ཉེན་སྲུང་མཐུན་རྐྱེན་མ་དངུལ་ ལག་ལེན་འཐབ་མི་ཚུ་ ལོག་སྤྲོད་དགོཔ།

བསོད་ནམས་ལྷུན་གྲུབ།

སྤྱི་ཟླ་༢ པའི་ཚེས་༡༢ ལུ་ བློན་ཆེན་དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་བཤད་མིའི་ནང་ ཁོ་རའི་ སྒེར་ཁྱིམ་གྱི་ས་ཁོངས་ནང་ ཉེན་སྲུང་གི་ཐུན་རྐྱེན་བཙུགས་ཡོད་པའི་སྐོར་ལས་ ལྡོག་ཕྱོགས་ཚོགས་པ་གིས་ གཞུང་གི་མ་དངུལ་ལོག་སྤྱོད་འབད་བའི་ ཁ་ཉེས་བཀལ་མི་དེ་ལུ་ སེམས་དང་མ་བདེན་ཟེར་ ཨིན་པས།

དེ་ཡང་ ཞབས་ཏོག་བློན་པོ་གྲེསཔ་ ཡེ་ཤེས་སྦྱིན་པ་ལུ་ ལི་མེ་ཌོན་ཟ་ཁང་ལུ་ ངན་ལྷད་ཀྱི་ཐོག་ལས་ དངུལ་འབྲེལ་སེམས་ཤུགས་མ་དངུལ་ བྱིན་ཡོད་པའི་ཁ་ཉེས་བཀལ་བའི་ཤུལ་ལུ་ བློན་ཆེན་གྱི་ སྒེར་ཁྱིམ་གྱི་ཉེན་སྲུང་ཐུན་རྐྱེན་བཙུགས་མི་དེ་ལུ་ ངན་ལྷད་ཨིན་པའི་ ཁ་ཉེས་བཀལ་ཡོད་རུང་ སྤྱི་ལོ་༢༠༡༤ གི་ ཉེན་སྲུང་ལམ་ལུགས་དང་འཁྲིལ་ཏེ་ མི་དམངས་ཀྱི་མ་དངུལ་ ལག་ལེན་འཐབ་ཡོདཔ་སྦེ་ བཤད་ཅི།[...] རྒྱས་པར་ལྷག།

"ཉེན་སྲུང་མཐུན་རྐྱེན་མ་དངུལ་ ལག་ལེན་འཐབ་མི་ཚུ་ ལོག་སྤྲོད་དགོཔ།"

ས་གཞི་ཡུན་བརྟན་དང་ འཛིན་སྐྱོང་ལས་འགུལ་གྱི་ གོ་བསྡུར་ཞལ་འཛོམས།

འཇིགས་མེད་བསྟན་འཛིན།

ཕུན་ཚོགས་གླིང་ལུ་སྦེ་ ཉིན་གྲངས་༣ གི་རིང་ལུ་ དབུས་ཕྱོགས་དང་ ནུབ་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ ས་གཞི་ཚུ་ ཡུན་བརྟན་དང་ འཛིན་སྐྱོང་འབད་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས་དེ་ཁར་ མི་གྲངས་༤༦ གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།

ཞལ་འཛོམས་དེ་ཡང་ ས་གཞི་ཡུན་བརྟན་དང་ འཛིན་སྐྱོང་འབད་ཐབས་ཀྱི་ ལས་འགུལ་ཅིག་འབདཝ་ལས་ ད་ལྟོ་ཚུན་ ས་གཞི་མི་མཉམ་གནས་ཚད་དང་ སྐྱེ་ལྡན་གནས་སྟངས་རིམ་ལུགས་ལུ་ ཕན་ཐོགས་ དེ་ལས་ ལས་འགུལ་གྱི་ལས་སྣ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ དཀའ་ངལ་དང་ གདོང་ལེན་བྱུང་ཡོད་མི་ དེ་བཟུམ་སྦེ་ ཐབས་ལམ་དང་ གནས་སྐབས་ཚུ་ གྲོས་བསྟུན་འབད་ཐབས་ལུ་དམིགས་ཏེ་ བསམ་འཆར་དང་ ཉམས་མྱོང་ དེ་ལས་ རྒྱབ་སྣོན་ངོ་སྦྱོར་ཚུ་ བརྗེ་སོར་འབད་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"ས་གཞི་ཡུན་བརྟན་དང་ འཛིན་སྐྱོང་ལས་འགུལ་གྱི་ གོ་བསྡུར་ཞལ་འཛོམས།"

