ཨོམ་དང་མར་དར་ཚི་གི་ཐོན་སྐྱེད་ ཡར་དྲག་གཏང་ཐབས་ལུ་ ལཱ་ཚུ་ ངར་དྲགས་འབད་བའི་བསྒང།

འཇིགས་མེད་བསྟན་འཛིན།

ལྷུན་རྩེ་རྫོང་ཁག་ནང་ ཨོམ་དང་མར་དར་ཚི་གི་ཐོན་སྐྱེད་ཚུ་ ཡུན་བརྟན་བཞག་ཐབས་ལུ་ སྒོ་ནོར་ལས་ཁུངས་ཀྱི་ལས་སྣ་ཚུ་ འཕྲོ་མཐུན་དེ་ འབད་བའི་བསྒང་ར་འདུག

དེ་ཡང་ སྒོ་ནོར་ལས་ཁུངས་ཀྱིས་ ཨོམ་དང་མར་དར་ཚི་གི་ཐོན་སྐྱེད་ཚུ་ ཡུན་བརྟན་བཞག་ཐབས་ཀྱི་ དམིགས་དོན་དང་འཁྲིལ་ གྲོང་གསེབ་ཀྱི་འཚོ་ཐབས་དང་ ཨོམ་དང་མར་དར་ཚི་ཐོན་སྐྱེད་ཚུ་ ཉོ་འདྲེན་ཡར་དྲག་གཏང་ཐབས་ལུ་ བ་ནོར་གསོ་སྐྱོང༌གི་ལཱ་ ཡར་སེང་འབད་ནིའི་ ལས་སྣ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"ཨོམ་དང་མར་དར་ཚི་གི་ཐོན་སྐྱེད་ ཡར་དྲག་གཏང་ཐབས་ལུ་ ལཱ་ཚུ་ ངར་དྲགས་འབད་བའི་བསྒང།"

ཚོང་འབྲེལ་མཆོག་གྱུར་ཚོགས་སྡེ་གིས་ དབུ་ཁྲིད་ཞལ་འཛོམས་ ཐེངས་༢ པ་འགོ་འདྲེན།

ཚོང་ལས་ནང་ གྲལ་གཏོགས་འབད་མི་ བརྒྱ་ཆ་ལས་༩༩ གིས་ བཟོ་གྲྭ་ཆུང་བ་དང་བར་མའི་ ཚོང་ལཱ་འབད་དོ་ཡོདཔ་བཞིན་དུ་ མང་ཤོས་ཅིག་ལུ་ མ་དངུལ་གྱི་གདོང་ལེན་འབྱུང་དོ་ཡོདཔ་ཨིན་པས།

བསོད་ནམས་ལྷུན་གྲུབ།

སྤྱིར་བཏང་ ཚོང་འབྲེལ་འཐབ་ནི་དེ་ ཁེ་སང་བཟོ་ནི་གི་དོན་ལུ་ མནོ་བསམ་གཏངམ་ཨིན་རུང་ ད་རེས་ནངས་པ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་དོན་གྱི་ཚོང་ལས་ཨིན་པའི་ ངོས་འཛིན་ལག་ཁྱེར་ཡོད་མི་ ཚོང་ལས་ཚུ་གིས་ མཆོག་གྱུར་ཅན་གྱི་ ལེགས་འགྱུར་དང་ ཁྱབ་སྤེལ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"ཚོང་འབྲེལ་མཆོག་གྱུར་ཚོགས་སྡེ་གིས་ དབུ་ཁྲིད་ཞལ་འཛོམས་ ཐེངས་༢ པ་འགོ་འདྲེན།"

སྨན་རིགས་བཟོ་གྲྭ་འཕྲུལ་ཁང་གཞི་བཙུགས།

སྐད་སྒྱུར་་་་འཇིགས་མེད་བསྟན་འཛིན།

སྤྱི་ལོ་༢༠༡༩ གི་ལོ་ཕྱེད་ལས་ རྒྱལ་ཁབ་ནང་ སྨན་རིགས་ལངམ་སྦེ་ཡོདཔ་བཟོ་ནི་ལུ་ སྨན་རིགས་བཟོ་གྲྭ་ཁང་གཞི་བཙུགས་ལས་བརྟེན་ ཕྱི་རྒྱལ་ལུ་ ཚོང་འབྲེལ་འཐབ་སྟེ་ ནདཔ་ཚུ་ལུ་ཞབས་ཏོག་ཡར་དྲག་ དེ་ལས་ རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་དྲག་གཏང་ནི་ལུ་ ཁེ་ཕན་འབྱུང་ནི་ཨིན་པས།

