བི་ཤྭ་ཀརྨ་པུ་ཇའི་ དུས་སྟོན་རྩིས་སྲུང་།

འཇིགས་མེད་བསྟན་འཛིན།

ལོ་བསྟར་བཞིན་དུ་ བི་ཤྭ་ཀརྨ་པུ་ཇའི་དུས་སྟོན་འདི་ སྤྱི་ཟླ་འདི་གི་ སྤྱི་ཚེས་༡༧ ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ སྣུམ་འཁོར་བཅོས་ཁང་དང་ བཟོ་སྐྲུན་གྱི་ས་ཁོངས་ དེ་ལས་ ཅ་ཆས་དང་འབྲེལ་བའི་ ལཱ་འབད་སའི་ས་གོ་ཚུ་ནང་ བརྩི་སྲུང་འབད་དོ་ཡོདཔ་ཨིན་པས།

འདི་བཟུམ་མའི་ ལོ་བསྟར་གྱི་དུས་སྟོན་ཅིག་སྦེ་ བརྩི་སྲུང་ཞུ་དགོ་མི་འདི་ཡང་ ཉིནམ་འདི་ཁར་ སྣུམ་འཁོར་བཅོས་ཁང་དང་ བཟོ་སྐྲུན་གྱི་ལས་གཡོགཔ་ཚུ་གིས་ སྣུམ་འཁོར་དང་ ཅ་ཆས་ཀྱི་རིགས་ཚུ་ ཧིང་སང་ས་བཟོ་སྟེ་ བླམ་ཞུ་ འཕྲུལ་ཆས་ཚུ་ ཁྲུས་གསོལ་རྐྱབ་སྟེ་ ཐུགས་སྨོན་ཚུ་གནང་སྟེ་ ལཱ་དང་བྱ་བ་ཚུ་ ག་ཅི་ར་ཨིན་རུང་ བར་རྐྱེན་མི་འབྱུང་ནི་གི་དོན་ལུ་ གཙོ་བོ་བཏོན་དོ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"བི་ཤྭ་ཀརྨ་པུ་ཇའི་ དུས་སྟོན་རྩིས་སྲུང་།"

ནང་པ་ཆོས་ལྡན་གྱི་ རྒྱལ་ཁབ་ནང་ལུ་ རྒས་གཞོན་མེད་པར་ ག་ར་གི་ཆོས་ལུ་འབད་བརྩོན།

འཇིགས་མེད་བསྟན་འཛིན།

ཐིམ་ཕུག་ སྔ་འགྱུར་སྒོམ་སྡེ་ཟངས་མདོག་དཔལ་རི་ནང་ལུ་ མི་ རྒན་གཞོན་མེད་པར་ དུས་རྒྱུན་གྱི་ དཀར་པོ་དགེ་བའི་ལཱ་ལུ་ བརྩོན་མི་ལེ་ཤ་ཡོད་པའི་གྲས་ལས་ ཆུ་ཁ་རྗོང་ཁག་ སྦོང་སྒོ་རྒེད་འོག་ལས་ སྐྱེས་ལོ་༧༨ ལང་མི་ ཨཔ་མིག་དམར་ཚེ་རིང་ཨིན་པས།

ཁོ་གིས་དྲོ་པ་ཆུ་ཚོད་༤.༣༠ དེ་ཅིག་ལས་ལོང་སྟེ་ མ་ཎི་དང་བཛྲ་གུ་རུ་ལས་ འགོ་བཙུགས་ཏེ་ ཁ་མཐུན་དགེ་སྦྱོར་ཚུ་ གཏང་ཚར་བའི་ཤུལ་ལུ་ ཆུ་ཚོད་༩ དེ་ཅིག་ལས་ ཉིན་མའི་ཆུ་ཚོད་༡ ཚུན་ ཟངས་མདོག་དཔལ་རི་ལྷ་ཁང་དང་ མ་ཎི་དུང་འཁོར་ཚུ་ བསྐོར་ར་རྐྱབ་ཏེ་ བཛྲ་གུ་རུ་ཚུ་བསགས་དོ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"ནང་པ་ཆོས་ལྡན་གྱི་ རྒྱལ་ཁབ་ནང་ལུ་ རྒས་གཞོན་མེད་པར་ ག་ར་གི་ཆོས་ལུ་འབད་བརྩོན།"

བཤད་གྲྭ་ཁག་ཚུ་ནང་ལས་ཕར་ དབྱར་གནས་འཚོགས་པའི་སྒང་།

པ་སངས་སྒྲོལ་མ།

ད་རེས་ནངས་པ་ བཤད་གྲྭ་ཁག་ཚུ་ནང་ལས་ཕར་ ཉིན་གྲངས་༤༥ གི་རིང་ལུ་ དབྱར་གནས་འཚོགས་པའི་བསྒང་ཡོདཔ་མ་ཚད་ དབྱར་གནས་འདི་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྲོལ་ཡོདཔ་ཨིན་པས།

