མི་དབང་རྣམ་གསུམ་ རྒྱ་གར་རྒྱལ་ཁབ་ནང་ གཟིགས་སྐོར་ལུ་བྱོན་ཡོདཔ།

འཇིགས་མེད་བསྟན་འཛིན།

རྒྱ་གར་རྒྱལ་ཁབ་ཀྱི་སྲིད་བློན་ ན་རཎ་ཌར་མོ་ཌི་མཆོག་གིས་ མགྲོན་འབོད་ཕུལ་བཞིན་དུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་གཙོས་པའི་ མི་དབང་རྒྱལ་བཙུན་ དེ་ལས་ མི་དབང་རྒྱལ་སྲས་མཆོག་ སྤྱི་ཟླ་༡༠ པའི་ སྤྱི་ཚེས་༣༡ ལས་ སྤྱི་ཟླ་འདི་གི་ སྤྱི་ཚེས་༣ ཚུན་ ཉིན་གྲངས་༤ གི་རིང་ལུ་ རྒྱ་གར་རྒྱལ་ཁབ་ནང་ གཟིགས་སྐོར་ལུ་བྱོན་ཡོདཔ་ཨིན་པས།

གཟིགས་སྐོར་གྱི་ཉིནམ་དང་པའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་ དེ་ལས་ མི་དབང་རྒྱལ་སྲས་མཆོག་ ཎིཝ་ཌེ་ལི་ལུ་ཡོད་པའི་ ཨིཎ་ཌར་གན་ཌིའི་རྒྱལ་སྤྱིའི་གནམ་གྲུ་ཐང་ནང་ལུ་སྦེ་ རྒྱ་གར་རྒྱལ་ཁབ་ཀྱི་ ཕྱི་འབྲེལ་ལས་དོན་བློན་པོ་ ཤྲི་མ་ཊི་སུཤ་མཱ་སྭཝ་རཌ་གིས་ ཕེབས་བསུ་ཞུ་ནུག[...] རྒྱས་པར་ལྷག།

"མི་དབང་རྣམ་གསུམ་ རྒྱ་གར་རྒྱལ་ཁབ་ནང་ གཟིགས་སྐོར་ལུ་བྱོན་ཡོདཔ།"

མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ ཐའེ་ལེན་རྒྱལཔོ་ཞིང་གཤེགས་ཀྱིས་ པུར་སྦྱང་ནང་བྱོན་ཡོདཔ།

པ་སངས་སྒྲོལ་མ།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ ཐའེ་ལེན་གྱི་ མི་དབང་ཞིང་གཤེགས་བུ་མི་བོལ་ཨ་དུལ་ཡཱ་དཱེ་མཆོག་གི་ སྤུར་སྦྱང་ནང་བྱོན་ཏེ་ གུས་བསྟུད་ཕུལ་གནང་ནུག

ད་རུང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐའེ་ལེན་གྱི་ མི་དབང་རྒྱལཔོ་མཱ་ཧ་བྷ་ཇི་ར་ལོང་ཀོཎ་མཆོག་ལུ་ འབྲུག་པའི་མི་སེར་ཆ་ཁྱབ་ཀྱི་ཁ་ཐུག་ལས་ མྱ་ངན་གྱི་ཐུགས་གསོ་ མཛད་གནང་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ ཐའེ་ལེན་རྒྱལཔོ་ཞིང་གཤེགས་ཀྱིས་ པུར་སྦྱང་ནང་བྱོན་ཡོདཔ།"

གནས་ཚུལ་གྱི་སྤུས་ཚད་ ཡར་དྲག་གི་ཐབས་ལམ།

འཇིགས་མེད་བསྟན་འཛིན།

སྤྱིར་བཏང་ འབྲི་ནི་གི་རིག་རྩལ་ ག་ཅི་བཟུམ་འབད་རུང་ ལྷག་ནི་གི་གོམས་འདྲིས་ཡོད་མི་ཚུ་གིས་ འབྲི་ནི་དང་རྩོམ་ནི་གི་ཐད་ཁར་ གཞན་ མི་ཚུ་དང་ཕྱདཔ་ ལེ་ཤ་གི་ དྲག་དོ་ཡོདཔ་ཨིན་པས།

