ཨེ་ཤི་ཡ་རྐང་རྩེད་རྟགས་མའི་དོན་ལུ་ མཐའ་དཔྱད་རྩེད་འགྲན་གྱི་སྦྱང་བ།

འཇིགས་མེད་བསྟན་འཛིན།

ཐིམ་ཕུག་ལྕང་གླིང་མི་ཐང་ནང་སྦེ་ འབྲུག་རྒྱལ༌ཡོངས༌རྐང༌རྩེད༌ཚོགས༌པའི༌ སྡེ༌ཚན༌ཚུ༌གིས་ སྤྱི་ཟླ་༣ པའི་ སྤྱི་ཚེས་༢༧ ལུ་ མཱལ་ཌེབས་རྒྱལ་ཁབ་དང་གཅིག་ཁར་ དོ་འགྲན་འབད་ནི་དོན་ལུ་ སྦྱང་བ་ཚུ་འབད་བའི་བསྒང་ར་འདུག

རྩེད་འགྲན་དེ་ཡང་ ཨེ་ཤི་ཡ་རྐང་རྩེད་མཐུན་ཚོགས་ཀྱིས་ འགོ་འདྲེན་འཐབ་ཡོད་པའི་ སྤྱི་ལོ་༢༠༡༩ གི་ལོ་ལུ་ ཨེ་ཤི་ཡ་རྐང་རྩེད་རྟགས་མའི་ མཐའ་དཔྱད་རྩེད་འགྲན་གྱི་དོན་ལུ་ ཨེ་ཤི་ཡའི་རྒྱལ་ཁབ་ཚུ་གིས་ བཅར་མར་གཏོགས་ཡོད་པའི་ རྐང་རྩེད་སྡེ་ཚན་ཚུ་གིས་ མཐར་འཁྱོལ་གྱི་དོན་ལུ་ དོ་འགྲན་འབད་ནི་ཨིན་པས།[...] རྒྱས་པར་ལྷག།

"ཨེ་ཤི་ཡ་རྐང་རྩེད་རྟགས་མའི་དོན་ལུ་ མཐའ་དཔྱད་རྩེད་འགྲན་གྱི་སྦྱང་བ།"

འབྲུག་རྩེད་རིགས་ཚོགས་པ་གིས་ ཕོ་སྐྱེས་དང་ ཨམ་སྲུའི་ ཁུ་རུ་འགྲན་བསྡུར་འགོ་འདྲེན།

ཆོས་ཉིད་བཟང་མོ།

འབྲུག་རང་ལུགས་རྩེད་རིགས་ཚོགས་པ་གིས་ སྤྱི་ཟླ་འདི་གིས་ སྤྱི་ཚེས་༥ ལས་འགོ་བཙུགས་ཏེ་ སྤྱི་ཚེས་༡༨ ཀྱི་ནང་འཁོད་ལུ་ ཐིམ་ཕུག་ ལྕང་འབངས་འབྲུའི་རྩེད་ཐང་ནང་སྦེ་ འབྲུག་མི་ ཕོ་མོ་ སྤྲོ་བ་ཡོད་མི་ཚུ་གི་དོན་ལུ་ ཁུ་རུའི་འགྲན་བསྡུར་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན་པས།

འདི་ནང་ བཅའ་མར་གཏོགས་མི་ ཕོ་སྐྱེས་སྡེ་ཚན་ཁག་༧ དང་ ཨམ་སྲུ་སྡེ་ཚན་༩ གིས་ བཅའ་མར་གཏོགས་ཏེ་ཡོདཔ་བཞིན་དུ་ སྡེ་ཚན་རེ་ནང་ མི་ངོམ་༨ རེ་ཡོད་ས་ལས་ མི་ངོམ་གཅིགཔོ་འདི་ གལ་སྲིད་ སྡེ་ཚན་དེ་ནང་ བྱ་སྟབས་མ་བདེཝ་རེ་འབྱུང་པ་ཅིན་ ཚབ་སྦེ་རྩེད་འགྲན་འབད་ནི་ལུ་ཨིན་པས།[...] རྒྱས་པར་ལྷག།