གྲོགས་རམ་ལས་འགུལ་༢ གུ་ མཚན་རྟགས་བཀོད་ཡོདཔ།

འཇིགས་མེད་བསྟན་འཛིན།

འབྲུག་རང་བཞིན་གནས་སྟངས་ཉམས་སྲུང་བློ་གཏད་མ་དངུལ་གྱིས་ གྲོང་གསེབ་ཚུ་ནང་ མི་དང་ རི་དྭགས་སེམས་ཅན་གྱི་བར་ནའི་ དཀའ་ངལ་སེལ་ཐབས་ལུ་ སྐྱེ་ལྡན་རིགས་སྣ་དང་ འཐུང་ཆུ་ཚུ་ ཡུན་བརྟན་བཞག་ཐབས་ལུ་ གྲོགས་རམ་ལས་འགུལ་༢ གིས་ ཕན་ཐོགས་འབྱུང་ནི་ཨིན་པས།

དེ་ཡང་ འབྲུག་རང་བཞིན་གནས་སྟངས་ཉམས་སྲུང་བློ་གཏད་མ་དངུལ་གྱིས་ ཏ་ར་ཡཱ་ན་གཞི་ཚོགས་དང་ པད་མ་དགའ་ཚལ་ མངའ་ཁོངས་ཡིག་ཚང་སྡེ་ཚན་གཉིས་དང་གཅིག་ཁར་ ས་ཡ་སྟོང་ཕྲག་༡༩,༧༣༣,༤༠༠ གནས་པའི་ གྲོགས་རམ་ལས་འགུལ་༢ གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"གྲོགས་རམ་ལས་འགུལ་༢ གུ་ མཚན་རྟགས་བཀོད་ཡོདཔ།"

རང་བཞིན་གནས་སྟངས་ ཡུན་བརྟན་བཞག་ཐབས་ལུ་ འགོ་བརྡའི་ལས་རིམ།

འཇིགས་མེད་བསྟན་འཛིན།

སྤྱི་ཟླ་འདི་གི་ཚེས་༢༢ ལུ་ རྒྱལ་འཛིན་མཐོ་རིམ་སློབ་གྲྭ་ནང་ལུ་ གནམ་གཤིས་འགྱུར་བ་དང་འཁྲིལ་ཏེ་ རང་བཞིན་གནས་སྟངས་ཡུན་བརྟན་གནས་ཐབས་ལུ་ གནས་སྐབས་དང་གྲོས་བསྟུན་གྱི་ འགྲེམས་སྟོན་དང་འབྲེལ་བའི་ ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ལས་རིམ་འདི་ནང་ལུ་ འབྲུག་དང་ཨིང་ལེནཌ་ཀྱི་གྲོང་གསེབ་ཚུ་ནང་ མི་སྡེའི་ལམ་སྲོལ་མ་འདྲཝ་ཡོད་མི་ཚུ་གི་སྐོར་ལས་ གཞི་བཞག་སྟེ་ གསུང་གྲོས་གནང་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"རང་བཞིན་གནས་སྟངས་ ཡུན་བརྟན་བཞག་ཐབས་ལུ་ འགོ་བརྡའི་ལས་རིམ།"

ཀུན་གསལ་ཕོ་བྲང་གི་ མཐའ་འཁོར་གནས་སྟངས་  ཧིང་སང་ས་བཞག་ཐབས་ལུ་ གསང་སྤྱོད་ཀྱི་ཞབས་ཏོག

