ཡ་མཚན་ཅན་གྱི་གྲུབ་ཆུའི་འབྱུང་ཁུངས་དང་ དེའི་ཕན་རླབས།

པདྨ་གཡུ་སྒྲོན།

སྤ་རོ་རྡོབ་སྦྱིས་རྫོང་གི་ཉེ་འདབས་ལུ་ཡོད་པའི་ གྲུབ་ཆུ་འདི་ གྲུབ་ཐོབ་རྗེ་བཙུན་མི་ལ་རས་པ་གིས་ བོད་ར་ལུང་ལས་ འབྲུག་ལུ་བྱོན་པའི་སྐབས་ གུང་ཞག་རྡོབ་སྦྱིས་རྫོང་ནང་བཞུགས་ཏེ་ ལོག་བྱོནམ་ད་ ཕྱག་སྟོངམ་མེདཔ་ཅིག་ གསོལ་རས་སྦེ་ གྲུབ་ཆུ་བཏོན་གནང་ནུག

གྲུབ་ཆུ་བཏོན་ཡོད་སའི་ བྱག་གི་ས་ཁོངས་ནང་ ཧེ་མ་འབད་བ་ཅིན་ ག་ར་ཚལ་མ་གི་བསྒང་སྟེ་ མི་ག་གི་ཡང་ གྲུབ་ཆུ་འདུག་ཟེར་ མ་ཤེསཔ་ཨིན་རུང་ ལོ་དག་པ་ཅིག་གི་ཧེ་མ་ མི་ཅིག་གི་གྲུབ་ཆུ་ཨིན་པས་ཟེར་ ཤེས་པའི་ཤུལ་ལས་ གྲུབ་ཆུ་གིས་ ནད་གཞི་ཚུ་ལུ་ ཕན་ཐོགས་ཡོདཔ་ཧ་གོ་སྟེ་ ས་གནས་དེ་ཁར་སྡོད་མི་ཚུ་ལུ་ དར་ཁྱབ་སོང་ནུག[...] རྒྱས་པར་ལྷག།

"ཡ་མཚན་ཅན་གྱི་གྲུབ་ཆུའི་འབྱུང་ཁུངས་དང་ དེའི་ཕན་རླབས།"

ཨཝ་ལེ་ཟེར་ བརྩི་སྲུང་ཞུ་སྲོལ་ཡོད་མི་དེ་ ཉམས་འགྱོ་བའི་ཚ་གྱང་།

པདྨ་གཡུ་སྒྲོན།

ལ་ཡ་གཡུས་ཚན་ནང་ ལོ་བསྟར་བཞིན་དུ་ སྤྱི་ཟླ་༡༠ པའི་སྤྱི་ཚེས་༡༧ གི་ཕྱི་རུ་ ཨཝ་ལེ་ཟེར་ གཞན་དང་མ་འདྲ་བའི་ ལམ་སྲོལ་བརྩི་སྲུང་ཞུ་སྲོལ་ཡོདཔ་ཨིན་པས།

དེ་ཡང་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ བོད་ལས་མར་བྱོནམ་ད་ ཕྱི་རུ་དགུང་ཞག་ ལ་ཡ་གཡུས་ཚན་གྱི་མཐའ་མར་ཡོད་པའི་ བཀྲིས་ལྷ་ཁང་ནང་ བཞུགས་པའི་སྐབས་ལུ་ ཨཝ་ལེའི་སྲུང་རབ་འདི་ ལ་ཡའི་མི་ཚུ་ལུ་ གསུངས་གནངམ་བཞིན་དུ་ ཨཝ་ལེ་བརྩི་སྲུང་ཞུ་དགོཔ་སྦེ་ བཀའ་གནང་སྟེ་ འདི་ལས་ཚུར་ ལོ་བསྟར་བཞིན་དུ་ བརྩི་སྲུང་ཞུ་སྲོལ་བྱུང་ནུག[...] རྒྱས་པར་ལྷག།

