མི་ཚེ་སྐྱོང་ཐབས་ལུ་ འདོད་སྤྱོད་དང་འབྲེལ་བའི་ བྱ་ངན་འབད་དགོ་པའི་གནད་དོན།

ཆོས་ཉིད་བཟང་།

རྒྱལ་ཁབ་ནང་ལུ་ སྨད་འཚོང་གི་ བྱ་ངན་ཚུ་འབད་མ་ཆོགཔ་ཨིན་རུང་ ལ་ལུ་ཅིག་ལུ་ རང་སོའི་མི་ཚེ་སྐྱོང་ཐབས་ལུ་ འབད་ཐབས་མེད་པར་ འབད་དགོ་པའི་ ལཱ་ཅིག་ལུ་བསྒྱུར་ཏེ་ཡོདཔ་ཨིན་པས།

གནད་དོན་འདི་ལུ་ སྐྱེ་ལོ་༢༤ ལང་མི་ ཨམ་སྲུ་ཅིག་གིས་སླབ་མི་ནང་ མོ་རའི་གཡུས་ཐིམ་ཕུག་ལས་ཨིན་རུང་ ཕམ་སྤུན་ཆ་ཚུ་ སྤ་རོ་ལུ་གཞི་ཆགས་ཏེ་ སྡོད་དོ་ཡོདཔ་ད་ མོ་ར་ལོ་ངོ་༡༢ དེ་ཅིག་གི་ ཧེ་མ་ མོ་རའི་ཨ་རོགས་དགའ་རོགས་དང་གཅིག་ཁར་ གཉེན་རྐྱབ་སྟེ་ སྡོད་ནི་གི་ རེ་བ་བསྐྱེད་དེ་ ཐིམ་ཕུག་ལུ་ལྷོད་དེ་ ལོ་ངོ་༤ གི་ཤུལ་ལས་ མོ་རའི་དགའཝ་མཟུན་ཤེས་འདི་ ཉེས་ལས་ལས་བརྟེན་ བཙོན་ཁྲིམས་ཕོག་ཡོདཔ་ལས་ སྨད་འཚོང་གི་ལཱ་འབད་དགོ་པའི་ གནས་སྟངས་ཅིག་ལུ་ བསྒྱུར་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"མི་ཚེ་སྐྱོང་ཐབས་ལུ་ འདོད་སྤྱོད་དང་འབྲེལ་བའི་ བྱ་ངན་འབད་དགོ་པའི་གནད་དོན།"

རྫོང་ཁ་འབྲི་ལྷག་ལུ་ སྤྲོ་བ་བསྐྱེད་ཐབས་ལུ་ མི་མང་གི་འབྲི་མི་རྩོམ་དང་སྲུང་ དེ་ལས་ བློ་ཟེ་དང་དཔེ་གཏམ་ཚུ་ དག་བཅོས་མ་རྐྱབ་པར་ རང་འཇགས་ག་ཨིནམ་སྦེ་བཞག་སྟེ་ ཁོང་རའི་གནས་ཚད་ ལེགས་བཅོས་འབད་ནི་གི་ ཤོག་དེབ་ཅིག་སྦེ་བཞགཔ་ཨིན།

དཔེ་གཏམ།

༡༽ རོགས་ཀྱི་མགུ་ལུ་ཤིག་འགྱོཝ་མཐོང། །རང་གི་སྒྱིད་པར་ཨ་བ་ཞལཝ་མ་མཐོང་།།   ༢) རང་གི་སྒྱིད་པར་ཨ་བ་ཞལཝ་མ་མཐོང། །རོགས་ཀྱི་སྒྱིད་པར་ཆུ་ཞལཝ་མཐོང།།

༣) རྨ་སྦེ་དྲག་ནི་ཅིག་དང་། །ཤ་སྦེ་རུལ་ནི་ཅིག་མེད།།                         ༤) བློ་རོགས་ཀྱི་བཙོངན྄་ཕྱེད་ཀ །རང་གིས་བཙོངན྄་ཧྲིལ་པོ།།[...] རྒྱས་པར་ལྷག།