"འབྲུག་རྩེད་རིགས་ཚོགས་པ་གིས་ ཕོ་སྐྱེས་དང་ ཨམ་སྲུའི་ ཁུ་རུ་འགྲན་བསྡུར་འགོ་འདྲེན།"

ཊའི་ཀཱོན་ཌོ་བེཌ་བཱེལ་གྱི་ རྒྱལ་ཡོངས་རྩེད་འགྲན་ ཐེངས་༥ པའི་ནང་ལས་ མོང་སྒར་རྫོང་ཁག་གིས་ དྲག་ཤོས་༢ པ་ཐོན་ཡོདཔ།

བསོད་ནམས་ལྷུན་གྲུབ།

འདས་པའི་ ཚེས་༢༧ ལས་༢༨ ཚུན་ ཉིན་གྲངས་༢ གི་རིང་ ཊའི་ཀཱོན་ཌོ་བེཌ་བཱེལ་གྱི་ རྒྱལ་ཡོངས་རྩེད་འགྲན་ ཐེངས་༥ མཇུག་བསྡུཝ་དང་འབྲེལ་ སྐུ་མགྲོན་གཙོ་བོ་སྦེ་ མངོན་མཐོའི་ཁྲིམས་བདུན་གྱི་ དྲང་དཔོན་ དྲག་ཤོས་ཚེ་རིང་རྡོ་རྗེ་གིས་ རྒྱལ་རྟགས་དང་ དངུལ་རྐྱང་གི་ གསོལ་རས་ཚུ་ གནང་ཡོདཔ་ཨིན་པས།

རྩེད་འགྲན་དེ་ནང་ ན་གཞོན་༢༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ད་ གཟུགས་ཀྱི་ལྗིད་ཚད་དང་བསྟུན་པའི་ ཆེ་རིམ་གྱི་དབྱེ་ཁག་༨ དང་ ཆུང་རིམ་གྱི་དབྱེ་ཁག་༩ སྦེ་ སྤྱིར་བཏང་གི་ ལྗིད་ཚད་དམའ་ཤོས་༤༢ དང་ མཐོ་ཤོས་༨༩ འབད་མི་ཚུ་གི་བར་ན་ རྩེད་འགྲན་འབད་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"ཊའི་ཀཱོན་ཌོ་བེཌ་བཱེལ་གྱི་ རྒྱལ་ཡོངས་རྩེད་འགྲན་ ཐེངས་༥ པའི་ནང་ལས་ མོང་སྒར་རྫོང་ཁག་གིས་ དྲག་ཤོས་༢ པ་ཐོན་ཡོདཔ།"

ཨེ་ཨེབ་སི་ རྒྱལ་རྟགས་༢༠༡༨ ཀྱི་དོན་ལུ་ སྔོན་འགྲོའི་ རྐང་རྩེད་འགྲན་བསྡུར།

ཆོས་ཉིད་བཟང་མོ།

རྒྱ་གར་རྒྱལ་ཁབ་ བེང་གཱ་ལུ་རུ་ སིརི་ ཀཱན་ཀྲི་རཱ་བཱ་ རྩེད་ཐང་ནང་སྦེ་ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་རྟགས་ དྲག་ཤོས་འཐོབ་ནིའི་དོན་ལུ་ སྔོན་འགྲོའི་ རྐང་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་མི་ནང་ འབྲུག་རྒྱལ་ཁབ་ལས་ ཊན་པོཌ་ཡུ་ནེའི་ཀྲཌ་ ཨེབ་སི་གིས་ འདས་པའི་ སྤྱི་ཚེས་༣༠ གི་ཕྱི་རུ་ ཆུ་ཚོད་༠༨.༣༠ ལུ་ བེང་གཱ་ལུ་རུ་ ཨེབ་སི་ རྩེད་འགྲན་པ་ཚུ་དང་གཅིག་ཁར་ རྩེད་འགྲན་འབད་ཡོདཔ་ཨིན་པས།

