འཛམ་གླིང་རྐང་རྩེད་འགྲན་བསྡུར་ འགོ་བཙུགས་ཡོདཔ།

ཆོས་ཉིད་བཟང་མོ།

འཛམ་གླིང་རྐང་རྩེད་འགྲན་བསྡུར་འདི་ ལོ་ངོ་༤ གི་བར་ན་ཚར་རེ་ རྩེད་འགྲན་འབད་དོ་ཡོདཔ་ད་ དེ་ཡང་ འཛམ་གླིང་རྐང་རྩེད་སྡེ་ཕྲན་གྱིས་རྩེད་འགྲན་འདི་ རྒྱལ་སྤྱི་རྐང་རྩེད་མཐུན་ཚོགས་ཀྱིས་ སྤྱི་ལོ་༡༩༣༠ སྤྱི་ཟླ་༧ པའི་སྤྱི་ཚེས་༡༣ ལས་འགོ་བཙུགས་ཡོདཔ་ཨིན་པས།

འདས་པའི་ སྤྱི་ལོ་༢༠༡༤ གི་ལོའི་ནང་ འཛམ་གླིང་རྐང་རྩེད་འགྲན་བསྡུར་ནང་ ཇཱར་མ་ནི་རྒྱལ་ཁབ་ཀྱི་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"འཛམ་གླིང་རྐང་རྩེད་འགྲན་བསྡུར་ འགོ་བཙུགས་ཡོདཔ།"

འབྲུག་བང་རྒྱུག་ལས་རིམ་ཐེངས་༥ པའི་ནང་ ན་ཧིང་ཨང་དང་པ་ཐོན་མི་གིས་ ལོག་སྟེ་ར་ཐོབ་ཡོདཔ།

འཇིགས་མེད་བསྟན་འཛིན།

ཕོ་སྐྱེས་ཀྱི་དབྱེ་ཁ་ལས་ ངོ་རྟགས་ཨང་༡༥༥ འབད་མི་ སྐྱེས་ལོ་༣༥ ལང་མི་ སངས་རྒྱས་དབང་ཕྱུག་དང་ ཨམ་སྲུའི་སྡེ་ཚན་ལས་ ངོ་རྟགས་ཨང་༦༧ ཨིན་མི་ སྐྱེས་ལོ་༢༢ ལང་མི་ འཆི་མེད་སྒྲོལ་མ་གིས་ བང་རྒྱུག་ནང་ལས་ ཨང་དང་པ་ཐོན་ཡོདཔ་ཨིན་པས།

སྤྱི་ཟླ་འདི་གི་ སྤྱི་ཚེས་༢༧ རེས་གཟའ་ཟླཝ་ལུ་ སྤ་རོ་ལུ་སྦེ་ འགོ་འདྲེན་འཐབ་ཡོད་པའི་ མི་མང་བང་རྒྱུག་འགྲན་བསྡུར་ལས་ ཕོ་སྐྱེས་དང་ ཨམ་སྲུའི་དབྱེ་ཁ་གཉིས་ཆ་ར་ལས་ ན་ཧིང་གི་ལོའི་ནང་ ཨང་དང་པ་ཐོན་མི་འདི་གིས་ དུས་ཅིག་ཡང་ ཨང་དང་པའི་ གསོལ་རས་ཐོབ་ཡོདཔ་ཨིན་མས།[...] རྒྱས་པར་ལྷག།

"འབྲུག་བང་རྒྱུག་ལས་རིམ་ཐེངས་༥ པའི་ནང་ ན་ཧིང་ཨང་དང་པ་ཐོན་མི་གིས་ ལོག་སྟེ་ར་ཐོབ་ཡོདཔ།"

རྒྱ་འབྲུག་མཐུན་འབྲེལ་བརྩི་སྲུང་གི་དོན་ལུ་ ཊེ་ནིསི་རྩེད་འགྲན་ཐེངས་༤ པ་ འགོ་བཙུགས་ཡོདཔ།