"རྫོང་ཁ་འབྲི་ལྷག་ལུ་ སྤྲོ་བ་བསྐྱེད་ཐབས་ལུ་ མི་མང་གི་འབྲི་མི་རྩོམ་དང་སྲུང་ དེ་ལས་ བློ་ཟེ་དང་དཔེ་གཏམ་ཚུ་ དག་བཅོས་མ་རྐྱབ་པར་ རང་འཇགས་ག་ཨིནམ་སྦེ་བཞག་སྟེ་ ཁོང་རའི་གནས་ཚད་ ལེགས་བཅོས་འབད་ནི་གི་ ཤོག་དེབ་ཅིག་སྦེ་བཞགཔ་ཨིན།"

གཞུང་དང་སྒེར་སྡེའི་ ཁྲོམ་གྱི་སྣུམ་འཁོར་བཱསི་གཏང་མི་ཚུ་ལུ་ གཞུང་གི་ཁྲིམས་ལུགས་མེདཔ་ཨིན་ན?

གླ་འཁོར་དང་བཱསི་གཉིས་ཆ་རང་ མི་མང་གི་དོན་ལུ་ སྐྱེལ་འདྲེན་གྱི་ཞབས་ཏོག་སྤྲོད་མི་ཅིག་ཨིན་རུང་ འོང་འབབ་ཆུང་ཀུ་ཅིག་ལས་འཐོབ་ནི་མེད་མི་ཚུ་གི་དོན་ལུ་འབད་བ་ཅིན་ གླ་འཁོར་དང་ཕྱདཔ་ད་ ཟད་འགྲོ་གླ་ཆ་གི་འཐུས་ བརྒྱ་ཆ་༦༠ དེ་ཅིག་གིས་ཕམ་ཕབ་འབད་དེ་ གཏང་མ་དགོཔ་ལས་ མི་མང་ལུ་ ཕན་ཐོགས་ཅན་ཅིག་ཨིན་རུང་ གློ་འཁོར་གཏང་མི་ཚུ་ལུ་འབད་བ་ཅིན་ ཁོང་རའི་ཚོང་འབྲེལ་གྱི་འོང་འབབ་ལུ་ མདོ་དྲེན་ཅན་ཅིག་སྦེ་འགྱུར་ཏེ་ ཐོ་ཕོག་དོ་ཡོདཔ་ཨིན་པས།

འདི་ཡང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ཧོངས་ལས་ ཁྲིམས་ལུགས་ཚུ་ ལེགས་ཤོམ་སྦེ་བརྩམས་གནང་སྟེ་ཡོདཔ་ཨིན་རུང་ ཁྲིམས་ལུགས་བདག་འཛིན་འཐབ་མི་ཚུ་གིས་ གཞུང་དང་སྒེར་སྡེའི་ ཁྲོམ་སྡེ་སྣུམ་འཁོར་གཏང་མི་ཚུ་ལུ་ འགྲུལ་པ་ཚུ་ ཚད་ལས་བརྒལ་ཏེ་ གཅིག་གིས་གཅིག་ལུ་ ཨེབ་སྟེ་རྐངམ་བཀལ་ས་ཡང་མེད་པར་ འབག་ས་མཐོང་རུང་ ཁྲིམས་དང་འཁྲིལ་ཏེ་ ཉེས་བྱ་བཀལ་ནི་འདི་ཕ་རང་བཞག་ མ་མཐོངམ་བཟུམ་སྦེ་བཟོ་སྟེ་ སྡོད་དོ་ཡོདཔ་མ་ཚད་ མཐོང་སྟེ་རང་འབད་རུང་ དེབ་སྔོན་དང་ སྣུམ་འཁོར་གཏང་ཆོག་པའི་ ཆོག་ཐམ་ཚུ་ཚར་ཅིག་ལེན་ཏེ་ ཨ་རྟག་ག་ཨིནམ་སྦེ་ བཞག་མི་དང་ ཉེས་བྱ་མ་བཀལ་མི་ལུ་བལྟ་བ་ཅིན་ རྒྱལ་ཁབ་གཅིག་ལུ་ ཁྲིམས་ལུགས་གཉིས་ཡོད་དོ་བཟུམ་གྱི་ ཚོར་སྣང་ཡང་ཤརཝ་ཨིན་པས།