མ་གཞི་ རྒྱལ་ཁབ་ཀྱི་ ཕྱི་ནང་གི་དཔེ་དེབ་ཚུ་ ལ་ལོ་ཅིག་གི་ སྐད་ཡིག་ཡར་དྲག་གཏང་ནི་དང་ ལ་ལོ་གི་བློ་སླབ་ཐངས་ དེ་ལས་ རང་སོའི་རྩོམ་སྒྲིག་རྐྱབ་པའི་སྐབས་ ཁེ་ཕན་གྱི་དོན་ལུ་ འདི་བཟུམ་སྦེ་ རང་གི་རྒྱུད་ལུ་ ཡོན་ཏན་གོང་འཕེལ་གཏང་ནི་དང་ རང་སོའི་ཁེ་ཕན་ཚུ་ལུ་ གཞི་བཞག་སྟེ་ ལྷག་ནི་གི་རིག་རྩལ་ལུ་ རྒྱུན་ཆད་མེད་པར་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"གནས་ཚུལ་གྱི་སྤུས་ཚད་ ཡར་དྲག་གི་ཐབས་ལམ།"

ཨ་ལོ་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་གིས་ ཨ་ལོའི་ཕམ་ཚུ་ལུ་ ཕན་ཐོགས།

པ་སངས་སྒྲོལ་མ།

རྒྱལ་ཁབ་ནང་ ཨ་ལོའི་ཕམ་ཚུ་གི་ཁེ་ཕན་ལུ་ ཁྲོམ་ཁར་དང་ རྒེད་འོག་ཚུ་ནང་ལས་ཕར་ ཨ་ལོ་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་ བསྡོམས་ཀྱི་༣༠༠ གཞི་བཙུགས་གནང་ཡོདཔ་ཨིན་པས།

ཨ་ལོ་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་ གཞི་བཙུགས་འབད་མི་གཞུང་གི་ཡིག་ཚང་དང་ སྒེར་སྡེ་ཡིག་ཚང་ དེ་ལས་ གཡུས་ཁར་ལས་ཕར་སྡོད་མི་ཚུ་ལུ་ཡང་ ཕན་ཐོགས་སྦོམ་འབྱུང་དོ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"ཨ་ལོ་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་གིས་ ཨ་ལོའི་ཕམ་ཚུ་ལུ་ ཕན་ཐོགས།"

འཛམ་གླིང་བློ་རིག་ཅན་གྱི་དངོས་པོ་ལས་ཚོགས་ཀྱིས་ ཡོངས་ཁྱབ་ཚོགས་འདུ་ ཐེངས་༥༧ པ་ ཚོགས་ཡོདཔ།

འཇིགས་མེད་བསྟན་འཛིན།

འཛམ་གླིང་བློ་རིག་ཅན་གྱི་དངོས་པོ་ལས་ཚོགས་ཀྱི་ འཐུས་མི་རྒྱལ་ཁབ་ཀྱི་ ཡོངས་ཁྱབ་ཚོགས་འདུ་ཆེན་མོ་ཐེངས་༥༧ པའི་ནང་ བསྟན་རྒྱས་ལྷན་ཁག་གི་དྲུང་ཆེན་ དྲག་ཤོས་ ཡེ་ཤེས་དབང་འདུས་ཀྱི་ དབུ་གཙོས་པའི་ འབྲུག་གཞུང་གི་ འཐུས་མི་སྡེ་ཚན་གྱིས་ གྲལ་ཁ་གཏོགས་ཡོདཔ་ཨིན་པས།

འཛམ་གླིང་བློ་རིག་ཅན་གྱི་དངོས་པོ་ལས་ཚོགས་འདི་ འཛམ་གླིང་སྤྱི་ཚོགས་ཀྱི་ ངོ་ཚབ་ལས་ཁུངས་ མཁས་མཆོག་ཅིག་འབདཝ་ལས་ བློ་རིག་ཅན་གྱི་དངོས་པོའི་ཞབས་ཏོག་དང་ སྲིད་བྱུས་ མཉམ་འབྲེལ་ དེ་ལས་ བརྡ་དོན་ཚུ་ འཐུས་མི་རྒྱལ་ཁབ་༡༩༡ ལུ་ རྒྱལ་སྤྱིའི་གྲོས་གནས་ཅིག་སྦེ་ སྤྲོད་དོ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"འཛམ་གླིང་བློ་རིག་ཅན་གྱི་དངོས་པོ་ལས་ཚོགས་ཀྱིས་ ཡོངས་ཁྱབ་ཚོགས་འདུ་ ཐེངས་༥༧ པ་ ཚོགས་ཡོདཔ།"

སོ་ནམ་འཕྲུལ་སྒྱུར་རྩ་བརྟན་ལས་འགུལ་༢ པའི་ མཉམ་འབྲེལ་ཚོགས་ཆུང་གི་ཞལ་འཛོམས་ ཐེངས་༤ པ།