ཆོས་ཉིད་བཟང་མོ།

ཐིམ་ཕུག་ཀུན་གས་ཕོ་བྲང་ནང་སྦེ་ བཀའ་འགྱུར་ལྗགས་ལུང་གནང་ས་ལུ མི་སེར་སྟོང་ཕྲག་ལས་བཅད་འཛོམས་ཡོདཔ་ལས་ ཆབ་གསང་ག་འཐོབ་གཏང་མི་ལུ་བརྟེན་ མཐའ་འཁོར་གནས་སྟངས་ཚུ་ ཁམས་ལོག་སི་སི་བཟོ་ཡོདཔ་ལས་ གསོ་བའི་ལྷན་ཁག་གི་ སྡེ་ཚན་ཚུ་གིས་ འདི་བཟུམ་གྱི་ཐབས་ལམ་ལུ་ ཀུན་གསལ་ཕོ་བྲང་གི་ ཉེ་འདབས་ལུ་ ཆབ་གསང་༧༠ ལྷགཔ་རྐྱབ་ཡོདཔ་ཨིན་པས།

ཨིན་རུང་ ལ་ལུ་ཅིག་གིས་ ཆབ་གསང་ཚུ་ ནགས་ཚལ་ནང་ གཏང་དོ་ཡོདཔ་ལས་ དེ་གི་སྦེ་ ནད་གཞི་མ་འདྲཝ་འཐོབ་ནི་ཉེན་ཁ་ཡོདཔ་ལས་ གསོ་བའི་ལྷན་ཁག་གི་ཧོངས་ལས་ མི་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་དོ་ཡོདཔ་ཨིན་མས།[...] རྒྱས་པར་ལྷག།

"ཀུན་གསལ་ཕོ་བྲང་གི་ མཐའ་འཁོར་གནས་སྟངས་  ཧིང་སང་ས་བཞག་ཐབས་ལུ་ གསང་སྤྱོད་ཀྱི་ཞབས་ཏོག"

ཕྱགས་སྙིགས་དང་འབྲེལ་བའི་ གདོང་ལེན་མར་ཕབ་འབད་ཐབས་ལུ་ ཅ་ཆས་ཚུ་བཟོ་ནི་གི་ སྦྱོང་བརྡར་ལས་རིམ།

འཇིགས་མེད་བསྟན་འཛིན།

རྒྱལ་ཁབ་དང་མི་སྡེ་ནང་ལུ་ ཕྱགས་སྙིགས་མར་ཕབ་ཀྱི་ ཐབས་ལམ་གཙོ་བོ་ཅིག་  ལོག་སྟེ་ར་ལག་ལེན་འཐབ་བཏུབ་པའི་ ཐོན་དངོས་མ་འདྲཝ་ཚུ་བཟོ་སྟེ་ ཚོང་འབྲེལ་འཐབ་ནི་འདི་ཨིནམ་ལས་ ཏ་ར་ཡཱ་ན་གཞི་ཚོགས་དང་ ཀུན་ལེགས་གཞི་ཚོགས་གཉིས་ མཉམ་རུབ་ཐོག་ལས་ སྤྱི་ཟླ་འདི་གི་སྤྱི་ཚེས་༡༧ ལས་འགོ་བཙུགས་ཏེ་ ཕྱགས་སྙིགས་འཛིན་སྐྱོང་གི་ སྦྱོང་བརྡར་ཐེངས་༢ པ་ ཐིམ་ཕུག་ལུ་སྦེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

སྦྱོང་བརྡར་འདི་ཡང་ གཙོ་བོ་རང་ ཐིམ་ཕུག་རྗོང་ཁག་ནང་འཁོད་ལུ་ འོང་འབབ་ཉུང་སུ་ལས་འཐོབ་ནི་མེད་མི་དང་ དམག་སྡེའི་ཨམ་སྲུང་ ཕམ་ཡ་གཅིག་སྦེ་མི་ དེ་ལས་ ཏ་རཱ་ཡ་ནའི་ འཐུས་མི་དང་སློབ་སྟོན་པ་ འདི་བཟུམ་སྦེ་ སློབ་ཕྲུག་བུམོ་ཚུ་བརྩི་སྟེ་ མི་ངོམ་༣༥ དེ་ཅིག་གིས་ བདུན་ཕྲག་གཉིས་ཀྱི་ ལས་རིམ་ནང་ལུ་ གྲལ་གཏོགས་འབད་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"ཕྱགས་སྙིགས་དང་འབྲེལ་བའི་ གདོང་ལེན་མར་ཕབ་འབད་ཐབས་ལུ་ ཅ་ཆས་ཚུ་བཟོ་ནི་གི་ སྦྱོང་བརྡར་ལས་རིམ།"