གླ་འཁོར་གཏང་མི་ཚུ་ལུ་འབད་བ་ཅིན་ རྒྱུན་འགྲུལཔ་ཚུ་གིས་ཧོངས་ལས་ འགྲུལ་པ་སྐྱེས་ལོ་༨ དང་༩ འབད་མི་ཚུ་འབག་རུང་ འགྲུལ་པ་འཐེབ་འབག་ནུག་ཟེར་འདི་དང་འཁྲིལ་བའི་ ཉེས་བྱ་ཚུ་ དངུལ་ཀྲམ་གཅིག་ཡང་ འཛེམ་ཐབས་དང་དགོངས་ཡངས་མེད་པར་ དངུལ་གྱི་རྩིས་འབྱོར་ཚུ་ བཏོག་བྱིན་དོ་ཡོདཔ་ལས་ ཉིན་ནུབ་མེད་པར་ དཀའཝ་དཔྱད་དེ་ ལཱ་འབད་མི་ ཉིནམ་གཅིག་གི་ འོང་འབབ་ཚུ་ བྱ་འཐབ་མེད་པར་ སྤྲོད་དགོཔ་འཐོན་དོ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"གཞུང་དང་སྒེར་སྡེའི་ ཁྲོམ་གྱི་སྣུམ་འཁོར་བཱསི་གཏང་མི་ཚུ་ལུ་ གཞུང་གི་ཁྲིམས་ལུགས་མེདཔ་ཨིན་ན?"

བློ་ཟེ།

༡༽ སྒརཔ་ཁྱོད་དང་ཧུམ་པ་སྦབ་ཅུང་འདྲ། །ཟམོ་ང་དང་གྱི་ཅུ་དཔྱལ་ཐེམ་འདྲ། །ང་གྱི་ཅུ་དཔྱལ་ཐེམ་འོངམ་ལས། །ཁྱོད་ཧུམ་པ་སྦབ་ཅུང་སྡོད་རྒྱུ་མེད། །སྡོད་རྒྱུ་མེད་རུང་ཨ་ཙི་སྡོད། །ང་གྱི་ཅུ་དཔྱལ་ཐེམ་འོངམ་ལས། །ཁྱོད་བཞོགས་ཅི་བཞོགས་ཅི་བཀོ་ད།།

༢༽ ཨམ་སྲིན་མོའི་རྒྱལ་མོའི་སྒོ་ཁར། །གླང་ལས་དབང་ཅན་གྱི་དཔའ་རྟགས་ཡོད། །ཨ་ཕོག་རེ་རེ་གཏངམ་ད། །ལུད་ཕུང་དགུ་དགུ་བསགས་སྦི། །རྭ་ཕོག་རེ་རེ་རྐྱབ་ད། །བར་ཚིགས་དགུ་དགུ་བརྡལ་ཝི། །གོམ་ཐེངས་རེ་རེ་སྤོཝ་ད། །རྡོ་ཆལ་བཞི་བཀག་རྐྱབ་སྦི། །ཧིག་ཐེངས་རེ་རེ་རྐྱབ་ད། །ཐགཔ་པགས་ཐག་དགུ་དགུ་བཏོག་སྦི།།

༣༽ རི་ཕར་ཁའི་རི་དང་ཚུར་ཁའི་རི། །ཕར་ཁའི་རི་འདི་སྒ་མ་རི། །ཚུར་ཁའི་རི་འདི་སྤག་ཤིང་རི། །རི་དེ་ཚུ་གསུང་སྒྲོས་མེད་མི་འདི། །ཆུམོ་གཙང་ཆབ་ཆུ་མོས་ལནམ་མས། །ཡངན་ཆུ་འགོ་རྐ་ལས་བརྡལ་དགོ་པས། །ཡངན་ཆུ་མར་ཟམ་ལྕགས་བསྣར་དགོ་པས། ། ཆུ་འགོ་རྐ་ལས་བརྡལ་བ། །ཆུ་མར་ཟམ་ལྕགས་བསྣར་དཔ་དྲག།[...] རྒྱས་པར་ལྷག།

"བློ་ཟེ།"