"ཨཝ་ལེ་ཟེར་ བརྩི་སྲུང་ཞུ་སྲོལ་ཡོད་མི་དེ་ ཉམས་འགྱོ་བའི་ཚ་གྱང་།"

རང་ལུགས་ཀྱི་ཐབ་ ལག་ལེན་འཐབ་ནིའི་སྲོལ་ ཉམས་འགྱོ་བའི་ཚ་གྱང་།

པདྨ་གཡུ་སྒྲོན།

རྫོང་ཁག་༢༠ གི་གྲོང་གསེབ་གཡུས་ཚན་ནང་ དུས་དང་ཕུ་འབད་བ་ཅིན་ ཐབ་ཚང་ཕྱི་ཁར་མེན་པར་ མ་ཁྱིམ་གྱི་སྒོ་ལས་འཛུལཝ་ཅིག་ མཐོང་ཚུལ་ཡོདཔ་ཨིན་རུང་ བར་སྐབས་ཅིག་ལས་ རྒྱལ་ཁབ་ཡར་རྒྱས་ཀྱི་འགྱུར་བ་དང་བསྟུན་ གཡུས་ཚན་མང་ཤོས་ཅིག་ནང་ ཐབ་ཚང་འདི་ མ་ཁྱིམ་ཕྱི་ཁར་ སོ་སོ་སྦེ་བཟོ་ཞིན་ན་ ལག་ལེན་འཐབ་སྲོལ་ཡོངས་གྲགས་སོང་ནུག
ཨིན་རུང་ འགོ་ཐོག་ ཐབ་གསརཔ་བཟོ་བའི་སྐབས་ སྤུས་ཚད་ལེགས་ཤོམ་སྦེ་ བཟོ་བཟོཝ་ཨིན་པ་ཅིན་ ཐབ་ཀྱི་ཐུབ་ཚད་ མི་ལོ་༣༠ ལྷགཔ་སྦེ་ཐུབཔ་ལས་ གལ་སྲིད་ ས་མ་གསིག་པར་ སྤུས་ཚད་ལྡནམ་སྦེ་ མ་བཟོ་འདྲཝ་ཅིག་འབད་བ་ཅིན་ དུས་ཨ་རྟག་ར་ མེ་འཕུ་བའི་བསྒང་ལས་ དྲོད་ཀྱིས་སྦེ་ ཐབ་གག་འགྱོ་དོ་ཡོདཔ་མས།
ཐབ་བཟོ་ཐངས་དེ་ རང་སོའི་གཡུས་སྒོ་ནང་ཡོད་པའི་ ས་དམརཔོ་དང་ དཀརཔོ་བསྡུ་ལེན་འབད་དེ་ གསིག་ཞིན་ན་ གྲ་སྒྲིག་འབད་བཞག་སྟེ་ ཐབ་བརྡུང་ནི་གི་དོན་ལུ་ གཟའ་སྐར་བལྟ་དགོཔ་ཨིན་པས།

གཡུས་སྒོ་ལ་ལུ་ཅིག་ནང་ ཐབ་མགུ་གཉིས་འབད་མི་ ཡང་ན་ མགུ་གསུམ་སྦེ་བཟོ་མི་དེ་ རང་སོའི་ དང་འདོད་དང་བསྟུན་ ལས་མི་འཚོལ་ཏེ་ བརྡུང་བཅུག་དོ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"རང་ལུགས་ཀྱི་ཐབ་ ལག་ལེན་འཐབ་ནིའི་སྲོལ་ ཉམས་འགྱོ་བའི་ཚ་གྱང་།"