ཕྱགས་སྙིགས་ག་ལྷོད་བཀོ་མི་ཚུ་ འཛིན་བཟུང་འབད་དེ་ ཉེས་ཆད་ ཕྱགས་སྙིགས་ག་ལྷོད་བཀོ་མི་ཚུ་ འཛིན་བཟུང་འབད་དེ་ ཉེས་ཆད་བཀལ་ནི་དོན་ལུ་ ཉིན་མཚན་མེད་པར་ལྟ་རྟོག་གི་ལས་རིམ།

པ་སངས་སྒྲོལ་མ།
རྒྱལ་ཁབ་ཧིང་སང་ས་བཞག་ནི་འདི་ འབྲུག་མི་རེ་རེ་གི་ འགན་ཁུར་ཨིནམ་ལས་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོ་ནི་ལས་ ག་དེ་དྲག་དྲག་འཛེམ་དགོཔ་ཨིན་པས།
ཐིམ་ཕུག་ཁྲོམ་སྡེ་གི་ མཐའ་སྐོར་གཙོ་འཛིན་འགོ་དཔོན་གྱིས་སྦ་མི་ནང་ ཕྱགས་སྙིགས་ཚུ་ མི་སེར་གྱི་སྟབས་བདེ་སྡུག་ལུ་དམིགས་ཏེ་ ཕྱི་རུ་ཆུ་ཚོད་ ༦ ལས་༩ ཚུན་ བསྡུ་ལེན་འབད་ནི་གི་ ལས་རིམ་ཚུ་འཕྲལ་མགྱོགས་སྦེ་རང་ འགོ་བཙུགས་ནི་ཨིནམ་ད་ ད་རེས་ནངས་པ་ ཨོ་ལོ་ཁ་ ལུང་བསྟན་ཟམ་པ་དང་ལྕང་ཇི་ཇི་ དེ་ལས་ ལྕང་ཇ་ལུའི་ ས་ཁོངས་ཚུ་ནང་ མོ་བཏབ་ཀྱི་དོན་ལུ་ བསྡུ་ལེན་འབད་བའི་བསྒང་རང་ཡོདཔ་ད་ དེ་ཡང་ དུས་ཚོད་ཅིག་ཁར་ མི་མང་ཤོས་ཅིག་རང་ རང་སོའི་ཁྱིམ་ནང་ བསྡོད་དོ་ཡོདཔ་ལས་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
ཕྱགས་སྙིགས་བསྡུ་ལེན་འབད་བའི་སྐབས་ལུ་ དཀའ་ངལ་སྦོམ་ཤོས་རང་ ཚོང་ཁང་དང་ཡིག་ཚང་གི་ ས་གནས་ཚུ་ནང་ལས་ཕར་བསྡོད་མི་ཚུ་གིས་ ཕྱགས་སྙིགས་བསྡུ་ལེན་འབད་ནི་འདི་ ཉིན་མ་དགོཔ་སྦེ་ ཉོག་བཤད་སྐྱེདཔ་ཨིན་རུང་ ཡིག་ཚང་ནང་འགྱོ་མི་ཚུ་གིས་ འབད་བ་ཅིན་ ཕྱི་རུ་བསྡུ་ལེན་འབད་དགོཔ་སྦེ་སླབ་དོ་ཡོདཔ་ཨིན་པས།
ཁྲོམ་སྡེ་ལུ་ སྣུམ་འཁོར་ཀཱར་༢༢ ཡོད་མི་འདི་གིས་ ས་གནས་ཁག་ཚུ་ནང་ ཕྱགས་སྙིགས་བསྡུ་ལེན་འབད་བར་ བདུན་ཕྲག་རེ་ལུ་ ཚར་གསུམ་དེ་རེ་འགྱོ་དོ་ཡོདཔ་ད་ ཁྲོམ་གྱི་ས་གོ་ནང་ བདུན་ཕྲག་རེ་ལུ་ ཚར་དྲུག་དེ་རེ་བསྡུ་ལེན་འབད་དོ་ཡོདཔ་ཨིན་པས།
ཐིམ་ཕུག་ཁྲིམ་སྡེ་གིས་ རྒྱལ་ཁབ་ཀྱི་ ཁེ་ཕན་ལུ་དམིགས་ཏེ་ ཕྱགས་སྙིགས་དང་འབྲེལ་བའི་ ཉེན་སྲུང་ལྟ་རྟོག་འབད་ནི་དོན་ལུ་ མོ་ཊོར་བའེཀ་ བརྒྱད་ནང་འདྲེན་འབད་ཡོདཔ་ད་ སྡེ་ཚན་འདི་གིས་ ཉིན་མཚན་མེད་པར་ ཕྱགས་སྙིགས་ག་ལྷོད་སར་བཀོ་མི་ཚུ་ ལྟ་རྟོག་འབད་དེ་ ཉེས་ཆད་ཚུ་བཀལ་དོ་ཡོདཔ་ཨིན་པས།

