ཨར་རྐུན་དང་འབྲེལ་བའི་ བྱ་ངན་མར་ཕབ་འབད་ཐབས་ལུ་ སི་སི་ཊི་བཱི་གི་པར་ཆས་༡༢༠ གཞི་བཙུགས་འབད་ནི་གི་འཆར་གཞི།

ཆོས་ཉིད་བཟང་མོ།

ཧེ་མ་འབད་བ་ཅིན་ ཚོང་ཁང་དང་ སྡོད་ཁྱིམ་ དེ་ལས་ ཡིག་ཚང་ཚུ་ནང་ ཨར་རྐུན་ཤོར་རུང་ བྱ་ངན་འབད་མི་ཚུ་ འཛིན་བཟུང་འབད་ཚུགས་པར་ ལཱ་ཁག་བཏང་སྟེ་ སྡོད་ཡོདཔ་ཨིན་རུང་ ད་རེས་ནངས་པ་ རྒྱལ་ཁབ་གོང་འཕེལ་ལས་བརྟེན་ཏེ་ འདི་གི་ཐབས་ལམ་ལུ་ སི་སི་ཊི་བཱི་གི་ པར་ཆས་ཚུ་བཙུགས་ཡོདཔ་ལས་ ཉེས་ལས་མར་ཕབ་འབད་ནི་དང་ དོགས་ཅན་ཚུ་འཛིན་བཟུང་འབད་ནི་ལུ་ ཕན་ཐོགས་འབྱུང་སྟེ་ཡོདཔ་ཨིན་པས།

གནད་དོན་འདི་ལུ་ ཁྲིམས་སྲུང་འགག་སྡེ་གི་ གཙོ་བོ་འཛིན་འགོ་དཔོན་གྱིས་སླབ་མི་ནང་ འབྲུག་རྒྱལ་ལྔ་པ་མཆོག་གིས་ རྒྱལ་ཁབ་ཀྱི་ འཕྲལ་ཕུགས་གཉིས་ཀྱི་ ཞི་བདེ་ལུ་དམིགས་སྟེ་ རྒྱལ་ཁབ་ནང་འཁོད་ཀྱི་ ཁྲོམ་ཚུ་ནང་ མི་སེར་གྱི་མཐའ་དོན་དང་ སྲུང་སྐྱོབ་ལུ་དམིགས་སྟེ་ སི་སི་ཊི་བཱི་གཞི་བཙུགས་འབད་དགོ་པའི་ བཀའ་རྒྱ་བཟང་པོ་གནང་མི་ལུ་བརྟེན་ ད་ལྟོ་ཚུན་ཚོད་ཀྱི་རིང་ལུ་ ཐིམ་ཕུག་ཁྲོམ་ཀྱི་ནང་འཁོད་ལུ་ར་ སི་སི་ཊི་བཱི་གི་པར་ཆས་༢༣ བཙུགས་ཏེ་ ལག་ལེན་ཡང་ ལེགས་ཤོམ་སྦེ་འཐབ་དོ་ཡོདཔ་མ་ཚད་  ཁྲིམས་སྲུང་འགག་སྡེ་ཚུ་ལུ་འབད་རུང་ ཉེས་ལས་དང་འབྲེལ་བའི་བྱ་ངན་ ཞིབ་དཔྱད་འབད་ནི་ལུ་ ཕན་ཐོགས་དོ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"ཨར་རྐུན་དང་འབྲེལ་བའི་ བྱ་ངན་མར་ཕབ་འབད་ཐབས་ལུ་ སི་སི་ཊི་བཱི་གི་པར་ཆས་༡༢༠ གཞི་བཙུགས་འབད་ནི་གི་འཆར་གཞི།"

སྤ་རོ་ཁྲོམ་ཁར་ལུ་ སང་ཕོད་སྤྱི་ཟླ་༡ པ་ལས་ སྣུམ་འཁོར་ཀྱི་ འཐུས་བསྡུ་ལེན་འབད་ནི་ཨིནམ།