འབྲུག་གི་སྒོང་རྡོག་ཟེར་ སླབ་སྲོལ་ཡོད་མི་དེ་ ནོར་བུ་དང་གཏེར་གྱི་བྱེ་བྲག་ཅིག་ཨིནམ།

པདྨ་གཡུ་སྒྲོན།

ཐིམ་ཕུག་སྨད་ཝང་རྒེད་འོག་ རྣམ་སྲས་གླིང་སྤྱི་འོག་ ཝང་སྲིན་མོའི་གཡུས་ཚན་འདི་ནང་ སྲིནམོ་དང་རྡོ་ལུ་ཡོད་མི་ མཁའ་འགྲོ་བསོད་ནམས་དཔལ་སྒྲོན་གྱི་གཟིམ་ཅུང་ནང་ མཇལ་ཚུགས་མི་རྡོ་འདི་ ད་ལྟོའི་བར་ན་ཡང་ ཡོངས་གྲགས་ལུ་ འབྲུག་གི་སྒོང་རྡོག་ཟེར་ སླབ་སྲོལ་ཡོདཔ་ཨིན་མས།

རྡོ་གི་འབྱུང་ཁུངས་དེ་ཡང་ སྤྱི་ལོ་༢༠༠༩ རང་ཟླ་༣ པའི་ཚེས་༡༥ གི་དྲོ་པ་ཁམས་ཅིག་ཁར་ ཨཔ་མགོནམ་རྡོ་རྗེ་གི་ གཉིད་ལམ་ནང་ བུམོ་སྐྱེས་ལོ་༡༥ ལང་མི་ཅིག་གིས་ གཟིམ་ཅུང་གི་རྡོ་གཅལ་ནང་ལས་ ཁྱོད་ཀྱི་ རམ་ཏོག་ཏོ་གི་གདོང་ཕྱོགས་ གཉའ་རི་ཐང་ཟེར་ས་ རྡོ་དཀརཔོ་གཅིག་གུ་ ཁྲ་དམརཔོ་རྐྱབ་སྟེ་ཡོད་མི་རྡོ་འདི་ འཐུ་འབག་འོང་ཞིན་ན་ གཟིམ་ཅུང་ནང་བསྐྱལ་ད་ཟེར་ ཁོ་གི་གཉིད་ལམ་ནང་ བུམོ་གི་ལུང་བསྟན་གྱི་སྐུལ་མ་དང་ བཀའ་བཟུམ་ཅིག་སྦེ་ གསུངས་གནང་ནུག་ཟེར་ཨིན་པས།[...] རྒྱས་པར་ལྷག།

"འབྲུག་གི་སྒོང་རྡོག་ཟེར་ སླབ་སྲོལ་ཡོད་མི་དེ་ ནོར་བུ་དང་གཏེར་གྱི་བྱེ་བྲག་ཅིག་ཨིནམ།"

འབྲུག་གི་གློག་བརྙན་དུས་སྟོན་བརྩི་སྲུང་།

ཆོས་ཉིད་བཟང་མོ།

རྒྱ་གར་རྒྱལ་ཁབ་ཀྱི་མངའ་སྡེ་ སི་ཀིམ་ སྒང་ཏོ་ལུ་ རྒྱ་འབྲུག་གཉིས་ཀྱི་མཐུན་འབྲེལ་ ལོ་ངོ་༥༠ ལང་ཡོད་པའི་ དུས་སྟོན་བརྩི་སྲུང་གི་དོན་ལུ་ ཉིན་གྲངས་༢ ཀྱི་རིང་ལུ་ འབྲུག་གློག་བརྙན་དུས་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ལས་རིམ་དེ་ཁར་ འབྲུག་རྒྱལ་ཁབ་ཀྱི་ངོ་ཚབ་ལུ་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་ འགན་འཛིན་པ་དང་ འབྲུག་གློག་བརྙན་ཚོགས་པའི་ འཐུས་མི་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་བཞིན་དུ་ འབྲུག་གི་གློག་བརྙན་ཡོངས་གྲགས་ཡོད་མི་༦ སྟོན་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"འབྲུག་གི་གློག་བརྙན་དུས་སྟོན་བརྩི་སྲུང་།"

ཤེས་ཚད་དང་བསྟུན་པའི་ ལས་གཡོག་གི་གོ་སྐབས་དང་ཐོབ་ལམ་ རྒྱ་ཆེ་དྲགས་མེད་ནི་དེ་གིས་ རྫོང་ཁའི་ཆོས་ཚན་ལུ་ སྤྲོ་བ་མི་བསྐྱེད་དོ་ཡོདཔ།

