མི་མང་ལུ་ གསོ་བའི་ཞབས་ཏོག་ཡར་དྲག་གཏང་ཐབས་ཀྱི་དམིགས་གཏད།

ཆོས་ཉིད་བཟང་མོ།

ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་འདི་ སྤྱི་ལོ་༡༩༥༦ ལུ་ ཐིམ་ཕུག་གླང་ཇོ་ཕར་ཁ་ལུ་སྦེ་ གཞི་བཙུགས་འབད་དེ་ ལོ་ངོ་༦༢ སོང་བའི་ཤུལ་ལས་ དུས་ཅི་ སྤྱི་ཟླ་འདི་གི་ སྤྱི་ཚེས་༢ ལུ་ སྨན་ཁང་གཞི་བཙུགས་ཀྱི་ཉིནམ་སྦེ་ བརྩི་སྲུང་འབད་ཡོདཔ་བཞིན་དུ་ ཟླ་ངོ་༥ གི་ཧེ་མ་ ལས་རིམ་ཁག་མ་འདྲཝ་བཟོ་ཐོག་ལས་ མི་མང་ལུ་ གསོ་བའི་ཞབས་ཏོག་བྱིན་མི་དེ་གིས་ ཕན་ཐོགས་བྱུང་སྟེ་ཡོདཔ་ཨིན་པས།

སྨན་ཁང་ནང་ མི་མང་ལུ་ དྲོ་པ་དང་ཕྱི་རུ་མེད་པར་ སྐུལ་སྒྱུར་གྱི་ལཱ་འབད་མི་ ལས་གཡོགཔ་༡༣༠༠ དེ་ཅིག་གིས་ གསོ་བའི་ ཞབས་ཏོག་ཡར་དྲག་གཏང་ནི་དང་ རྒྱུན་སྐྱོང་ཐོག་ལས་ ལེགས་བཅོས་འབད་ཐབས་ལུ་ དམིགས་པ་བསྐྱེད་དེ་ གལ་ཆེ་བའི་འགན་ཁུར་འབག་སྟེ་ མི་སེར་ཡོངས་ལུ་ སྨན་བཅོས་ཀྱི་ཞབས་ཏོག་འདྲ་མཉམ་སྦེ་ བྱིན་ཚུགསཔ་བཟོ་ནི་འདི་ཨིན་པས།[...] རྒྱས་པར་ལྷག།

"མི་མང་ལུ་ གསོ་བའི་ཞབས་ཏོག་ཡར་དྲག་གཏང་ཐབས་ཀྱི་དམིགས་གཏད།"

ཨ་ལུ་ཆགས་མི་ཨམ་སྲུ་ཚུ་ལུ་ ཉེན་ཁ་ཅན་གྱི་ནད་འཐོབ་ནི་ལས་བཀག་ཐབས་ཀྱི་ ཟས་བཅུད་བདག་འཛིན།

ཆོས་ཉིད་བཟང་མོ།

མ་འོངས་པ་ལུ་ ཨ་ལུ་ཆགས་མི་ཨམ་སྲུ་ཚུ་གིས་ ནད་གཞི་འཐོབ་ནི་ལས་བཀག་ཐབས་འབད་ནིའི་དོན་ལུ་ ལྷོ་ཨེ་ཤི་ཡ་ ནེ་པཱལ་གྱི་རྒྱལ་ས་ ཀཱཊ་མཱན་ཌུ་ལུ་སྦེ་ སྤྱི་ཟླ་འདི་གི་ སྤྱི་ཚེས་༧ ལས་༩ ཉིན་གྲངས་༣ གྱི་རིང་ལུ་ གྲོས་བསྟུན་འཛོམས་འགོ་འདྲེན་འཐབ་ཡོདཔ་ཨིན་མས།

དེ་ཡང་ ཨམ་སྲུའི་ལུས་ལུ་ ཨ་ལུ་ཆགས་པའི་སྐབས་ ཟས་བཅུད་བདག་འཛིན་འབད་ནིའི་གནད་དོན་ཐོག་ལུ་ གྲོས་བསྟུན་འབད་དེ་ ནད་གཞི་མ་འཐོབ་པའི་སྔོན་གོང་ལས་ བཀག་ཐབས་འབད་ནིའི་ཐབས་ལམ་དང་ མ་དང་འབྲེལ་བའི་ ཟས་བཅུད་ཀྱི་ཤུགས་ཚད་ ཟས་བཅུད་ཚུ་ ག་དེ་སྦེ་ བདག་འཛིན་འབད་དགོཔ་ཨིན་ན་ཚུ་ གྲོས་བསྟུན་འབད་དེ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"ཨ་ལུ་ཆགས་མི་ཨམ་སྲུ་ཚུ་ལུ་ ཉེན་ཁ་ཅན་གྱི་ནད་འཐོབ་ནི་ལས་བཀག་ཐབས་ཀྱི་ ཟས་བཅུད་བདག་འཛིན།"

ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ གཞི་བཙུགས་ཀྱི་ཉིནམ་བརྩི་སྲུང་།

ཆོས་ཉིད་བཟང་མོ།

ལོ་བསྟར་བཞིན་དུ་ སྤྱི་ཟླ་༥ པའི་ སྤྱི་ཚེས་༢ ལུ་ མི་དབང་འབྲུག་རྒྱལ་གསུམ་པ་ དཔལ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ སྐུ་འཁྲུངས་བའི་ཉིནམ་བརྩི་སྲུང་དང་འབྲེལ་ རྒྱལ་ཁབ་མཐའ་དབུས་མེད་པར་ སློབ་དཔོན་གྱི་ཉིནམ་སྦེ་ཡང་ བརྩི་སྲུང་ཞུ་ནུག

དེ་ཡང་ ཉིནམ་དེ་ཁར་ བཀའ་དྲིན་ཅན་གྱི་སློབ་དཔོན་ཚུ་ལུ་ སྤྱིར་བཏང་ སློབ་ཕྲུག་ཡོངས་ཀྱི་ཁ་ཐུག་ལས་ གུས་བཏུད་ཞུ་ནི་གི་གོ་སྐབས་ཅིག་ཨིན་པའི་གུ་ དགའ་ཚོར་དང་བཅསཔ་སྦེ་ བཀའ་དྲིན་ལེགས་སོའི་ བསམ་བརྗོད་ཚུ་ཕུལཝ་ཨིན་པས།[...] རྒྱས་པར་ལྷག།

"ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ གཞི་བཙུགས་ཀྱི་ཉིནམ་བརྩི་སྲུང་།"

རྒྱལ་ས་ལྟེ་བ་ ལྕང་གླིང་མའི་ཐང་ནང་སྦེ་ དམིགས་བསལ་གྱི་ སློབ་དཔོན་གྱི་ཉིནམ་བརྩི་སྲུང་།

བསོད་ནམས་ལྷུན་གྲུབ།

རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ སྤྱི་ཟླ་༥ པའི་ཚེས་༢ ལུ་ སློབ་དཔོན་གྱི་ཉིནམ་སྦེ་ བཀའ་དྲིན་དགའ་ཚོར་གྱི་ བཀྲིས་ལེགས་སྨོན་ཞུ་ནི་ལུ་ བརྩི་སྲུང་འབདཝ་དང་འབྲེལ་ འབྲུག་གི་སྤྱི་ནོར་དམ་པ་ མི་དབང་ཞིང་གཤེགས་ འབྲུག་རྒྱལ་གསུམ་པ་མཆོག་གིས་ ཤེས་རིག་ཡར་རྒྱས་ཀྱི་རྩ་བ་ འགོ་འཙུགས་གནང་ཡོད་པའི་ བཀྲིན་རྗེས་དྲན་གྱི་ཉིནམ་སྦེ་ གུས་བཏུད་ཞུཝ་ཨིན་པས།

ཐིམ་ཕུག་ལྕང་གླིང་མའི་ཐང་ནང་སྦེ་ དམིགས་བསལ་གྱི་ སློབ་དཔོན་གྱི་ཉིནམ་བརྩི་སྲུང་ཞུ་སར་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ དབུ་བཞུགས་མཛད་དེ་ དགོངས་ཞུ་འབད་མི་ རྒྱ་གར་གྱི་སློབ་དཔོན་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ནུག[...] རྒྱས་པར་ལྷག།

"རྒྱལ་ས་ལྟེ་བ་ ལྕང་གླིང་མའི་ཐང་ནང་སྦེ་ དམིགས་བསལ་གྱི་ སློབ་དཔོན་གྱི་ཉིནམ་བརྩི་སྲུང་།"