པ་སངས་སྒྲོལ་མ།

སང་ཕོད་ལས་འགོ་བཙུགས་ཏེ་ སྤ་རོ་ཁྲོམ་ཁ་ལུ་ཡང་ ཐིམ་ཕུག་གི་ཁྲོམ་ཁར་བཟུམ་སྦེ  སྣུམ་འཁོར་བཞག་སའི་ས་ཁོངས་ཚུ་ནང་ལས་ འཐུས་ཚུ་བསྡུ་ནི་ཨིནམ་ད་ འདི་གིས་ སྤ་རོ་ཁྲོམ་ཁ་ལུ་ སྣུམ་འཁོར་ཚུ་བཞག་སའི་ས་ཁོངས་ཚུ་ སྒོ་ཡང་ཏོག་ཏོ་སྦེ་བཟོ་ནི་དང་ མཐུན་རྐྱེན་འདི་ཚུ་ ཡར་དྲག་བཏང་ཚུགས་ནི་ཨིན་པས།

འཐུས་ཚུ་བསྡུ་བའི་སྐབས་ལུ་ དུས་ཡུན་སྐར་མ་༣༠ གྱི་ ནང་འཁོད་ལུ་ དངུལ་ཀྲམ་༥ དང་༡༠ རེ་ བསྡུ་ནི་ཨིན་པས།[...] རྒྱས་པར་ལྷག།

"སྤ་རོ་ཁྲོམ་ཁར་ལུ་ སང་ཕོད་སྤྱི་ཟླ་༡ པ་ལས་ སྣུམ་འཁོར་ཀྱི་ འཐུས་བསྡུ་ལེན་འབད་ནི་ཨིནམ།"

ལོ་ན་མ་སྨིན་པའི་བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་དེ་ ཨ་ལུ་ཆགས་ཡོད་མི་ལུ་བརྟེན་ ཕོ་སྐྱེས་༡ ལུ་འཛིན་བཟུང་།

ཆོས་ཉིད་བཟང་མོ།

སྤ་རོ་རྫོང་ཁག་ ཤ་བཱ་ལས་ སྐྱེས་ལོ་༤༧ ལང་མི་ ཨ་ལོ་༤ གི་ཨཔ་ཅིག་གིས་ ཐིམ་ཁྲོམ་ལས་ཨིནམ་མི་ སྐྱེས་ལོ་༡༤ ལང་མི་ ན་གཞོན་སློབ་ཕྲུག་བུམོ་ཅིག་ལུ་ སྤྱི་ཟླ་འདི་གི་ སྤྱི་ཚེས་༥ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ སྙན་ཞུ་འཐོབ་པའི་ཤུལ་ལུ་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།

གནད་དོན་འདི་ལུ་ ཐིམ་ཕུག་ཁྲོམ་སྡེའི་ ཁྲིམས་སྲུང་འགག་སྡེ་གི་ འགོ་དཔོན་དབང་འདུས་ཀྱིས་ སླབ་མི་ནང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བོ་བསྟེན་སྨན་ཁང་གི་ ཚན་རིག་བརྟག་དཔྱད་ལས་ཁུངས་ལས་ ལོ་ན་མ་སྨིན་པའི་ ན་གོཞན་སློབ་ཕྲུག་བུམོ་ཅིག་གིས་ སྨན་ཁང་ནང་ལུ་ བརྟག་དཔྱད་འབད་བར་འོང་པའི་སྐབས་ལུ་ ཨ་ལོ་ཆགས་ཡོདཔ་སྦེ་ ཤེས་པའི་ཤུལ་ལུ་ འགག་སྡེའི་ཡིག་ཚང་ནང་ལུ་ སྙན་ཞུ་ལྷོད་དེ་ ཕམ་དང་ཉམས་རྒུདཔ་དེ་ལུ་ འདྲི་ཞིབ་འབད་བའི་སྐབས་ལུ་ དགུན་ངལ་གསོའི་སྐབས་ལུ་ ཉམས་རྒུདཔ་གི་ཨའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་འཐོན་སྟེ་ འགྱོ་དགོཔ་འཐོན་མི་ལུ་བརྟེན་ བུམོ་དང་གཅིག་ཁར་ སྡོད་མི་ག་ཡང་མེདཔ་ལས་ བུམོ་འདི་ ཨའི་འདི་གི་ནུམོ་དང་གཅིག་ཁར་བཞག་ཅི་ཟེར་བཤད་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"ལོ་ན་མ་སྨིན་པའི་བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་དེ་ ཨ་ལུ་ཆགས་ཡོད་མི་ལུ་བརྟེན་ ཕོ་སྐྱེས་༡ ལུ་འཛིན་བཟུང་།"