ཆོས་ཉིད་བཟང་མོ།
ཐིམ་ཕུག་ལྕང་གླིང་མའི་ཐང་ འབྲུག་ཊེ་ནིསི་སྤྱི་མཐུན་ཚོགས་པ་གིས་སྦེ་ སྤྱི་ཟླ་འདི་གི་ སྤྱི་ཚེས་༢༥ ལས་འགོ་བཙུགས་ཏེ་ སྤྱི་ཟླ་༦ པའི་ སྤྱི་ཚེས་༣ ཚུན་ རྒྱ་འབྲུག་གཉིས་ཀྱི་ མཐུན་འབྲེལ་ཡར་དྲག་གི་དོན་ལུ་ ཊེ་ནིསི་རྩེད་འགྲན་ཐེངས་༤ པ་ འགོ་བཙུགས་ཡོདཔ་ཨིན་པས།
རྩེད་འགྲན་འགོ་འདྲེན་འཐབ་མི་དེ་ཡང་ རྒྱ་འབྲུག་གཉིས་ཀྱི་མཐུན་འབྲེལ་ ལོ་ངོ་༥༠ འཁོར་བའི་ ཕྱི་འབྲེལ་སྲིད་སྐྱོང་གི་མཐུན་ལམ་ བརྩི་སྲུང་གི་དོན་ལུ་ མ་དངུལ་རྒྱབ་སྐྱོར་འབད་མི་ རྒྱ་འབྲུག་གཞི་ཚོགས་དང་ འབྲུག་ཊེ་ནིསི་སྤྱི་མཐུན་ཚོགས་པ་གཉིས་ མཉམ་རུབ་ཀྱི་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིན་པས།
འབྲུག་ཊེ་ནིསི་སྤྱྲི་མཐུན་ཚོགས་པའི་ མི་སྡེ་བརྡ་བརྒྱུད་ནང་ བཀོད་ཡོད་མི་དང་འཁྲིལཝ་ད་ སེམས་ཤོར་སི་སི་དང་ མཛེས་ཏོག་ཏོ་ཡོད་པའི་ རྒྱལ་རྟགས་དེ་ རྒྱལ་ཡོངས་ཊེ་ནིསི་ལྟེ་བའི་ནང་ ལྷོད་དེ་ཡོདཔ་ད་ དེ་ཡང་ དམིགས་བསལ་གྱི་ མཐུན་འབྲེལ་ལོ་ངོ་༥༠ འཁོར་བའི་ རྗེས་དྲན་བརྩི་སྲུང་འབད་ནི་དོན་ལུ་ བརྡ་སྟོན་འབདཝ་ཨིན་མས།
རྩེད་འགྲན་དེ་ཁར་ འབྲུག་དང་ རྒྱ་གར་རྒྱལ་ཁབ་ཀྱིས་ རྩེད་འགྲན་པ་ཚུ་གིས་ རྒྱལ་རྟགས་འཐོབ་ནིའི་དོན་ལུ་ འགྲན་བསྡུར་འབད་དོ་ཡོདཔ་ཨིན་པས།
ད་རུང་ རྒྱལ་རྟགས་དེ་གིས་ རྟགས་ཚན་དེ་ཡང་ རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་དེ་ ལོ་བསྟར་བཞིན་དུ་ ཡར་དྲག་གཏང་ཐབས་ལུ་ བརྡ་སྟོན་འབདཝ་དང་འབྲེལ་ རྩེད་འགྲན་པ་ཚུ་གི་བར་ན་འབད་རུང་ མཐུན་ལམ་བཟོ་ཚུགས་པའི་ཁར་ རྩེད་འགྲན་པ་ཚུ་ལུ་ ཉམས་མྱོང་ལེགས་ཤོམ་འཐོབ་ཚུགས་ནི་ལུ་ ཁེ་ཕན་འབྱུང་ནི་ཨིན་པས།

"རྒྱ་འབྲུག་མཐུན་འབྲེལ་བརྩི་སྲུང་གི་དོན་ལུ་ ཊེ་ནིསི་རྩེད་འགྲན་ཐེངས་༤ པ་ འགོ་བཙུགས་ཡོདཔ།"

རིག་གཞུང་ཨེཕ་སི་སྡེ་ཚན་གྱིས་ མཐའ་དཔྱད་རྩེད་འགྲན་ནང་ གཱོལ་༤ བཙུགས་ཏེ་ བོས་ཊ་སྡེ་ཚན་ལས་ རྒྱལ་ཁབ་ཐོབ་ཡོདཔ།

རྩེད་འགྲན་ནང་ སྡེ་ཚན་༢༡ གིས་ བཅའ་མར་གཏོགས་ཏེ་ཡོད་རུང་ རིག་གཞུང་ཨེཕ་སི་སྡེ་ཚན་ནང་ལས་ སློབ་ཕྲུག་ སློབ་བཟང་བསྟན་འཛིན་གྱིས་ གཱོལ་༡༦ མཐོ་ཤོས་བཙུགས་ཡོད་པའི་ གསོལ་རས་དང་ རྩེད་འགྲན་པ་ དྲག་ཤོས་ཀྱི་གསོལ་རས་འདི་ སློབ་ཕྲུག་ བསོད་ནམས་བསྟན་འཛིན་གྱིས་ ཐོབ་ཡོདཔ་ཨིན་མས།

