོབ་ལམ་ལུགས་ཐོག་ལས་ ནད་འབུབ་གཟུགས་ཁར་ལས་ བཏོན་གཏང་ཚུགསཔ་མ་ཚད་ མཆིན་ཚད་ནད་གཞི་ལོག་མི་འཐོབ།[...] རྒྱས་པར་ལྷག།

"ཁྱོད་ཀྱིས་ ནད་འབུབ་ལུ་བརྟེན་པའི་ མཆིན་ཚད་ནད་གཞིའི་སྐོར་ལས་ ག་ཅི་ཤེས་དགོཔ་སྨོ?"

དཔེ་གཏམ་དོན་གྱི་རྒྱན་ཆ།

མི་རྒས་ཅི་དྲནམ་བཏགས་ནི་དང་། ། ཤིང་རྒས་ཅི་ར་བོག་ནི་ཨིན། །

གནམ་ཁར་འཛེག་གེ་ཟེརན་ཨེ་ཁུ་མེད། ། ས་ནང་འཛུལ་གེ་ཟེརན་དོང་མེད། །

མི་དཀར་པོའི་གདོང་ལྟ་བ་འདི། ། ས་གནག་པའི་གདོང་ལྟ་དཔ་དྲག །[...] རྒྱས་པར་ལྷག།

"དཔེ་གཏམ་དོན་གྱི་རྒྱན་ཆ།"

ང་ མཆིན་ཚད་ནད་གཞིའི་དབྱེ་རིམ་ བི་ ཡང་ན་ སི་ ཐོབ་སྟེ་ཡོད་མི་ཅིག་ཨིན་པ་ཅིན་ མ་འོངས་པའི་དོན་ལུ་ ག་ཅི་ར་ འབད་དགོཔ་ཨིན་ན?

  • ཆང་གི་རིགས་སྤང་དགོ
  • ནད་གཞི་གང་རུང་གི་དོན་ལུ་ སྨན་ག་ཅི་ཟཝ་ཨིན་ན་ ཁྱོད་རའི་ ཌོག་ཊར་ལུ་ སླབ་དགོ
  • མངལ་ལུ་ ཨ་ལོ་ཡོད་མི་ ཨམ་སྲུ་ག་ར་ཨིན་རུང་ མཆིན་ཚད་ བི་ ཡོད་མེད་བརྟག་དཔྱད་འབད་ཨིནམ་ད་ མངལ་ལུ་ཡོད་པའི་ ཨ་ལོ་དེ་ལུ་ཡང་ མཆིན་ཚད་ཐོབ་ཡོད་པའི་ ངོས་འཛིན་འབྱུང་པ་ཅིན་ སྐྱེཝ་ཅིག་སྨན་ཁབ་རྐྱབ་བཏུབ།
  • མཆིན་ཚད་མེད་པའི་ ངོས་འཛིན་འབྱུང་རུང་ མཆིན་ཚད་ བི་ སྔོན་འགོག་གི་ སྨན་འབྱིན་དགོ

གཤམ་གསལ་བྱ་སྤྱོད་ཀྱི་ མཆིན་ཚད་ནད་གཞིའི་ ནད་འབུབ་མི་སྤེལ།

  • ནད་གཞི་ཐོབ་སྟེ་ཡོད་མིའི་ སྦོ་ལོགས་ཁར་སྡོད་ནི།
  • ཀ་ཀྲ་ལ་དང་ ཟ་ཧོད་ མཉམ་གཅིག་སྤྱོད་ནི།
  • མི་མང་ཆུ་རྩལ་རྫིང་ནང་ རྐྱལ་རྐྱབ་ནི།
  • མི་མང་གི་ གསང་སྤྱོད་ལག་ལེན་འཐབ་ནི།
  • ཕངམ་བཏབ་ནི་ ལ་སོགས་པ་ སྒྲིག་ཡངས་རེག་འབྲེལ།

"ང་ མཆིན་ཚད་ནད་གཞིའི་དབྱེ་རིམ་ བི་ ཡང་ན་ སི་ ཐོབ་སྟེ་ཡོད་མི་ཅིག་ཨིན་པ་ཅིན་ མ་འོངས་པའི་དོན་ལུ་ ག་ཅི་ར་ འབད་དགོཔ་ཨིན་ན?"

སྣུམ་འཁོར་གྱི་ཁྲིམས་ལུགས།

ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་བཅའ་ཁྲིམས་༡༩༩༩ ཅན་མའི་ དགོངས་དོན་ལྟར།

ལམ་སྐེདཔ་བཏོག་འགྱོ་སའི་ ས་ཁོངས་ནང་ རྐང་འགྲུལ་པ་ལུ་ ལམ་བྱིན་པར།

  • རྐང་འགྲུལཔ་ ལམ་སྐེདཔ་བཏོག་འགྱོ་སའི་ ལམ་ཁར་ལྷོད་ནི་ འབད་བའི་སྐབས་ལུ་ སྣུམ་འཁོར་ངེས་པར་དུ་ བཀག་ཚུགས་ནིའི་དོན་ལུ་ སྣུམ་འཁོར་གྱི་ཤུགས་ཚད་ ཕབ་ཚུགས་དགོ
  • ལམ་སྐེདཔ་བཏོག་འགྱོ་སའི་ ས་ཁོངས་ཚུ་ནང་ རྐང་འགྲུལཔ་ཚུ་ལུ་ ལམ་བྱིན་གནང་།

ཉེས་ཆད་༡༤ ཡུ་ནིཊ་ཕོགཔ།[...] རྒྱས་པར་ལྷག།

"སྣུམ་འཁོར་གྱི་ཁྲིམས་ལུགས།"

མཆིན་ཚད་ནད་གཞིའི་ སྨན་བཅོས།

ག་ལུ་སྨན་བཅོས་དགོཔ་སྨོ?