རྩེད་ཐང་དེ་ཁར་ རྩེད་འགྲན་འབད་བའི་སྐབས་ འབྲུག་པའི་ ཊན་པོཌ་ཡུ་ནེའི་ཀྲཌ་ ཨེབ་སི་གིས་ གཱོལ་གཅིག་ཡང་ བཙུགས་མ་ཚུགས་པར་ཡོད་རུང་ བེང་གཱ་ལུ་རུ་ ཨེབ་སི་གིས་ གཱོལ་༣ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"ཨེ་ཨེབ་སི་ རྒྱལ་རྟགས་༢༠༡༨ ཀྱི་དོན་ལུ་ སྔོན་འགྲོའི་ རྐང་རྩེད་འགྲན་བསྡུར།"

ན་གཞོན་རྩོལ་སྒྲུབ་གླིང་སྒར་ལས་རིམ་གྱིས་ ན་གཞོན་ཆ་ཁྱབ་ལུ་ཕན་ཐོགས།

བསོད་ནམས་ལྷུན་གྲུབ།

འདས་པའི་སྤྱི་ཚེས་༢༥ ལས་འགོ་བཙུགས་ཏེ་ ཉིན་གྲངས་༧ གི་རིང་ལུ་ ན་གཞོན་རྩོལ་སྒྲུབ་གླིང་སྒར་གྱི་ ལས་རིམ་དེ་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ མཐོ་རིམ་དང་ འབྲིང་རིམ་སློབ་གྲྭ་ཚུ་ནང་ལས་ སྐྱེས་༡༦ ལས་༢༥ གི་བར་ན་འབད་མི་ སློབ་ཕྲུག་༢༤ གིས་ བཅའ་མར་གཏོགས་ཏེ་ སྤྱི་ཚེས་༣༡ ལུ་ མཇུག་བསྡུ་ཡོདཔ་ཨིན་པས།

ན་གཞོན་རྩོལ་སྒྲུབ་གླིང་སྒར་ལས་རིམ་དེ་ འབྲུག་བརྡ་བརྒྱུད་དང་དམངས་གཙོའི་ལྟེ་བ་གིས་ སྤྱི་ལོ་༢༠༡༤ ལས་ཚུར་ འགོ་འདྲེན་འཐབ་ནི་ འགོ་བཙུགས་ཏེ་ གནམ་བྱཱར་དང་ དགུན་གྱི་ངལ་གསོའི་སྐབས་ ན་གཞོན་གི་བློ་སྟོབས་དང་ རིག་རྩལ་ཡར་དྲག་གཏང་ནི་གི་དོན་ལུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"ན་གཞོན་རྩོལ་སྒྲུབ་གླིང་སྒར་ལས་རིམ་གྱིས་ ན་གཞོན་ཆ་ཁྱབ་ལུ་ཕན་ཐོགས།"

མི་དབང་རྒྱལ་སྲས་ རང་ལུགས་མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་པའི་བསྒང་།

ཆོས་ཉིད་བཟང་མོ།

འབྲུག་རང་ལུགས་རྩེད་རིགས་ཚོགས་པ་གིས་ འགོ་འདྲེན་ཐོག་ལས་ མི་དབང་རྒྱལ་སྲས་ མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དེ་ནང་ སྡེ་ཚན་ཁག་༡༤ གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།

མདའ་རྩེད་འགྲན་བསྡུར་དེ་ཁར་ བཅའ་མར་གཏོགས་མི་ སྡེ་ཚན་རེ་ལུ་ མི་ངོམ་༡༣ རེ་ཡོད་རུང་ མི་ངོམ་༡༡ གིས་ རྩེད་འདྲེན་འབད་ནི་ཨིནམ་ད་ གལ་སྲིད་ སྡེ་ཚན་དེ་ནང་ བཅའ་མར་གཏོགས་མི་ མི་ངོམ་དེ་ལུ་ སྟབས་མ་བདེཝ་རེ་ འབྱུང་པ་ཅིན་ ཁོང་གི་ཚབ་སྦེ་ བཅའ་མར་གཏོགས་ནི་དོན་ལུ་ མི་ངོམ་༢ རེ་ བཞག་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"མི་དབང་རྒྱལ་སྲས་ རང་ལུགས་མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་པའི་བསྒང་།"