འཇིགས་མེད་བསྟན་འཛིན།

དུས་ཅི་ ཀྲོང་གསར་རིག་གཞུང་མཐོ་རིམ་སློབ་གྲྭ་ནང་སྦེ་ རྐང་རྩེད་སྡེ་ཚན་ རིག་གཞུང་ཨེཕ་སི་གིས་ འགོ་འདྲེན་འཐབ་ཡོད་པའི་ ནམ་བྱཱར་རྐང་རྩེད་ཀྱི་ མཐའ་དཔྱད་རྩེད་འགྲན་ལས་ འཕྲོ་མཐུད་ཚར་གཉིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"རིག་གཞུང་ཨེཕ་སི་སྡེ་ཚན་གྱིས་ མཐའ་དཔྱད་རྩེད་འགྲན་ནང་ གཱོལ་༤ བཙུགས་ཏེ་ བོས་ཊ་སྡེ་ཚན་ལས་ རྒྱལ་ཁབ་ཐོབ་ཡོདཔ།"

འབྲུག་བང་རྒྱུག་ལས་རིམ་ཐེངས་༥ པ་ འགོ་འདྲེན་འཐབ་ནི།

སྐད་སྒྱུར་་་་་་འཇིགས་མེད་བསྟན་འཛིན།

སྤ་རོ་ལུ་སྦེ་ སྤྱི་ཟླ་འདི་གི་ སྤྱི་ཚེས་༢༧ རེས་གཟའ་ཟླཝ་ལུ་ མི་མང་ བང་རྒྱུག་འགྲན་བསྡུར་ལས་རིམ་ཅིག་ འགོ་འདྲེན་འཐབ་ནི་ཨིན་པས།

དེ་ཡང་ ལྟ་བཤལ་དང་མི་སྡེའི་ ཁེ་གྱོང་ཡོད་མི་ཚུ་གི་ཕན་བདེ་ལུ་དམིགས་ཏེ་ འབྲུག་རྒྱལ་ཁབ་འདི་ ཕྱི་རྒྱལ་དང་འབྲེལ་བའི་ ས་ཁོངས་ཅིག་སྦེ་ ཡར་དྲག་གཏང་ནི་དང་ ནང་འཁོད་བང་རྒྱུགཔ་ཚུ་ བང་རྒྱུགཔ་གཞན་ཚུ་དང་ དོ་འགྲན་འབད་ནིའི་གོ་སྐབས་ འཐོབ་ཚུགས་ནི་ བང་རྒྱུག་ལས་བརྟེན་ གཟུགས་ཁམས་སྒྲིང་སྒྲི༌བཞག་ཐབས་ དེ་ལས་ རྒྱལ་སྤྱི་དང་ དྲག་རིམ་བང་རྒྱུག་ཚུ་ བཅའ་མར་གཏོགས་ཐོག་ལས་ འཛམ་གླིང་ནང་ འབྲུག་རྒྱལ་ཁབ་འདི་ ཡར་དྲག་གཏང་ཐབས་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།[...] རྒྱས་པར་ལྷག།

"འབྲུག་བང་རྒྱུག་ལས་རིམ་ཐེངས་༥ པ་ འགོ་འདྲེན་འཐབ་ནི།"

རྒྱལ་སྤྱིའི་རྐང་རྩེད་ཀྱི་ཉིནམ་བརྩི་སྲུང་དང་འབྲེལ་ མཐུན་འབྲེལ་ཡར་རྒྱས་གཏང་ཐབས།

ཆོས་ཉིད་བཟང་མོ།

རྒྱལ་ས་ལུ་སྦེ་ རྒྱལ་སྤྱིའི་རྐང་རྩེད་ཀྱི་ཉིནམ་བརྩི་སྲུང་དང་འབྲེལ་ མཐུན་འབྲེལ་ཡར་རྒྱས་གཏང་ནི་དོན་ལུ་ རྒྱལ་སྤྱིའི་ཁྲོམ་སྡེ་༢༠༠ ལས་ ན་གཞོན་གཞུང་ཚབ་ཚུ་གིས་ བཅའ་མར་གཏོགས་ཏེ་ཡོདཔ་ཨིན་པས།