ལོ་ན་ཆུང་ཀུའི་བསྒང་ལས་རང་ དམ་པའི་ཆོས་ལུ་བརྩོན་དགོཔ།

འཇིགས་མེད་བསྟན་འཛིན།

ལོ་ན་རྒསཔ་དང་རྐྱངམ་གཅིག་ ཆོས་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་མི་འདི་ མི་སྡེ་ནང་ལུ་ མི་ཚུ་གིས་ བསམ་ཞིབ་ལུ་ ནོར་བ་སྦོམ་ཅིག་ལུ་ བསྒྱུར་ཏེ་ཡོདཔ་ཨིན་པས།

དམ་པའི་ཆོས་ལུ་ འབད་བརྩོན་འདི་ ལོ་ཚད་༡༠ དང་༡༥ ནང་འཁོད་ལས་རང་ འགོ་བཙུགས་དགོཔ་ད་ འདི་ཡང་ ལོ་ཚད་དེ་ཅིག་ལས་ ལཱ་ག་ཅིག་བཟུམ་འབད་དགོཔ་ཐོན་རུང་ བཟང་ངན་གྱི་ དབྱེ་ཞིབ་འབད་ཚུགས་པའི་ འགན་དབང་འབག་ཚུགསཔ་ལས་ཨིན་པས།[...] རྒྱས་པར་ལྷག།

"ལོ་ན་ཆུང་ཀུའི་བསྒང་ལས་རང་ དམ་པའི་ཆོས་ལུ་བརྩོན་དགོཔ།"

མགར་ས་བཀྲིས་མཐོ་དམན་རྫོང་གི་ ཕྱི་དང་ནང་གི་ ཉམས་གསོའི་ལཱ་ཚུ་ བརྒྱ་ཆ་༧༠ དེཅིག་གྲུབ་ཡོདཔ།

པདྨ་གཡུ་སྒྲོན།

མགར་ས་བཀྲིས་མཐོ་དམན་རྫོང་ ཉམས་གསོའི་ལཱ་འདི་ ད་རེས་ནངས་པ་ ཤུགས་བཏོན་ཏེ་འབད་བའི་བསྒང་ར་ཡོདཔ་ལས་ ད་ལྟོ་ཚུན་ཚོད་ལུ་ རྫོང་གི་ཕྱི་དང་ནང་གི་ ཉམས་གསོའི་ལཱ་ཚུ་ བརྒྱ་ཆ་ལས་༧༠ དེ་ཅིག་ གྲུབ་ཡོདཔ་ཨིན་པས།

རྫོང་ཉམས་གསོའི་དོན་ལུ་ ནང་འཁོད་ལས་འཐོན་པའི་ ཉེ་བར་མཁོ་བའི་ཅ་ཆས་ཚུ་ ལག་ལེན་འཐབ་དོ་ཡོདཔ་མ་ཚད་ རང་ལུགས་ཀྱི་ བཟོ་བཀོད་ཐོག་ལུ་ གཙོ་བོར་བརྟེན་ཏེ་ ཉམས་གསོ་ཞུ་དོ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"མགར་ས་བཀྲིས་མཐོ་དམན་རྫོང་གི་ ཕྱི་དང་ནང་གི་ ཉམས་གསོའི་ལཱ་ཚུ་ བརྒྱ་ཆ་༧༠ དེཅིག་གྲུབ་ཡོདཔ།"