འཇིགས་མེད་བསྟན་འཛིན།

སྤ་རོ་ལུ་སྦེ་ འགོ་འདྲེན་འཐབ་ཡོད་པའི་ སོ་ནམ་འཕྲུལ་ཆས་ལྟེ་བའི་ སོ་ནམ་འཕྲུལ་སྒྱུར་རྩ་བརྟན་ལས་འགུལ་༢ པའི་ མཉམ་འབྲེལ་ཚོགས་ཆུང་གི་ཞལ་འཛོམས་ཐེངས་༤ པ་འདི་ ཚོགས་ཡོདཔ་ཨིན་པས།

ལས་འགུལ་འདི་ཡང་ གཙོ་བོ་ར་ རྒྱལ་ཁབ་ནང་ལུ་ སོ་ནམ་གྱི་འཕྲུལ་ཆས་ཚུ་ སྤུས་ཚད་ཅན་དང་ ཡུན་བརྟན་ དེ་ལས་ རྒྱལ་ཁབ་ཀྱི་གནས་སྟངས་དང་བསྟུན་པའི་ འཕྲུལ་ཆས་ཀྱི་རིགས་ཚུ་ ལག་ལེན་འཐབ་ཚུགསཔ་བཟོ་ཐབས་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།[...] རྒྱས་པར་ལྷག།

"སོ་ནམ་འཕྲུལ་སྒྱུར་རྩ་བརྟན་ལས་འགུལ་༢ པའི་ མཉམ་འབྲེལ་ཚོགས་ཆུང་གི་ཞལ་འཛོམས་ ཐེངས་༤ པ།"

མི་མང་འཕྲོད་བསྟེན་གྱི་དོན་ལུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ བརྡ་བརྒྱུདཔ་ཚུ་དང་ གོ་བསྡུར་ཞལ་འཛོམས།

ཆོས་ཉིད་བཟང་མོ།

མི་མང་ལུ་ གོ་བ་བརྡ་སྤྲོད་འབད་ནི་དང་ ཁག་ཆེ་བའི་གནད་དོན་ཚུ་ མི་སེར་ཚུ་དང་འབྲེལ་བ་ཡོད་པའི་ ལས་སྡེ་ཚུ་ལུ་ ཧ་གོ་ཚུགསཔ་བཟོ་ ཐབས་ལུ་ མི་སྡེ་བརྡ་བརྒྱུད་འདི་ གནམ་མེད་ས་མེད་ ཁག་ཆེཝ་དང་ཕན་པ་ཡོདཔ་སྦེ་ མི་མང་གི་བསམ་འཆར་ བཀོད་དེ་ཡོདཔ་ཨིན་པས།

བརྡ་བརྒྱུད་ལས་བརྟེན་ གནས་ཚུལ་ཐོག་ལུ་ མི་མང་ལུ་ གོ་བ་བརྡ་སྤྲོད་སྤེལ་ཏེ་ རྒྱལ་ཁབ་ནང་འཁོད་དང་ ཕྱི་རྒྱལ་ཁབ་ཀྱི་ གནས་སྟངས་ཚུ་གི་སྐོར་ལས་ ཤེས་ཚུགས་པའི་ཁར་ མི་སེར་ཤེས་ཡོན་མེད་མི་ཚུ་ལུ་ གཟུགས་ཁམས་འཕྲོད་བསྟེན་གྱི་སྐོར་ལས་ཡང་ བརྡ་སྤྲོད་འབད་མི་ལུ་ ཁེ་ཕན་བྱུངམ་ཨིན་པས།[...] རྒྱས་པར་ལྷག།

"མི་མང་འཕྲོད་བསྟེན་གྱི་དོན་ལུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ བརྡ་བརྒྱུདཔ་ཚུ་དང་ གོ་བསྡུར་ཞལ་འཛོམས།"

ལོ་ཐོག་བསྡུ་འཕྲུལ་གྱི་ ལས་སྡེ་གཞི་བཙུགས་ལས་འགུལ་གྱིས་ ཞལ་འཛོམས་ཚོགས་ཡོདཔ།

འཇིགས་མེད་བསྟན་འཛིན།

རྒྱལ་ས་ལུ་སྦེ་ ཉིན་གྲངས་༣ གི་རིང་ལུ་ སག་གོང་འཕེལ་མ་དངུལ་གྱིས་ མ་དངུལ་ས་ཡ་༤.༩ གནས་པའི་ ལོ་ཐོག་བསྡུ་འཕྲུལ་ལས་འགུལ་ཞལ་འཛོམས་ཚོགས་ཡོད་མི་འདི་ནང་ སག་ལུང་ཕྱོགས་ཀྱི་ འཐུས་མི་རྒྱལ་ཁབ་༦ གིས་ གྲལ་ཁར་གཏོགས་ཏེ་ཡོདཔ་ཨིན་པས།