གནད་དོན་འདི་ལུ་བརྟེན་ཏེ་ འབྲུག་མི་ག་ར་གིས་ རང་སོའི་ཕྱགས་སྙིགས་ཚུ་ ག་ལྷོད་མ་བཀོ་བར་ རྒྱལ་ཁབ་ ཧིང་སང་ས་སྦེ་ བཞག་ཚུགསཔ་ལས་ ཕྱི་རྒྱལ་ལུ་ དཔེ་སྟོན་བཏུབ་ཟེར་ ཐིམ་ཕུག་ཁྲོམ་སྡེ་གི་ མཐའ་སྐོར་གཙོ་འཛིན་འགོ་དཔོན་གྱིས་ བཤད་ཡོད་པའི་གནས་ཚུལ།

"ཕྱགས་སྙིགས་ག་ལྷོད་བཀོ་མི་ཚུ་ འཛིན་བཟུང་འབད་དེ་ ཉེས་ཆད་ ཕྱགས་སྙིགས་ག་ལྷོད་བཀོ་མི་ཚུ་ འཛིན་བཟུང་འབད་དེ་ ཉེས་ཆད་བཀལ་ནི་དོན་ལུ་ ཉིན་མཚན་མེད་པར་ལྟ་རྟོག་གི་ལས་རིམ།"

ཐིམ་ཁྲོམ་ནང་འཁོད་ཀྱིས་ འཁོར་ལམ་ལེགས་བཅོས་འབད་ནི་དོན་ལུ་ མ་དངུལ་གྲོགས་རམ།

པདྨ་གཡུ་སྒྲོན།

འབྲུག་གཞུང་གིས་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ལས་ ཡུ་ཨེས་ཨེས་ས་ཡ་༤.༢༦ གིས་ གྲོགས་རམ་ཐོབ་ཏེ་ཡོད་མི་འདི་ ཐིམ་ཕུག་ཁྲོམ་སྡེ་ནང་འཁོད་ཀྱི་ འཁོར་ལམ་ཚུ་ ལེགས་བཅོས་འབད་ནི་དོན་ལུ་ ད་རེས་ འགོ་དང་པ་ ཁྲོམ་ཚོགས་ཀྱི་ས་ཁོངས་ཀྱིས་དོན་ལུ་ ཐོབ་ཡོད་པའི་ གྲོགས་རམ་ཅིག་ཨིན་པས།

ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ ཐིམ་ཕུག་ཁྲོམ་སྡེ་ནང་འཁོད་ཀྱི་འཁོར་ལམ་ ལེགས་བཅོས་ལས་འགུལ་གྱིས་ མ་དངུལ་གྲོགས་རམ་གྱི་ཐོག་ལུ་ ལཱ་ཚུ་ སྤྱི་ལོ་༢༠༡༦ སྤྱི་ཟླ་༡༢ པའི་སྤྱི་ཚེས་༥ ལུ་ འགོ་བཙུགས་ཏེ་ཡོད་མི་འདི་ ལོ་ལྔའི་དུས་ཡུན་གྱི་ ལས་འགུལ་ཅིག་ཨིན་པས།[...] རྒྱས་པར་ལྷག།

"ཐིམ་ཁྲོམ་ནང་འཁོད་ཀྱིས་ འཁོར་ལམ་ལེགས་བཅོས་འབད་ནི་དོན་ལུ་ མ་དངུལ་གྲོགས་རམ།"