གསོ་བ་དང་ ལུས་སྦྱོང་ཤེས་ཡོན་གྱི་སློབ་སྟོན་པ་ཚུ་ལུ་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ།

བསོད་ནམས་ལྷུན་གྲུབ།

སྤྱིར་བཏང་གི་ཤེས་ཡོན་ལམ་སྟོན་གྱི་ སྲིད་བྱུས་དང་འཁྲིལཝ་ད་ ན་གཞོན་སློབ་ཕྲུག་ཚུ་ གཟུགས་ཁམས་སྒྲིང་སྒྲིང་སྦེ་བཞག་ནི་ལུ་ སློབ་གྲྭ་ཁག་ཚུ་ནང་ གསོ་བའི་ལམ་སྟོན་དང་ ལུས་སྦྱོང་གྱི་ཤེས་ཡོན་ཚུ་ རྒྱུན་མ་ཆད་པར་ འགོ་འདྲེན་འཐབ་བཞིན་དུ་ཡོདཔ་ད་ བློ་གསར་སློབ་རིམ་ལས་འགོ་བཙུགས་ཏེ་ ཤེས་ཡོན་གྱི་ཆོས་ཚན་ནང་ ཚུད་དེ་ཡོདཔ་ཨིན་པས།

ཤེས་རིག་ལྷན་ཁག་གི་ རྩེད་རིགས་ཚོགས་པ་དང་ ན་གཞོན་རྩེད་རིགས་ཚོགས་པ་གིས་ འགོ་འདྲེན་ཐོག་ལས་ གསོ་བ་དང་ ལུས་སྦྱོང་གི་ཤེས་ཡོན་ སྒྲིང་སྒྲིང་བཟོ་ནི་དང་ ཤེས་ཡོན་འཕྲོ་མཐུད་དེ་ སྤྲོད་ཐབས་ལུ་ སྤུ་ན་ཁ་དང་ ཧཱ་ དེ་ལས དབང་འདུས་ཕོ་བྲང་རྫོང་ཁག་ཚུ་གི་ གསོ་བ་དང་ ལུས་སྦྱོང་གི་སློབ་སྟོན་པ་ཚུ་ལུ་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"གསོ་བ་དང་ ལུས་སྦྱོང་ཤེས་ཡོན་གྱི་སློབ་སྟོན་པ་ཚུ་ལུ་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ།"

ལག་རིལ་རྩེདམོ་གིས་ ཕན་ཐོགས་འབྱུང་ནི་ཨིནམ།

ཆོས་ཉིད་བཟང་མོ།

ལག་རིལ་རྩེདམོ་འདི་ ན་གཞོན་ཚུ་གི་དོན་ལུ་རྐྱངམ་གཅིག་མེན་པར་ ཁྲིམས་སྲུང་འགག་པ་ཚུ་ ཁོང་རའི་ནང་འཁོད་ལུ་ སྡེ་ཚན་བཟོ་སྟེ་ ལག་རིལ་འགྲན་བསྡུར་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།

ཨིན་རུང་ ལོ་ངོ་མང་རབས་ཅིག་གི་ཤུལ་ལས་ ལོག་འགོ་འདྲེན་འཐབ་མི་འདི་ཡང་ ཁོང་རའི་ནང་འཁོད་ལུ་ ལེགས་ཤོམ་སྦེ་ ངོ་ཤེས་ཚུགས་ནི་དང་ མཐུན་ལམ་ཡར་དྲགས་གཏང་འཐབ་ལུ་དམིགས་ཏེ་ སྤྱི་ཟླ་འདི་གི་ སྤྱི་ཚེས་༧ ལས་ འགོ་བཙུགས་ཏེ་ སྤྱི་ཚེས་༡༤ ཚུན་ འགོ་འདྲེན་འཐབ་ནུག[...] རྒྱས་པར་ལྷག།

"ལག་རིལ་རྩེདམོ་གིས་ ཕན་ཐོགས་འབྱུང་ནི་ཨིནམ།"