བསོད་ནམས་ལྷུན་གྲུབ།

སྤྱིར་བཏང་ རྫོང་ཁའི་སྐད་ཡིག་ལུ་ སྤྲོ་བ་བསྐྱེད་མི་ ཉུང་སུ་ཅིག་ལས་མེད་པའི་ གནད་དོན་དང་ སློབ་ཕྲུག་ཚུ་ལུ་ རྫོང་ཁའི་ཤེས་ཚད་ ལེགས་ཤོམ་མ་ཐོབ་པའི་ གདོང་ལེན་དེ་གིས་ རྫོང་ཁ་ལག་ལེན་འཐབ་ནི་ལུ་ དཀའ་ངལ་འབྱུང་བཞིན་དུ་ཡོད་མི་དེ་ལུ་ ཐབས་རིག་གི་ཐོག་ལས་ གོང་འཕེལ་དང་ ཡར་དྲག་གཏང་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་པས།

དེ་ཡང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་གནང་བ་དང་འཁྲིལ་ཏེ་ འབྲུག་གནས་ཚུལ་བརྡ་བརྒྱུད་ལས་ཁང་གིས་ ཐིམ་ཕུག་ནང་འཁོད་ཀྱི་ སློབ་གྲྭ་ཁག་ཚུ་ནང་ལས་ བརྡ་དོན་བསྡུ་སྒྲིག་འབད་ཡོདཔ་ད་ སློབ་ཕྲུག་ཚུ་ལུ་ རྫོང་ཁའི་ཤེས་ཡོན་རྒྱ་སྐྱེད་གཏང་ཐབས་ལུ་ རིག་རྩལ་ལས་རིམ་མ་འདྲཝ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡི།[...] རྒྱས་པར་ལྷག།

"ཤེས་ཚད་དང་བསྟུན་པའི་ ལས་གཡོག་གི་གོ་སྐབས་དང་ཐོབ་ལམ་ རྒྱ་ཆེ་དྲགས་མེད་ནི་དེ་གིས་ རྫོང་ཁའི་ཆོས་ཚན་ལུ་ སྤྲོ་བ་མི་བསྐྱེད་དོ་ཡོདཔ།"

རྟ་མགོ་ཆོས་དབྱིངས་རྫོང་དང་ རྟ་མགོའི་གནས་ཆེན་ཆགས་ཚུལ།

འཇིགས་མེད་བསྟན་འཛིན།

ཐིམ་ཕུག་ཀ་ཝང་རྒེད་འོག་གི་ ས་ཁོངས་ནང་ཡོད་པའི་ རྟ་མགོ་ཆོས་དབྱིངས་རྫོང་འདི་ ལྕགས་རི་རྡོ་རྗེ་གདན་དང་ འགྲོ་ལུང་དགོན་པ་གཉིས་ཀྱི་སྦུག་ལུ་ ཝང་ཆུའི་གཡས་ཕྱོགས་ལུ་ རྒྱལ་ས་ལྟེ་བ་ལས་ ཀི་ལོ་མི་ཊར་༡༧ དང་ མདོ་སྡེ་ན་ལས་ རྐང་ཐང་ཆུ་ཚོད་༡ གི་ས་ཁར་ སྒང་ཏོ་ཅིག་གུ་ ཆགས་ཏེ་ཡོདཔ་ཨིན་པས།