སྤྱི་ཟླ་འདི་གི་ སྤྱི་ཚེས་༡༠ ལུ་ བསམ་གྲུབ་ལྗོངས་མཁར་ མོ་ཊཱན་བཟོ་གྲྭ་ཁང་ན་ སྨན་རིགས་བཟོ་ནིའི་འཕྲུལ་ཁང་གཞི་བཙུགས་ཀྱི་ ས་བསླང་རྟེན་འབྲེལ་བརྩི་ནུག[...] རྒྱས་པར་ལྷག།

"སྨན་རིགས་བཟོ་གྲྭ་འཕྲུལ་ཁང་གཞི་བཙུགས།"

སྡེ་ཚན་བཟོ་ཐོག་ལས་ ཁེ་འབབ་ཅན་གྱི་ ཚོད་བསྲེ་འཛུགས་སྐྱོང་།

བསོད་ནམས་ལྷུན་གྲུབ།

ད་རེས་ནངས་པ་ གནམ་གཤིས་གྱུར་འགྲོས་དང་ ཆརཔ་དུས་ཚོད་ཁར་ མ་རྐྱབ་མི་ལུ་བརྟེན་ མི་སེར་སོ་ནམ་པ་ཚུ་ལུ་ གདོང་ལེན་འབྱུང་དོ་ཡོད་རུང་ གཡུས་མི་ཚུ་མཉམ་རུབ་ཐོག་ལས་ གནས་སྐབས་བཏོན་ཏེ་ ས་ཞིང་གྱི་འཚོ་བཅུད་དང་བསྟུན་ འོང་འབབ་བཟོ་ནི་ལུ་ སེམས་ཤུགས་བསྐྱེད་དོ་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ལོ་༢༠༡༠ ལུ་ སྐམ་དར་མུར་མུར་གཡུས་ཚན་ནང་ ཚོད་བསྲེ་འཛུགས་སྐྱོང་གི་སྡེ་ཚན་བཟོ་ཞིན་ན་ འགོ་བཙུགས་པའི་ཤུལ་ལས་ སྤྱི་ལོ་༢༠༡༣ ལུ་ རྒེད་འོག་སོ་ནམ་རྒྱ་སྐྱེད་ལྟེ་བ་གིས་ གཞུང་འབྲེལ་ཐོག་ལས་ སྡེ་ཚན་བཟོ་སྟེ་ ཚོད་བསྲེ་གི་ལཱ་འབད་ནི་གི་ལས་རིམ་ འགོ་བཙུགས་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"སྡེ་ཚན་བཟོ་ཐོག་ལས་ ཁེ་འབབ་ཅན་གྱི་ ཚོད་བསྲེ་འཛུགས་སྐྱོང་།"

རྩི་རང་རྫོང་ཁག་ བར་གཤོང་སྨད་ཀྱི་ གཡུས་ཚན་ནང་ སོ་ནམ་ཞིང་ལཱ་འབད་ནི་ལུ་ གདོང་ལེན་ཅན།

བསོད་ནམས་ལྷུན་གྲུབ།

རྩི་རང་རྫོང་ཁག་ བར་གཤོང་སྨད་ཀྱི་ མི་སེར་ཚུ་གིས་ ཚོད་བསྲེ་ཀོ་པི་དང་ ཧོན་ཚོད་ ཨེ་མ་ མེ་ཏོག་ཧོན་ཚོད་ དེ་ལས་ བླམ་བན་ད་ཚུ་ འཛུགས་སྐྱོང་འབད་དེ་ མ་དངུལ་དུམ་གྲ་རེ་ བཟོ་ཚུགས་དོ་ཡོདཔ་བཞིན་དུ་ ཤིང་འབྲས་ངང་ལག་དང་ ཚལ་ལུ་ ཨམ་ཅུ་ཀུ་ལི་ དེ་བཟུམ་སྦེ་དངུལ་ཐོག་ ཨ་ལཱན་ཅི་ཚུ་ འཚོ་དོ་ཡོད་རུང་ རྡོག་མ་བཏགས་ནི་རནམ་ད་ འབུབ་ཀྱིས་མེདཔ་བཏང་ནི་དེ་གིས་ འོང་འབབ་བཟོ་ཐབས་མེདཔ་ཨིན་པས།