མཆིན་ཚད་ནད་གཞི་ཐོབ་སྟེ་ དུས་ཡུན་ཟླ་ངོ་༦ ལྷག་མི་ཚུ་ལུ་ ནད་འབུབ་གསད་ཚུགས་པའི་ སྨན་གཏང་ཐོག་ལས་ སྨན་བཅོས་འབད་དགོཔ་ཨིན།

མཆིན་ཚད་ནད་གཞི་དབྱེ་རིམ་ བི་ དང་ སི་ ཐོབ་སྟེ་ཡོད་པའི་ ངོ་རྐྱང་ཚུའི་ མཆིན་པ་མེདཔ་བཏང་མ་གཏང་དང་ སྨན་བཅོས་འབད་དགོཔ་ཡོད་མེད་ བལྟ་ནིའི་དོན་ལུ་ དྲུང་འཚོ་ཅིག་གིས་ དུས་མཚམས་ལུ་ སྒྲ་འཕྲུལ་ཐོག་ལས་ མཆིན་པའི་གནས་སྟངས་ བརྟག་དཔྱད་འབད་དགོ[...] རྒྱས་པར་ལྷག།

"མཆིན་ཚད་ནད་གཞིའི་ སྨན་བཅོས།"

རྐང་འགྲུལ་པའི་ཁྲིམས་ལུགས།

  སྣུམ་འཁོར་ལམ་ཁར་ལོང་སྡོད་པ།

ཁྱོད་ཀྱིས་ དོན་མེད་ སྣུམ་འཁོར་ལམ་ཁར་ ལོང་སྡོད་དེ་ སྣུམ་འཁོར་འགྲོ་འགྲུལ་ བཀག་ཆ་འབད་མི་ཆོག

ཉེས་ཆད་༡༡ ཡུ་ནིཊ་ཕོགཔ།[...] རྒྱས་པར་ལྷག།

"རྐང་འགྲུལ་པའི་ཁྲིམས་ལུགས།"

༼དྲན་པའི་འཕྲིན་ཡིག༽

ཐག་རིང་རྒྱང་ལུ་ཐལ་བའི། །
མཛེས་ལྡན་སེམས་ཀྱི་ལྷ་མོ། །
མ་ཕྱད་ཡུན་རིངམོ་སོངམ་ལས། །
དྲན་པའི་གདུང་ཚིག་ཤོར་སོང་། །

དྲན་སེམས་གདུང་བའི་མདའ་མོ། །
མནོ་བའི་ཧིང་ཁར་ཕོགཔ་ལས། །
དྲག་ནི་མེད་པའི་རྨ་ལུ། །
སྨན་བཅོས་འབད་ཐབས་མིན་འདུག །

བརྩེ་བའི་སེམས་ཀྱི་ལྷ་བྱ། །
འཕུར་བའི་གཤོག་སྒྲོ་མེདཔ་ལས། །
སྙན་པའི་ཚིག་གི་ཁ་འཐེན། །
ཁྱོད་ལུ་སླབ་པ་མ་ལྷོད། །[...] རྒྱས་པར་ལྷག།

"༼དྲན་པའི་འཕྲིན་ཡིག༽"

དཔེ་གཏམ་དོན་གྱི་རྒྱན་ཆ།

རང་གི་སྒྱིད་པར་ཨ་བ་ཞལཝ་མ་མཐོང་། ། རོགས་ཀྱི་སྒྱིད་པར་ཆུ་ཞལཝ་མཐོང་། །

རྨ་སྦེ་དྲག་ནི་ཅིག་དང་། ། ཤ་སྦེ་རུལ་ནི་ཅིག་མེད། །

བློ་རོགས་ཀྱི་བཙོང་ན་ཕྱེད་ཀ ། རང་གིས་བཙོང་ན་ཧྲིལ་པོ། །[...] རྒྱས་པར་ལྷག།

"དཔེ་གཏམ་དོན་གྱི་རྒྱན་ཆ།"

དཔེ་གཏམ་དོན་གྱི་རྒྱན་ཆ།

དགའཝ་ཟད་སྐྱིདཔ་རྫོགས་རྫོགས་པའི་མི། །

མེད་པར་འབག་ཤོག་དང་། ། ཤི་བར་ལོག་ཤོག །

བྱེམ་སྐམ་མར་ཁུ་བཙིར་ཏེ་འཐོན་ནི་མེད། །[...] རྒྱས་པར་ལྷག།

"དཔེ་གཏམ་དོན་གྱི་རྒྱན་ཆ།"