དེ་ཁར་ འབྲུག་ལས་བཅའ་མར་གཏོགས་མི་ན་གཞོན་ རིན་འཛིན་བསྟན་འཛིན་དང་ ཀུན་ལེགས་དབྱངས་འཛོམས་གཉིས་ཀྱིས་ རཱ་ཤི་ཡ་རྒྱལ་ཁབ་ནང་ བཅའ་མར་གཏོགས་ནི་ཨིནམ་ད་ ཁོང་ ན་གཞོན་༢ གཉིས་ཀྱི་ ལུང་ཕྱོགས་༢༡༡ གི་ མཽས་ཀོ་ལུ་ མདུན་འབྲེལ་གྱི་རྐང་རྩེད་ འགྲན་བསྡུར་ལས་རིམ་འདི་ སྤྱི་ཟླ་༦ པའི་ སྤྱི་ཚེས་༨ ལས་༡༥ ཚུན་ འགོ་འདྲེན་འཐབ་ནི་ཨིན་པས།[...] རྒྱས་པར་ལྷག།

"རྒྱལ་སྤྱིའི་རྐང་རྩེད་ཀྱི་ཉིནམ་བརྩི་སྲུང་དང་འབྲེལ་ མཐུན་འབྲེལ་ཡར་རྒྱས་གཏང་ཐབས།"

ཀྲོང་གསར་རིག་གཞུང་མཐོ་རིམ་སློབ་གྲྭའི་རྩེད་ཐང་ནང་སྦེ་ གནམ་བྱཱར་གྱི་རྐང་རྩེད་འགྲན་བསྡུར།

འཇིགས་མེད་བསྟན་འཛིན།

རྐང་རྩེད་ལུ་སྤྲོ་བ་བསྐྱེད་མི་ ལེ་ཤ་ཡོད་པའི་ནང་ལས་ དར་དཀར་ན་རྫོང་ཁག་ བཀར་ན་རྒེད་འོག་ ལྷ་གླིང་ལས་ སྐྱེས་ལོ་༢༤ ལང་མི་ ཨཱེ་རྟ་སིང་ སུ་བ་ཡང་ རྒྱལ་སྤྱིའི་ནང་ རྐང་རྩེདཔ་ཡོངས་གྲགས་ཐོན་མི་ མཱི་སི་གིས་ རྐང་རྩེད་ རྩེད་ཐངས་ལུ་བལྟ་ཞིན་ན་ སེམས་ཤུགས་ཐོབ་ཡོདཔ་ཨིན་པས།

ཁོ་གིས་ ལོ་ན་ཆུང་ཀུ་བསྒང་ལས་ར་ རྐང་རྩེད་ལུ་སྤྲོ་བ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༠༦ ལུ་ འཛམ་གླིང་རྐང་རྩེད་ཀཱལཔ་གི་རྩེད་འགྲན་སྐབས་ མཱི་སི་གིས་ རྩེད་འགྲན༌འབད༌ཐངས་ཀྱི་ཡོན་ཏན་ཚུར་ལེན་ཏེ་ རྩེད་འགྲན་ནང་བཅའ་མར་གཏོགས་ནུག[...] རྒྱས་པར་ལྷག།

"ཀྲོང་གསར་རིག་གཞུང་མཐོ་རིམ་སློབ་གྲྭའི་རྩེད་ཐང་ནང་སྦེ་ གནམ་བྱཱར་གྱི་རྐང་རྩེད་འགྲན་བསྡུར།"

པེབ་སི་རྩེད་འགྲན་འདི་ ད་རེས་ཟླཝ་ནང་ འགོ་བཙུགས་ནི།

ཆོས་ཉིད་བཟང་མོ།

ད་རེས་ འགོ་བཙུགས་ནི་ཨིན་མི་ པེབ་སི་རྩེད་འགྲན་དེ་ནང་ ཡོངས་གྲགས་ཅན་གྱི་ རྩེད་འགྲན་པ་དང་ རྒྱལ་ཁབ་ཀྱི་རྩེད་འགྲན་པ་ཚུ་ དེ་ལས་ ཕྱི་རྒྱལ་ རྐང་རྩེད་ནང་ སྤྲོ་བ་ཡོད་མི་ རྩེད་འགྲན་པ་ཚུ་གིས་ཡང་ བཅའ་མར་གཏོགས་ནི་ཨིན་པས།

རྩེད་འགྲན་དེ་གིས་ འབྲུག་མི་ཡོངས་ལུ་ སྤྲོ་བ་ཅན་ཅིག་སྦེ་ འོང་ནི་ཨིནམ་བཞིན་དུ་ འབྲུག་པའི་ན་གཞོན་དང་ མི་མང་གི་ རྩེད་རིགས་ནང་ དགའ་ཤོས་ཅིག་ཨིནམ་ལས་ སྤྲོ་བའི་ཐོག་ལུ་ དུས་ཚོད་ལེན་ཚུགས་ནི་ཨིན་མས།[...] རྒྱས་པར་ལྷག།