ས་གནས་དེ་ཁའི་ མི་སེར་སོ་ནམ་ཚུ་གིས་ སོ་ནམ་གྱི་ལཱ་དང་ སྒོ་ནོར་གསོ་སྐྱོང་འཐབ་སྟེ་ རང་སོའི་འཚོ་བའི་གནས་སྟངས་དེ་ གནས་ཚད་དང་ལྡནམ་སྦེ་ བཞག་ཐབས་ལུ་མ་གཏོགས་ ཚོང་འབྲེལ་འཐབ་སྟེ་ འོང་འབབ་བཟོ་ནི་གི་འོས་འབབ་མེདཔ་ཨིན་མས།[...] རྒྱས་པར་ལྷག།

"རྩི་རང་རྫོང་ཁག་ བར་གཤོང་སྨད་ཀྱི་ གཡུས་ཚན་ནང་ སོ་ནམ་ཞིང་ལཱ་འབད་ནི་ལུ་ གདོང་ལེན་ཅན།"

མི་སེར་ཚུ་ལུ་ རྒྱ་གར་གྱི་དངུལ་ རུ་པི་འཐོབ་ནི་ལུ་དཀའ་ངལ།

ཆོས་ཉིད་བཟང་མོ།

འབྲུག་པའི་མི་ཚུ་ རྒྱ་གར་རྒྱལ་ཁབ་ནང་ འགྱོ་དགོཔ་འཐོན་འབདཝ་ད་ འབྲུག་པའི་དངུལ་གྱི་ ལག་ལེན་འཐབ་མ་བཏུབ་ལས་བརྟེན་ འབྲུག་ལས་ རྒྱ་གར་ལུ་ མ་འགྱོ་བའི་ཧེ་མ་ལས་ འབྲེལ་བ་ཡོད་པའི་ ལས་སྡེ་ཚུ་ལས་ རྒྱ་གར་གྱི་རུ་པི་ བརྗེ་སོར་འབད་དེ་ འབག་དགོཔ་ལས་ཨིན་པས།

ཧེ་མ་འབད་བ་ཅིན་ འབྲུག་པའི་ཚོང་འབྲེལ་འཐབ་མི་དང་ གནས་བསྐོར་འགྱོ་མི་ཚུ་གིས་ རྒྱ་གར་རྒྱལ་ཁབ་ནང་ འགྱོ་དགོཔ་འཐོན་འབདཝ་ད་ མི་ངོམ་ག་འབད་རུང་ རང་སོའི་ ས་གནས་ཀྱི་ དངུལ་ཁང་ནང་ལས་ ཚད་དང་ལྡན་བཟོ་ཡོདཔ་ལས་ དཀའ་ངལ་ག་ནི་ཡང་མ་ཐོན་པར་ རྒྱ་གར་གྱི་རུ་པི་ ཐོབ་ཚུགས་ཏེ་ཡོད་ཟེར་ ཨིན་པས།[...] རྒྱས་པར་ལྷག།

"མི་སེར་ཚུ་ལུ་ རྒྱ་གར་གྱི་དངུལ་ རུ་པི་འཐོབ་ནི་ལུ་དཀའ་ངལ།"