དགེ་སློ་འདི་ཚུ་གིས་ དུས་ཚོད་དེ་ཅིག་ཁར་ དབྱར་གནས་ཟེར་བསྲུང་དགོ་མི་འདི་ཡང་ ཕྱི་ལྟར་དུ་ཕྱི་རོལ་མུ་སྟེགས་པ་ཚུ་གིས་ ནམ་བྱཱར་འབུབ་ལྡང་པའི་དུས་ལུ་ཡང་ སངས་རྒྱས་པའི་དགེ་སློང་ཚུ་ཙང་ཙ་སྡོད་ནི་མིན་འདུག་ཟེར་ ཁ་གཏང་མི་ལས་ལྡོག་ཐབས་དང་ ནང་ལྟར་དུ་གནས་ཁང་ཟེར་གཙུག་ལག་ཁང་དང་ བཤད་གྲྭ་ཁག་ཚུ་ཧྲམ་ནི་དང་ ཞིག་འགྱོ་ནི་ལས་བཀག་ཐབས་ལུ་དང་ གསང་བ་ལྟར་དུ་ཀློག་པ་ཐོས་བསམ་དང་ སྤོངས་བ་བསམ་གཏན་གྱི་ལཱ་ལུ་ བརྩོན་ནི་དོན་ལུ་ཨིན་པས།[...] རྒྱས་པར་ལྷག།

"བཤད་གྲྭ་ཁག་ཚུ་ནང་ལས་ཕར་ དབྱར་གནས་འཚོགས་པའི་སྒང་།"

ཐིམ་ཕུག་ཟངས་མདོག་དཔལ་རི་གི་ ལྷ་ཁང་ནང་ལུ་སྦེ་ བདེ་ཆེན་ཞིང་སྒྲུབ་འབུམ་བསགས་ཡོདཔ།

འཇིགས་མེད་བསྟན་འཛིན།

ཐིམ་ཕུག་ ཟངས་མདོག་དཔལ་རི་ལྷ་ཁང་ནང་ལུ་སྦེ་ སྔ་འགྱུར་སྒོམ་སྡེ་ཚོགས་པ་གིས་ འགོ་འདྲེན་ཐོག་ལུ་  སྤྱི་ཟླ་བདུན་པའི་ སྤྱི་ཚེས་༢༩ ལས་འགོ་བཙུགས་ཏེ་ སྤྱི་ཟླ་བརྒྱད་པའི་ཚེས་༡ ཚུན་ པད་སྲིད་གླིང་སྤྲུལ་སྐུ་དབུ་བཞུགས་ཐོག་ལས་ དགེ་འདུན་ཞལ་གྲངས་༣༠ དེ་ཅིག་གིས་ ལོ་བསྟར་གྱི་ བདེ་ཆེན་ཞིང་སྒྲུབ་འབུམ་བསགས་གནང་སྟེ་ སྤྱི་ཚེས་༢ ལུ་ གུ་རུ་མཚན་བརྒྱད་ཀྱི་ དབང་གནང་སྟེ་ གྲོལ་གནང་ཡོདཔ་ཨིན་པས།

བདེ་ཆེན་ཞིང་སྒྲུབ་འབུམ་བསགས་གནང་དགོ་མི་དེ་ཡང་ རྒྱལ་བློན་འབངས་གསུམ་གྱིས༌ དབུ་བཙེས་པའི་ འགྲོ་བ་སེམས་ཅན་ཐམས་ཅད་ སྡུག་བསྔལ་ལས་གྲོལ་ཐབས་དང་ རྒྱལ་ཁབ་ནང་ལུ་  ནད་མུག་འཁྲུག་རྩོད་བྱུང་མ་བཅུག་པར་ དགའ་སྐྱིད་དང་ཞི་བདེ་ཀྱི༌ངང༌ལུ༌ ཡུན་བརྟན་གནས་ཐབས་དང་ གཞན་ཡང་ མི་རེ་རེ་བཞིན་དུ་ཀྱི་ བརྩམ་པའི་བྱ་བ་ཚུ་ རྐྱེན་དང་བར་ཆད་འབྱུང་མ་བཅུག་པར་ བསམ་དོན་ཚུ་ གྲུབ་ཚུགས་ནི་གི་དོན་ལུ་ ཨིན་པས།[...] རྒྱས་པར་ལྷག།

"ཐིམ་ཕུག་ཟངས་མདོག་དཔལ་རི་གི་ ལྷ་ཁང་ནང་ལུ་སྦེ་ བདེ་ཆེན་ཞིང་སྒྲུབ་འབུམ་བསགས་ཡོདཔ།"