"པེབ་སི་རྩེད་འགྲན་འདི་ ད་རེས་ཟླཝ་ནང་ འགོ་བཙུགས་ནི།"

སྤྲོ་སྟོན་གྱི་ལས་རིམ་དང་ རྩེད་རིགས་ལས་བརྟེན་ སེམས་ལུ་ཞི་བ་འཐོབ་དོ་ཡོདཔ།

ཆོས་ཉིད་བཟང་མོ།

འགྲོ་བ་མི་ལུ་ བདེ་བ་དང་ དགའ་སྐྱིད་ དེ་ལས་ ཞི་བ་འཐོབ་ཐབས་ལུ་ སྤྲོ་སྟོན་གྱི་ལས་རིམ་དང་ རྩེད་རིགས་ཚུ་ནང་ བཅའ་མར་གཏོགས་ཨིན་པས།

དེ་ཡང་ རང་གི་དུས་ཚོད་ལེན་ཏེ་ དུས་ཚོད་དེ་འཕྲོ་བརླག་མ་གཏང་པར་ རང་ལུ་བདེ་བ་དང་ དགའ་སྐྱིད་འཐོབ་ནི་ལུ་ ཕན་པ་སྦོམ་ཡོད་པ་ལུ་བརྟེན་ཏེ་ འབྲུག་མཁལ་རྡོག་གཞི་ཚོགས་ཀྱིས་ སྐྱིད་སྡུག་ནདཔ་གི་མགྱོནམོ་ཁྱིམ་ནང་སྦེ་ སྤྱི་ཟླ་༤ པའི་ སྤྱི་ཚེས་༥ ལུ་ དངུལ་ཀྲམ་༡ བསྡུ་སྒྲུབ་འབད་ཡོད་མི་ལས་ གྲོགས་རམ་ཐོག་ལུ་ ནདཔ་ཚུ་ལུ་ རྩེད་རིགས་ ཀེ་རེམ་རྩེདམོ་གི་རྒྱབ་སྐྱོར་འབད་ཡོདཔ་ ཨིན་པས།[...] རྒྱས་པར་ལྷག།

"སྤྲོ་སྟོན་གྱི་ལས་རིམ་དང་ རྩེད་རིགས་ལས་བརྟེན་ སེམས་ལུ་ཞི་བ་འཐོབ་དོ་ཡོདཔ།"

ཨེ་ཨེཕ་སི་ ཨེ་ཤི་ཡཱན་ཀཱལཔ་གི་རྩེད་འགྲན།

འཇིགས་མེད་བསྟན་འཛིན།

སྤྱི་ལོ་༢༠༡༩ སྤྱི་ཟླ་དང་པའི་ སྤྱི་ཚེས་༥ ལས་ སྤྱི་ཟླ་༢ པའི་སྤྱི་ཚེས་༡ ཚུན་ ཡུ་ནའི་ཊེཊ་ ཨ་རབ་ ཨི་མི་རེཊིསི་ རྒྱལ་ཁབ་ནང་ འགོ་འདྲེན་འཐབ་ནི་ཨིན་པའི་ ཨེ་ཨེཕ་སི་ ཨེ་ཤི་ཡཱན་ཀཱལཔ་གི་རྩེད་འགྲན་གྱི་དོན་ལུ་ འབྲུག་རྒྱལ་ཡོངས་རྐང་རྩེད་ཚོགས་པའི་སྡེ་ཚན་གྱིས་ མེལ་ཌིབསི་རྒྱལ་ཁབ་ཀྱི་ སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་ནུག

དེ་ཡང་ སྤྱི་ཟླ་དེ་གིས་ སྤྱི་ཚེས་༢༧ གྱི་ཕྱི་རུ་ཆུ་ཚོད་༡༠ ལུ་ མེལ་ཌིབསི་རྒྱལ་ཁབ་ནང་ རྩེད་འགྲན་འབདཝ་ད་ འབྲུག་པའི་སྡེ་ཚན་གྱི་ གཱོལ་གཅིག་ཡང་བཙུགས་མ་ཚུགས་རུང་ མེལ་ཌིབསི་སྡེ་ཚན་གྱིས་ གཱོལ་༧ བཙུགས་ཏེ་ འབྲུག་པའི་སྡེ་ཚན་འདི་ ཨེ་ཨེཕ་སི་ ཨེ་ཤི་ཡཱན་ཀཱལཔ་གི་རྩེད་འགྲན་ལས་ ཕམ་བཏང་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"ཨེ་ཨེཕ་སི་ ཨེ་ཤི་ཡཱན་ཀཱལཔ་གི་རྩེད་འགྲན།"