ནམ་དགུན་ ཨེ་མའི་ཚོང་འབྲེལ་ལས་བརྟེན་ འོང་འབབ།

པ་སངས་སྒྲོལ་མ།

འབྲུག་པའི་མི་སེར་ཚུ་གིས་ བཞེས་སྒོ་འབད་པའི་སྐབས་ ཁག་ཆེ་བའི་རྫས་སྦྱོར་ ཨེ་མ་དེ་ མེད་ཐབས་མེདཔ་ཅིག་ཨིནམ་ལས་ ད་རེས་ནངས་པ་ ནམ་དགུན་ གནམ་གཤིས་ བསིལ་ཀྲག་ཀྲ་གི་དུས་ཚོད་ཅིག་ཨིན་རུང་ མི་སེར་སོ་ནམ་པ་ཆ་ཁྱབ་ཀྱིས་ ཨེ་མའི་ལཱ་ལུ་ སྤྲོ་བ་དང་ བརྩོན་ཤུགས་སྦོམ་བསྐྱེད་དེ་ ཨེ་མའི་ཚོང་འབྲེལ་ འཐབ་པའི་བསྒང་ཨིན་པས།

དེ་ཡང་ ནམ་དགུན་གྱི་དུས་ཚོད་འ་ནེམ་ཅིག་ཁར་ ཨེ་མའི་དཀའ་ངལ་མི་འཐོན་ནིའི་དོན་ལུ་ པདྨ་དགའ་ཚལ་རྫོང་ཁག་འོག་ལུ་ཡོད་པའི་ རྒེད་འོག་ལ་ལོ་ཅིག་ནང་ ད་རེས་ནངས་པ་ ཨེ་མ་ཚོང་འབྲེལ་འཐབ་ནི་གིས་ དུས་ཚོད་ཅིག་ཨིན་པས།[...] རྒྱས་པར་ལྷག།

"ནམ་དགུན་ ཨེ་མའི་ཚོང་འབྲེལ་ལས་བརྟེན་ འོང་འབབ།"

འཕྲལ་མགྱོགས་ར་ རྒེད་འོག་༢༠༥ འི་ མི་སེར་ཚུ་གིས་ འཕྲུལ་གླང་པ་ཝར་ཊི་ལར་༣༥༣ དེ་ཅིག་ གླ་ཁར་ལེན་ཚུགས་ནི།

འཇིགས་མེད་བསྟན་འཛིན།

ད་ཚུན་ལུ་ རྫོང་ཁག་༢༠ གི་ རྒེད་འོག་༢༠༥ ནང་ འཕྲུལ་གླང་༥༠༥ དེ་ཅིག་ གླ་ཁར་བཏང་སྟེ་ སོ་ནམ་གྱི་ལས་སྣ་ཚུ་ དུས་མཐུན་སྦེ་ འབད་ཚུགས་ཏེ་ཡོདཔ་བཞིན་དུ་ ད་རུང་ རྒེད་འོག་ག་ར་ནང་ འཕྲུལ་གླང་འཐེབ་ འཐོབ་ནི་ཨིན་པས།

སོ་ནམ་འཕྲུལ་ཆས་ པ་ཝར་ཊི་ལར་ གླ་ཁར་གཏང་ནིའི་ཞབས་ཏོག་དེ་གིས་ གཡུས་སྒོ་ཚུ་ལས་ ཁྲོམ་ཚོགས་ནང་ གནས་སྤོ་འགྱོ་མི་དང་ ལས་མི་མ་ལང་པའི་ དཀའ་ངལ་ཚུ་སེལ་ཏེ་ སོ་ནམ་གྱི་ཐོན་སྐྱེད་དང་ འཕྲུག་རིག་ཚུ་ ལག་ལེན་གྱི་གནས་ཚད་ ཡར་དྲག་གཏང་ཚུགས་ཏེ་ཡོདཔ་བཞིན་དུ་ ད་ལས་ཕར་འབད་རུང་ སོ་ནམ་གྱི་ལཱ་ཚུ་ དུས་མཐུན་འབད་ཚུགས་ནི་ལུ་ ལྷག་པར་དུ་ ཕན་ཐོགས་འབྱུང་ནི་ཨིན་པས།[...] རྒྱས་པར་ལྷག།

"འཕྲལ་མགྱོགས་ར་ རྒེད་འོག་༢༠༥ འི་ མི་སེར་ཚུ་གིས་ འཕྲུལ་གླང་པ་ཝར་ཊི་ལར་༣༥༣ དེ་ཅིག་ གླ་ཁར་ལེན་ཚུགས་ནི།"