དམ་ཆུ་གི་ གཞུང་ལམ་ལས་བརྟེན་ མི་སེར་༤༠༠ ལྷགཔ་ཅིག་གི་ ཚོང་འབྲེལ་ལུ་ ཐོ་ཕོག་ནི་མས་ཟེར་བའི་ཚ་གྱང་།

པ་སངས་སྒྲོལ་མ།

ཐིམ་ཕུག་དང་ཕེན་ཚོགས་གླིང་གི་ གཞུང་ལམ་འདི་ སྤྱི་ལོ་༢༠༡༨ སྤྱི་ཟླ་༦ པའི་ནང་ མཇུག་བསྡུ་ཚུགས་ནི་ཨིནམ་ལས་ ས་གནས་འདི་ཁ་ལས་ འགྲོ་འགྲུལ་འཐབ་མི་ཚུ་ལུ་ ཕན་ཐོགས་སྦོམ་ར་འབྱུང་ནི་ཨིན་རུང་ སྐྱབས་ཆ་དང་བྱག་ཕྱོགས་རྒེད་ཀྱི་ མི་སེར་ཚུ་ལུ་འབད་བ་ཅིན་ ཁོང་གི་ཚོང་འབྲེལ་ལུ་ ཐོ་ཕོག་ནི་བཟུམ་ཅིག་ཡོདཔ་ལས་ ཚ་གྱང་ལང་དགོ་པའི་གཞི་ཅིག་ལུ་ བསྒྱུར་ཏེ་ཡོད་ཨིན་པས།

གནད་དོན་འདི་ལུ་ ཚོང་ལཱ་འབད་སྡོད་མི་ རྣམ་རྒྱལ་དབང་མོ་གིས་སླབ་མི་ནང་ ད་རེས་ནང་པ་ ཐིམ་ཕུག་དང་ཕུན་ཚོགས་གླིང་ལུ་ གཞུང་ལམ་འདི་ལས་ འགྲོ་འགྲུལ་འཐབ་དོ་ཡོདཔ་ལས་ ཚོང་འབྲེལ་འདི་ལེགས་ཤོམ་འགྱོ་དོ་ཡོད་ད་ ཤུལ་ལས་ གཞུང་ལམ་འདི་ དམ་ཆུ་ལས་སེལ་མི་འདི་གིས་ འགྲོ་འགྲུལ་འཐབ་མི་ཚུ་ཡང་ དམ་ཆུ་གི་གཞུང་ལམ་བདའ་འགྱོ་ནི་ཨིནམ་ལས་ ཁོང་རའི་ཚོང་འབྲེལ་ལུ་ཐོ་སྦོམ་སྦེ་རང་ ཕོག་ནི་ཨིན་མས་ཟེར་ བཤདཔ་ཨིན་པས།[...] རྒྱས་པར་ལྷག།

"དམ་ཆུ་གི་ གཞུང་ལམ་ལས་བརྟེན་ མི་སེར་༤༠༠ ལྷགཔ་ཅིག་གི་ ཚོང་འབྲེལ་ལུ་ ཐོ་ཕོག་ནི་མས་ཟེར་བའི་ཚ་གྱང་།"

དཔེ་དེབ་ལྷག་ནིའི་ལུ་ གོམས་འདྲིས་ཚུད་པ་ཅིན་ ཤེས་ཡོན་ཡར་དྲགས་གཏང་ནི་ལུ་ཁེ་ཕན།

པདྨ་གཡུ་སྒྲོན།

དཔེ་དེབ་ལྷག་ནི་འདི་ དུས་རྒྱུན་གྱི་ལཱ་ཅིག་སྦེ་ ལག་ལེན་འཐབ་པ་ཅིན་ མི་ཚེ་གཅིག་ནང་ ཁག་ཆེ་བའི་ ཤེས་བྱའི་ཡོན་ཏན་ ཆ་ཚང་ཅིག་ཐོབ་ཚུགས་པའི་ཁར་ རང་ལུ་ ཡོན་ཏན་འདི་གིས་ གནམ་མེད་ས་མེད་ ཁེ་ཕན་འབྱུང་ནི་ཨིན་པས།