སེམས་ཀྱི་རྣམ་རྟོག་བསྐྱེད་ནི་གི་ སྲོལ་ཚུ་ཉམས་འགྱོ་དོ་ཡོདཔ།

འཇིགས་མེད་བསྟན་འཛིན།

ཆུ་ཁ་རྗོང་ཁག་ སྦོང་སྒོར་རྒེ་འོག་ལས་ སྐྱེ་ལོ་༧༥ ལང་མི་ ཨཔ་མིག་དམར་འདི་ སེམས་ཀྱི་རྣམ་རྟོག་ལུ་ བདེན་འཛིན་དང་ཡིད་ཆེས་བསྐྱེད་ཅིག་ཨིནམ་ལས་ ཁོ་གིས་ལཱ་ག་ཅི་རང་འབད་རུང་  སེམས་དྲན་བཏོན་ཏེ་རང་ འབད་དོ་ཡོདཔ་ཨིན་པས།

སེམས་ཀྱི་རྣམ་རྟོག་བསྐྱེད་ནི་འདི་ དང་ཕུ་ ཕ་མའི་སྐབས་ལས་རང་ དར་འོང་བའི ལམ་སྲོལ་ཅིག་ཨིན་རུང་ ད་རེས་ནང་པ་ རྒྱལ་ཁབ་ཡར་རྒྱས་ཀྱི་ དུས་དང་འཁྲིལཝ་དང་ ན་གཞོན་ཚུ་གི་ སེམས་ཀྱི་རྣམ་རྟོག་ལུ་ བདེན་འཛིན་མི་བསྐྱེད་བས་ཟེར་ཨིན་པས།[...] རྒྱས་པར་ལྷག།

"སེམས་ཀྱི་རྣམ་རྟོག་བསྐྱེད་ནི་གི་ སྲོལ་ཚུ་ཉམས་འགྱོ་དོ་ཡོདཔ།"

དུས་ཆེན་ལྔ་འཛོམས་ཀྱི་ གསུང་རབ་དང་ལོ་རྒྱུས།

པ་སངས་སྒྲོལ་མ།

དུས་ཆེན་ལྔ་འཛོམས་ཟེར་མི་དེ་ དང་པ་ར་ལྷུམས་སུ་ཞུགས་པའི་དུས་ཆེན་ གཉིས་པ་སྐུ་བལྟམས་པའི་དུས་ཆེན་ གསུམ་པ་བདུད་བཏུལ་བའི་དུས་ཆེན་ བཞི་པ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཆེན་ དང་ལྔ་པ་སྐུ་མྱ་ངན་ལས་འདས་པའི་དུས་ཆེན་ཟེར་དུས་ཆེན་ལྔ་འཛོམས་པའི་ ཁྱད་པར་འཕགས་ཅིག་སྦེ་ བརྩི་སྲོལ་ཡོདཔ་ཨིན་པས།

དང་པ་ལྷུམས་སུ་ཞུགས་པའི་དུས་ཆེན་ཟེར་མི་དེ་ཡང་ བདག་ཅག་གི་སྟོན་པ་ སྐུ་ཚེ་འདི་གི་སྔོན་མ་དགའ་ལྡན་ལྷ་ཡུལ་ལུ་ལྷའི་བུ་དམ་པ་ཏོག་དཀར་པོ་ལུ་སྤུལ་ཏེ་ ལྷ་ཚུ་ལུ་ཆོས་ཀྱི་འཁོར་ལོ་བསྐོར་གནང་ནུག་ དེ་གི་སྐབས་ལུ་ སངས་རྒྱས་མར་མེ་མཛད་ཀྱིས་ལུང་བསྟན་པ་རྗེས་སུ་དྲན་ཏེ་ གླིང་བཞིའི་མི་ཚུ་ཆོས་ཀྱིས་གདུལ་བར་དགོངས་ཏེ་ འཕགས་པ་འཇམ་པ་མགོན་པོ་རང་གི་རྒྱལ་ཚབ་སྦེ་ འཛམ་བུ་གླིང་ནང་ ཤཱཀྱའི་རིགས་ཀྱི་ཡབ་རྒྱལ་པོ་མཛེས་གཙང་དང་ ཡུམ་སྒྱུ་མ་ལྷ་མཛེས་གཉིས་ཀྱི་སྲས་ལུ་སྐྱེ་བ་བཞེས་ཏེ་ འཁྲུངས་ནི་གི་ཐུགས་བཞེད་གནང་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"དུས་ཆེན་ལྔ་འཛོམས་ཀྱི་ གསུང་རབ་དང་ལོ་རྒྱུས།"