བཟའ་སྤྱོད་དང་ བཟའ་སྤྱོད་མེན་པའི་རིགས་ཚུ་གི་ ཟད་འགྲོ་ཡོངས་བསྡོམས་ཀྱི་སྙན་ཞུ།

འཇིགས་མེད་བསྟན་འཛིན།

འབྲུག་གི་འཚོ་བའི་གནས་ཚད་བརྟག་ཞིབ་སྙན་ཞུ་༢༠༡༧ དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ཁྱིམ་གུང་པ་རེ་རེ་གི་ ཟླ་ངོ་༡ གི་ནང་འཁོད་ལུ་ བཟའ་འཐུང་གི་ཟད་འགྲོ་ ཡོངས་བསྡོམས་ཀྱི་སྟོང་ཕྲག་༡༤,༧༡༨ དེ་ཅིག་དང་ མི་རེ་ལུ་ སྟོང་ཕྲག་༣,༤༨༤ རེ་གནས་ཡོདཔ་སྦེ་ཨིན་པས།

དེ་ཡང་ གཡུས་སྒོ་ཚུ་དང་ཕྱདཔ་ད་ ཁྲོམ་ཚོགས་ནང་ བཟང་འཐུང་གི་ཟད་འགྲོ་བརྒྱ་ཆ་༤༧ ལས་ མང་སུ་བཏང་དོ་ཡོད་མི་དེ་ གཡུས་སྒོ་ཚུ་ནང་ སྟོང་ཕྲག་༡༢,༦༠༦ དེ་ཅིག་དང་ ཁྲོམ་ཚོགས་ཚུ་ནང་ སྟོང་ཕྲག་༡༨,༥༤༤ དེ་ཅིག་བཏང་དོ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"བཟའ་སྤྱོད་དང་ བཟའ་སྤྱོད་མེན་པའི་རིགས་ཚུ་གི་ ཟད་འགྲོ་ཡོངས་བསྡོམས་ཀྱི་སྙན་ཞུ།"

འབྲུག་གི་ལྟ་བཤལ་ལས་སྡེ་ཚུ་གིས་ ལྟ་བཤལཔ་ཚུ་ལས་ འཐུས་མར་ཕབ་ཀྱི་ཐོག་ ཚོང་འབྲེལ་འཐབ་དོ་ཡོད་པའི་ སྙན་ཞུ།

བསོད་ནམས་ལྷུན་གྲུབ།

འབྲུག་ལྟ་བཤལ་ཚོགས་སྡེ་ནང་ལུ་ ལྟ་བཤལཔ་ལས་སྡེ་ཚུ་གིས་ ལྟ་བཤལ་པ་ཚུ་ལུ་ འཐུས་མར་ཕབ་ཀྱི་ཐོག་ལས་ ཚོང་འབྲེལ་འཐབ་དོ་ཡོད་པའི་ སྙན་ཞུ་ཁ་གསལ་ལྷོདཔ་ཡོདཔ་ཨིན་པས།

དེ་གིས་སྦེ་ ཐུན་མོང་མ་ཡིན་པའི་ རྒྱལ་ཁབ་ཀྱི་སྲིད་བྱུས་དེ་ལུ་ གདོང་ལེན་འབྱུང་དོ་ཡོདཔ་མ་ཚད་ ལྟ་བཤལ་པའི་འཐུས་མར་ཕབ་འབད་མི་དེ་གིས་ ཁེ་ཕན་ཡོད་པའི་ ལྟ་བཤལཔ་ཉུང་སུ་སྦེ་བཞག་ནི་གི་ གཞུང་གི་སྲིད་བྱུས་དེ་ལུ་ ཐོ་ཕོག་འོང་ཟེར་ཨིན་པས།[...] རྒྱས་པར་ལྷག།

"འབྲུག་གི་ལྟ་བཤལ་ལས་སྡེ་ཚུ་གིས་ ལྟ་བཤལཔ་ཚུ་ལས་ འཐུས་མར་ཕབ་ཀྱི་ཐོག་ ཚོང་འབྲེལ་འཐབ་དོ་ཡོད་པའི་ སྙན་ཞུ།"