དཔེ་དེབ་ལྷག་ནི་གོང་འཕེལ་གཏང་ནི་དོན་ལུ་ དང་པར་དུ་ རང་གི་ དཔེ་དེབ་ལག་ལེན་འཐབ་ཚུགསཔ་བཟོ་དགོཔ་དེ་ཡང་ སྔོན་མ་ལས་འབྲེལ་བ་ཡོད་པའི་ དཔེ་དེབ་ཀྱི་ཤེས་བྱ་དང་ ཚིག་གི་དོན་དག་ཚུ་ དུས་གཏན་རྐྱང་ རང་གི་སེམས་ཁར་ལུ་ ངེས་དགོཔ་ཨིན་པས།[...] རྒྱས་པར་ལྷག།

"དཔེ་དེབ་ལྷག་ནིའི་ལུ་ གོམས་འདྲིས་ཚུད་པ་ཅིན་ ཤེས་ཡོན་ཡར་དྲགས་གཏང་ནི་ལུ་ཁེ་ཕན།"

གྱོག་མོ་གི་རིགས་ཅིག་གིས་ གསེར་སྦྱམ་གྱི་ཚང་ལུ་གནོད་སྐྱོན།

པ་སངས་སྒྲོལ་མ།

བསམ་རྩེ་རྫོང་ཁག་ རྡོ་ཕུག་ཅན་རྒེད་འོག་ནང་ལུ་ གསེར་སྦྱང་གསོ་སྐྱོང་འབད་མི་ མི་སེར་སོ་ནམ་པ་ཚུ་ལུ་

འོང་འབབ་བཟོ་དོ་ཡོད་རུང་ ད་རེས་ནངས་པ་ གྱོག་མོ་གི་རིགས་ ངོས་འཛིན་འབད་མ་ཚུགས་མི་ཅིག་གིས་ སྦྱངམ་གི་ཚང་མང་ཤོས་ཅིག་ནང་ལུ་འཛུལ་ཏེ་ གནོད་སྐྱོན་རྐྱབ་ནི་འདི་གིས་ སྦྱང་མང་ཤོས་ཅིག་རང་ ཐོན་འགྱོཝ་མས་ཟེར་ཨིན་པས།[...] རྒྱས་པར་ལྷག།

"གྱོག་མོ་གི་རིགས་ཅིག་གིས་ གསེར་སྦྱམ་གྱི་ཚང་ལུ་གནོད་སྐྱོན།"

ལྷག་ནི་གི་རིག་རྩལ་ལུ་བརྟེན་ཏེ་ འབྲི་ནི་གི་རིག་རྩལ་ཡར་དྲག།

འཇིགས་མེད་བསྟན་འཛིན།

ལྷག་ནི་གི་རིག་རྩལ་འདི་ལས་བརྟེན་ འབྲི་ནི་གི་ ཉམས་མྱོང་དང་གནས་སྐབས་ དེ་ལས་ ཚིག་སྦྱོར་ཚུ་ མ་འཛོལ་བ་ ལག་ལེན་འཐབ་སྟེ་ རྩོམ་སྒྲིག་གི་གནས་ཚད་ ཡར་དྲག་བཏང་ཐབས་ལུ་ ཁེ་ཕན་སྦོམ་ཡོདཔ་ཨིན་པས།

ཕྱི་རྒྱལ་གྱི་ གནས་ཚལ་བསྡུ་ལེན་པ་ཚུ་གིས་ འབྲི་ཡོད་མི་ དཔེ་དེབ་ཚུ་ མང་སུ་སྦེ་ ལྷག་མི་ལུ་བརྟེན་ཏེ་ རྒྱལ་ཁབ་ནང་འཁོད་ཀྱི་གནས་ཚུལ་ཚུ་ བསྡུ་སྒྲིག་འབད་ཐོག་ལས་ འབྲི་ཐངས་ལམ་ལུགས་ཀྱི་རིག་རྩལ་ ཡར་དྲག་བཏང་ཐབས་ལུ་ ཁེ་ཕན་སྦོམ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"ལྷག་ནི་གི་རིག་རྩལ་ལུ་བརྟེན་ཏེ་ འབྲི་ནི་གི་རིག་རྩལ་ཡར་དྲག།"