ནམ་བྱཱར་གྱི་ངལ་གསོ་ལས་བརྟེན་ ཕམ་ལུ་ཆ་རོགས་འབད་ཚུགས་པའི་ཁེ་ཕན།

པདྨ་གཡུ་སྒྲོན།

ཤར་ཕྱོགས་རྫོང་ཁག་ཚུ་ནང་ ནམ་བྱཱར་གྱི་ངལ་གསོའི་སྐབས་ལུ་ སློབ་ཕྲུག་ཨ་ལུ་ཚུ་གིས་ ཁོང་རའི་ཕམ་ཚུ་ལུ་ ལྕང་ལཱ་རྐྱབ་ནི་དང་ གེ་ཟ་ དེ་ལས་ ཚོད་བསྲེ་ལྡུམ་རའི་ལཱ་ཚུ་འབད་དེ་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།

དུས་ཅི་ སྤྱི་ཟླ་༧ པའི་སྤྱི་ཚེས་༡ ལས་སྤྱི་ཚེས་༣༡ ཚུན་ རྒྱལ་ཁབ་མཐའ་དབུས་མེད་པར་ སློབ་གྲྭ་ཁག་གི་སློབ་ཕྲུག་ཚུ་ ལོ་ཕྱེད་ཆོས་རྒྱུགས་ཕུལ་ཏེ་ ནམ་བྱཱར་གྱི་ངལ་གསོ་ ཟླ་༡ ཐོབ་ཡོདཔ་ལས་ གྲོང་གསེབ་ཚུ་ནང་ དུས་ཚོད་འ་དེ་ཅིག་ཁར་ སོ་ནམ་གྱི་ལཱ་ལུ་ སྤྲོ་བ་བསྐྱེད་དེ་འབད་བའི་བསྒངའབདཝ་ལས་ སློབ་ཕྲུག་ཚུ་གིས དུས་ཚོད་ཆུད་ཟད་མ་གཏང་པར་ ཆ་རོགས་འབད་ཚུགས་ཏེ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"ནམ་བྱཱར་གྱི་ངལ་གསོ་ལས་བརྟེན་ ཕམ་ལུ་ཆ་རོགས་འབད་ཚུགས་པའི་ཁེ་ཕན།"

འབྲུག་པའི་སློབ་ཕྲུག་༢ ཀྱིས་ གློག་རིག་ཀམ་པུ་ཊར་དང་ཌི་ཇི་ཊར་གྱི་ འཕྲུལ་རིག་ནང་དོ་འགྲན།

པདྨ་གཡུ་སྒྲོན།

རྒྱལ་འཛིན་ཐིམ་ཕུ་མཐོ་རིམ་སློབ་གྲྭ་ལས་ ལོ་ངོ་༢ པའི་ནང་ ཤེས་ཡོན་སྦྱང་མི་ སློབ་ཕྲུག་འཇིགས་མེད་རྣམ་རྒྱལ་དང་ སྨན་གཡོག་དང་མི་མང་གསོ་བའི་སློབ་ཚོགས་ནང་ ལོ་ངོ་དང་པའི་ནང་ ཤེས་ཡོན་སྦྱང་མི་ སློབ་ཕྲུག་བཀྲིས་དབང་ཕྱུག་གཉིས་ཀྱི་ འབྲུག་རྒྱལ་ཁབ་ཀྱི་ངོ་ཚབ་སྦེ་ ཨེ་ཤི་ཡ་ལུ་ གློག་རིག་༼ཀམ་པིའུ་ཊ་༽དང་ ཌི་ཇི་ཊལ་༼ཨང་གནས་ཅན་༽གྱི་དོ་འགྲན་བསྡུར་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།

ལས་རིམ་འདི་ནང་ འབྲུག་དང་ རྒྱ་གར་ ཕི་ལ་པིཎསི་ ཏའི་ཝཎ་ ཐའི་ལནཌ་ ཝིད་ནམ་ སིང་ག་པུར་ཚུ་ལས་ སློབ་ཕྲུག་དྲག་ཤོས་༢ རེ་གདམ་འཐུ་རྐྱབ་སྟེ་ སྤྱི་ཟླ་འདི་གིས་ སྤྱི་ཚེས་༡༩ ལུ་ མཐའ་དཔྱད་འགྲན་བསྡུར་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"འབྲུག་པའི་སློབ་ཕྲུག་༢ ཀྱིས་ གློག་རིག་ཀམ་པུ་ཊར་དང་ཌི་ཇི་ཊར་གྱི་ འཕྲུལ་རིག་ནང་དོ་འགྲན།"