རྟ་མགོ་ཟེར་ མིང་དར་ཚུལ་དེ་ཡང་ གནས་བདག་རྟའི་མགུ་ཏོ་བཟུམ་ཡོད་མི་ རྟ་མགྲིན་ལས་ རྟ་དྲངས་ཏེ་སླབ་སྲོལ་ཡོདཔ་ད་ དེ་ཡང་ གནམ་ལོ་༡༢༢༢ ལུ་ ཕ་ཇོ་འབྲུག་སྒོམ་ཞིག་པོ་ མདོ་སྡེ་ན་ལུ་ ཆོས་གནང་བཞུགས་པའི་སྐབས་ རྟ་མགོ་ཁ་ཐུག་ལས་ རྟ་གི་སྐད་ཅིག་གོ་སྟེ་ ས་གནས་དེ་ཁར་ལྷོདཔ་ད་ ས་གནས་ཀྱི་གནས་བདག་ རྟ་མགྲིན་གྱིས་ ཕ་ཇོ་འབྲུག་སྒོམ་ཞིག་པོ་ལུ་ གནས་དེ་ཁར་ སྒྲུབ་ཁང་གཅིག་བཞེངས་ཞིནམ་ལས་ མཁའ་འགྲོ་བསོད་ནམས་དཔལ་སྒྲོན་ གསང་ཡུམ་སྦེ་བཞེས་ཏེ་ འབྲུག་པ་བཀའ་བརྒྱུད་ཀྱི་ ཆོས་ལུགས་དར་ཁྱབ་མཛད་ནིའི་ ལུང་བརྟན་གནང་ནུག[...] རྒྱས་པར་ལྷག།

"རྟ་མགོ་ཆོས་དབྱིངས་རྫོང་དང་ རྟ་མགོའི་གནས་ཆེན་ཆགས་ཚུལ།"

དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ ཁྱད་དུ་འཕགས་པའི་ རྫོང་ཁ་གོང་འཕེལ་ཚོགས་པ།

རྫོང་ཁ་གོང་འཕེལ་ཚོགས་པ་བཟོ་མི་དེ་གིས་ སློབ་ཕྲུག་ཆ་ཁྱབ་ཀྱི་ རྫོང་ཁའི་རིག་རྩལ་དང་ཤེས་ཡོན་ ཡར་རྒྱས་གཏང་ཚུགས་པའི་ ཁེ་ཕན་འབྱུང་དོ་ཡོདཔ་ཨིན་པས།

བསོད་ནམས་ལྷུན་གྲུབ།

རྒྱལ་ཡོངས་ཀྱི་སྐད་ཡིག་རྫོང་ཁ་འདི་ མ་འོངས་པའི་ ངོ་བསྒང་ལུ་ཡང་ ཡལ་ནི་མེད་པའི་ཡུན་བརྟན་དང་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ རྫོང་ཁའི་ཤེས་ཚད་ ཡར་རྒྱས་གཏང་ཐབས་ལུ་ སློབ་གྲྭ་ཁག་ཚུ་ནང་ ཐབས་རིག་མ་འདྲཝ་ཐོག་ལས་ རིག་རྩལ་ལས་རིམ་ཚུ་ འགོ་འདྲེན་འཐབ་དོ་ ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ ཁྱད་དུ་འཕགས་པའི་ རྫོང་ཁ་གོང་འཕེལ་ཚོགས་པ།"

འཁོར་ལམ་བདའ་སྟེ་ ཉེན་སྲུང་གི་དོན་ལུ་ མི་མང་ལུ་ སྤྲོ་བའི་ལས་རིམ་ཐོག་ལས་ གོ་བ་བརྡ་སྤྲོད་འབད་ཡོདཔ།

ཆོས་ཉིད་བཟང་མོ།

སྤྱི་ཟླ་འདི་གི་ སྤྱི་ཚེས་༡༩ རེས་གཟའ་ཉི་མ་ ཕྱི་རུ་ཆུ་ཚོད་༦ ལུ་ ཐིམ་ཕུག་ ཆུ་ཚོད་འཁོར་ལོའི་ ཀ་ཆེན་གྱི་རྩ་བར་ འཁོར་ལམ་བདའ་སྟེ་ སྣུམ་འཁོར་ཐུག་རྐྱེན་དང་འབྲེལ་བའི་ ཉེས་ལས་སྔོན་འགོག་གི་ཐབས་ལམ་ གལ་གནད་ཅན་གྱི་གནད་དོན་ཚུ་གི་ཐོག་ལུ་ མི་མང་ལུ་ སྤྲོ་བའི་ལས་རིམ་ཐོག་ལས་ ལམ་སྟོན་གྱི་ གོ་བ་བརྡ་སྤྲོད་འགོ་འདྲེན་འཐབ་ཡོདཔ་ཨིན་པས།