འདི་ཡང་ སག་ལུང་ཕྱོགས་ཀྱི་ འཐུས་མི་རྒྱལ་ཁབ་ཚུ་ནང་ ལོ་ཐོག་བསྡུ་ནི་དོན་ལུ་ འཛིན་སྐྱོང་ཐབས་ཐངས་དང་ ཤིང་འབྲས་ཀྱི་ཐོན་སྐྱེད་ཚུ་གི་ གོང་ཚད་ལྷན་ཐབས་འབྱུང་ནིའི་དོན་ལུ་ དམིགས་གཏད་བསྐྱེད་དེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"ལོ་ཐོག་བསྡུ་འཕྲུལ་གྱི་ ལས་སྡེ་གཞི་བཙུགས་ལས་འགུལ་གྱིས་ ཞལ་འཛོམས་ཚོགས་ཡོདཔ།"

འབྲུག་ལུ་ ལྟ་བཤལ་ལམ་སྟོན་པའི་གྱངས་ཁ་ ཡར་སེང་།

པ་སངས་སྒྲོལ་མ།

འབྲུག་རྒྱལ་ཁབ་འདི་ རང་བཞིན་གནས་སྟངས་དང་ ལམ་སྲོལ་གྱི་ཕྱུགཔོ་པའི་ རྒྱལ་ཁབ་ཅིག་དང་ ཕྱིའི་རྒྱལ་ཁབ་ལུ་ དཔྱེ་སྟོན་བཏུབ་པའི་ རྒྱལ་ཁབ་ཅིག་འབད་ལས་ ལྟ་བཤལ་འོང་མིའི་གྱངས་ཁ་འདི་ ལོ་གཅིག་བ་ལོ་གཅིག་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།

འདི་འབདཝ་ལས་ ལྟ་བཤལ་ལམ་སྟོན་པའི་གྱངས་ཁ་ཡང་ ཡར་སེང་འགྱོ་དོ་ཡོདཔ་ལས་ ད་ལྟོ་ཚུན་ཚོད་ལུ་ ལམ་སྟོན་པ་བསྡོམས་ཀྱི་སྟོང་ཕྲག་༣,༧༧༡ དེ་ཅིག་གི་ ཐོ་བཀོད་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"འབྲུག་ལུ་ ལྟ་བཤལ་ལམ་སྟོན་པའི་གྱངས་ཁ་ ཡར་སེང་།"

གནས་ཚུལ་ལས་ཁང་ཚུ་ལུ་ བརྡ་བརྒྱུདཔ་གི་གོམས་འདྲིས་སྦྱང་བ་ ཟླ་ངོ་༣ གི་རིང་ལུ་ རྒྱབ་སྐྱོར།

པ་སངས་སྒྲོལ་མ།

རྒྱལ་ཁབ་ནང་ལུ་ བརྡ་བརྒྱུདཔ་འདི་ ག་ནི་བ་ཡང་ ཁག་ཆེ་ཤོས་ཅིག་ཨིནམ་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་གྱིས་ གནས་ཚུལ་ལས་ཁང་ཚུ་ལུ་ བརྡ་བརྒྱུདཔ་གི་གོམས་འདྲིས་སྦྱང་བ་ཟླ་ངོ་༣ གི་རིང་ལུ་ རྒྱབ་སྐྱོར་གནང་ནི་ཨིན་པས།

དེ་ཡང་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་གྱིས་ བརྡ་བརྒྱུད་གོང་འཕེལ་མ་དངུལ་ལས་  རྒྱབ་སྐྱོར་འཚོལ་ཏེ་ འགོ་འདྲེན་འཐབ་ནི་ཨིན་པས།[...] རྒྱས་པར་ལྷག།

"གནས་ཚུལ་ལས་ཁང་ཚུ་ལུ་ བརྡ་བརྒྱུདཔ་གི་གོམས་འདྲིས་སྦྱང་བ་ ཟླ་ངོ་༣ གི་རིང་ལུ་ རྒྱབ་སྐྱོར།"