འདོད་སྤྱོད་འབད་མི་ཚུ་ལུ་ མི་སྡེ་གི་ཧོངས་ལས་ རྒྱབ་སྐྱོར་འབད་བ་ཅིན་ ནད་གཞི་བརྟག་དཔྱད་ལུ་ཕན་ཐོགས།

ཆོས་ཉིད་བཟང་མོ།

རྒྱལ་ཁབ་ནང་ལུ་ ལཱ་དང་བྱ་བ་ག་ཅི་རང་འབད་རུང་ ཁྲིམས་ལུགས་དང་འཁྲིལ་དགོཔ་ཨིན་རུང་ ན་གཞོན་ལཱ་གཡོག་མེད་མི་དང་ ཕམ་སྤྱང་ཀ་ཉམ་ཆུང་གི་ ཨ་ལུ་ཚུ་གིས་ ཕམ་ཕྱུགཔོ་གི་ ཨ་ལུ་དང་འདྲ་མཉམ་སྦེ་ སྡོད་ཐབས་ལུ་ ལ་ལུ་ཅིག་གིས་ ཆང་དང་སྨྱོ་རྫས་ཚུ་ འཆང་སྤྱོད་དང་ཉོ་བཙོང་འཐབ་དོ་ཡོདཔ་མ་ཚད་ ཨམ་སྲུ་ལ་ལུ་ཅིག་གིས་ སྨད་འཚོང་གི་ལཱ་ཚུ་ཡང་ འབད་དོ་ཡོདཔ་ལས་ འདི་ལས་བརྟེན་ ཕམ་དང་སྤུན་ཆ་ རྒྱལ་ཁབ་དང་མི་སྡེ་ལུ་ དཀའ་ངལ་བྱིན་དོ་ཡོདཔ་ཨིན་པས།

འདོད་སྤྱོད་དང་འབྲེལ་བའི་ གནད་དོན་ལུ་ ལྷག་བསམ་གྱིས་ བསླབ་བྱ་བྱིན་ནི་གི་ ལས་རིམ་ཅིག་འགོ་འདྲེན་འཐབ་པའི་སྐབས་ལུ་ ལས་རིམ་གྱི་ འགོ་འདྲེན་པ་བསྟན་འཛིན་ལུ་ བཅའ་མ་གཏོགས་མི་ཚུ་གིས་སླབ་མི་ནང་  གདོང་ལེན་སྦོམ་ཤོས་རང་ ཕོ་སྐྱེས་ལ་ལུ་ཅིག་གིས་ འདོད་སྤྱོད་འབད་ཚར་བའི་ཤུལ་ལུ་ དངུལ་ཚུ་བྱིན་ནི་འདི་ཕར་རང་བཞག་ ལ་ལུ་ཅིག་གིས་ གདུང་རྫོབ་འབད་དོ་ཡོདཔ་ལས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ནི་གི་མནོ་བསམ་བཏང་རུང་ ཁྲིམས་འགལ་གྱིས་ལཱ་ཅིག་འབདཝ་ལས་ ཁྲིམས་ལུགས་ལུ་འདྲོག་སྟེ་ དཀའ་ངལ་ག་ཅིག་རང་ཐོན་རུང་ མི་གཞན་ཚུ་ལས་ཡང་ ཆ་རོགས་ལེན་མི་ཚུགས་པས་ཟེར་ཨིན་པས།[...] རྒྱས་པར་ལྷག།

"འདོད་སྤྱོད་འབད་མི་ཚུ་ལུ་ མི་སྡེ་གི་ཧོངས་ལས་ རྒྱབ་སྐྱོར་འབད་བ་ཅིན་ ནད་གཞི་བརྟག་དཔྱད་ལུ་ཕན་ཐོགས།"