དེ་ཡང་ ཐིམ་ཕུག་ཁྲིམས་སྲུང་འགག་པ་དང་ ཟུག་ནཱ་གླིང་བཟོ་སྐྲུན་གཉིས་ མཉམ་རུབ་ཀྱི་ཐོག་ལས་ སྣུམ་འཁོར་ཐུག་རྐྱེན་གྱི་གྱངས་ཁ་ མར་ཕབ་འབད་ཐབས་ལུ་ དམིགས་གཏད་བསྐྱེད་དེ་ཨིན་པས།[...] རྒྱས་པར་ལྷག།

"འཁོར་ལམ་བདའ་སྟེ་ ཉེན་སྲུང་གི་དོན་ལུ་ མི་མང་ལུ་ སྤྲོ་བའི་ལས་རིམ་ཐོག་ལས་ གོ་བ་བརྡ་སྤྲོད་འབད་ཡོདཔ།"

རྫོང་ཁ་གོང་འཕེལ་སྦྱོང་བརྡར་སྤེལ་ཁང་གིས་ རྒན་གཞོན་ཕོ་མོ་ལུ་ རིག་གཞུང་འཕྲོ་མཐུད་དང་ རྫོང་ཁའི་ ཁ་གསོའི་ཤེས་ཡོན་སྦྱོང་བརྡར།

བསོད་ནམས་ལྷུན་གྲུབ།

རྒྱལ་ཡོངས་ཀྱི་སྐད་ཡིག་ རྫོང་ཁ་ལག་ལེན་གྱི་ཁྱད་ཡོན་ ཡར་དྲག་གཏང་ནི་ལུ་ མི་སྡེའི་ནང་ རྫོང་ཁའི་འབྲི་ལྷག་གི་ སློབ་སྦྱོང་བྱིན་ནི་དེ་ གལ་གནད་ཅན་ཅིག་ཨིནམ་ད་ རྒྱལ་ས་ལུ་ རྫོང་ཁ་གོང་འཕེལ་སློབ་སྦྱོང་སྤེལ་ཁང་གིས་ ལོ་བསྟར་བཞིན་དུ་ རིག་གཞུང་འཕྲོ་མཐུད་ཤེས་ཡོན་དང་  རྫོང་ཁའི་ལྕོགས་གྲུབ་གོང་འཕེལ་གྱི་སློབ་སྦྱོང་ཚུ་ཡང་ བྱིན་དོ་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ལོ་༢༠༠༨ ལུ་ སློབ་རིམ་༩ པ་ལས་༡༢ ཚུན་གྱི་ རིག་གཞུང་འཕྲོ་མཐུད་ཀྱི་ ཤེས་ཡོན་ལས་རིམ་ཅིག་ འགོ་བཙུགས་ཡོད་པའི་གུ་ རྫོང་ཁའི་གློག་རིག་ལག་ལེན་གྱི་སྦྱོང་བརྡར་དང་ སྐད་སྒྱུར་གྱི་སྦྱོང་ཚན་ ཡིག་ཚང་འཛིན་སྐྱོང་ དྲུང་གཡོག་ཁ་གསོའི་སློབ་སྦྱོང་ དེ་ལས་ ལྕོགས་གྲུབ་ཡར་སྐྱེད་ཀྱི་སྦྱོང་བརྡར་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"རྫོང་ཁ་གོང་འཕེལ་སྦྱོང་བརྡར་སྤེལ་ཁང་གིས་ རྒན་གཞོན་ཕོ་མོ་ལུ་ རིག་གཞུང་འཕྲོ་མཐུད་དང་ རྫོང་ཁའི་ ཁ་གསོའི་ཤེས་ཡོན་སྦྱོང་བརྡར།"