གཟི་ལོན་རྣམ་རྒྱལ་གླིང་ འབྲིང་རིམ་སློབ་གྲྭ་འོག་མའི་ རྩེད་རིགས་ཀྱི་ཉིནམ།

ཆོས་ཉིད་བཟང་མོ།

རང་གི་ གཟུགས་སྟོབས་སྒྲིང་སྒྲིང་བཞག་ཐབས་ལུ་ གསོ་བའི་ཧོངས་ལས་ མི་མང་འཕྲོད་བསྟེན་གྱི་དོན་ལུ་ བརྡ་བརྒྱུད་ཚུ་ནང་ལས་ཕར་ གོ་བ་བརྡ་སྤྲོད་འབདཝ་མ་ཚད་ སློབ་གྲྭ་ཁག་ཚུ་ནང་ ལས་རིམ་མ་འདྲཝ་བཟོ་ཐོག་ལས་ གོ་བརྡ་སྤྲོད་དོ་ཡོདཔ་ཨིན་པས།

འདི་འབདཝ་ལས་ གཟི་ལོན་སློབ་གྲྭའི་སློབ་ཕྲུག་ཚུ་གི་ གཟུགས་ཁམས་བདེ་ཏོག་ཏོ་བཞག་ནི་དང་ མ་འོངས་པ་ལུ་ ན་གཞོན་ཚུ་ ཤེས་ཡོན་ལས་བརྟེན་ ལཱ་གཡོག་གི་གོ་སྐབས་མ་ཐོབ་རུང་ རྩེད་རིགས་ཀྱི་རིག་རྩལ་ འཐོབ་འདྲཝ་ཅིག་འབད་བ་ཅིན་ མི་ཚེ་སྐྱོང་ཚུགས་པའི་ གོ་སྐབས་ ལོགས་སུ་སྦེ་ བཟོ་ཐབས་ལུ་ སློབ་ཕྲུག་ཚུ་ལུ་ ཆུང་ཀུའི་བསྒང་ལས་ར་ རྩེད་རིགས་ཀྱི་སྦྱོང་བརྡར་ཚུ་སྤྲོད་དེ་ སྤྲོ་བ་ལེན་བཅུག་དོ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"གཟི་ལོན་རྣམ་རྒྱལ་གླིང་ འབྲིང་རིམ་སློབ་གྲྭ་འོག་མའི་ རྩེད་རིགས་ཀྱི་ཉིནམ།"

ཨ་ལོ་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་ གཞི་བཙུགས་འབད་མི་ལུ་བརྟེན་ཏེ་ ཕམ་ཚུ་ལུ་ཕན་ཐོགས།

པ་སངས་སྒྲོལ་མ།

སྤྱི་ལོ་༢༠༠༤ ལས་ འགོ་བཙུགས་ཏེ་ གཞུང་གི་གྲོང་གསེབ་དང་ ཁྲོམ་ནང་སྡོད་མི་ཕམ་ཚུ་ལུ་ ཨ་ལུ་བདག་འཛིན་འཐབ་ནི་གི་ དཀའ་ངལ་འཐོན་དོ་ཡོདཔ་ལས་ ཨ་ལུ་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་ཅིག་ གཞི་བཙུགས་གནང་མི་འདི་གིས་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་ས།

ད་རེས་ གཞུང་གི་ཨ་ལུའི་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་ཚུ་ནང་ ཨ་ལུ་སྐྱེས་ལོ་༣ ལས་ཡན་ཆད་འབད་མི་ཚུ་ རྐྱངམ་གཅིག་གཞི་བཙུགས་ཆོག་ནི་ཨིན་རུང་ སྒེར་སྡེ་ཨ་ལུའི་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་ཚུ་ནང་ ཨ་ལུ་ཟླཝ་༩ འབད་མི་ཚུ་ཡང་ བཙུགས་བཞག་དོ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"ཨ་ལོ་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་ གཞི་བཙུགས་འབད་མི་ལུ་བརྟེན་ཏེ་ ཕམ་ཚུ་ལུ་ཕན་ཐོགས།"