༼བྱུང་རིམ་དང་པ་-མི་ཚེའི་དངོས་བྱུང་ལོ་རྒྱུས༽

ང་བཅས་ག་ར་ཨིན་རུང་ འཛམ་གླིང་འདི་ནང་ སྐྱེས་ཚར་ཞིནམ་ལས་ མ་ཤི་ཚུན་ཚོད་ཀྱི་བར་ན་ རྨི་ལམ་འདྲ་བའི་མི་ཚེ་ནང་ རང་ར་སོ་སོའི་ སྔོན་གྱི་ལས་དང་འཁྲིལ་ཏེ་ དགའ་བ་དང་སྐྱིད་པ་ དེ་ལས་ སྐྱོ་བ་དང་ འཁྲུལ་སྣང་ལ་སོགས་པའི་ སྐྱིད་སྡུག་འདྲ་མིན་སྣ་ཚོགས་སྦེ་ཕོགཔ་ཨིན།

འདི་བཟུམ་སྦེ་ ང་ཡང་ འཛམ་གླིང་འདི་ནང་སྐྱེས་ཏེ་ རྒྱུ་ཤ་དང་ཁྲག་ལས་འགྲུབ་པའི་ དོན་ཧིང་ནང་ཡོད་མི་ དངོས་སུ་མེད་པའི་སེམས་ཁར་ རྫོགས་ནི་མེད་པའི་སྡུག་བསྔལ་ གངས་ལས་ཤང་ཤང་འབབ་པའི་ ཆུ་རྒྱུན་བཟུམ་ཅིག་དང་ བཀའ་དྲིན་ཆེ་བའི་ ཕམ་ཡ་གཅིག་མེད་པར་ བཟོད་མ་ཚུགས་པའི་ སྡུག་བསྔལ་དང་ འབག་མ་ཐེག་པའི་སྐྱིད་སྡུག་ འདྲ་མིན་སྣ་ཚོགས་སྦེ་ཕོག་སྟེ་ར་ ཕོཝ་རྒྱགས་རྒྱགས་པའི་ སྤྱང་ཀ་ཅིག་ཨིན།

ད་་་་་ང་གིས་ ང་རའི་སྐོར་ལས་ ངོ་སྤྲོད་དང་ ད་ཚུན་གྱི་མི་ཚེ་ནང་ སྐྱིད་སྡུག་ག་ཅི་བཟུམ་ཅིག་ཕོག་ཅི་ག་དང་ ད་རེས་ནངས་པ་ གནས་སྟངས་ག་ཅི་བཟུམ་ཅིག་གུར་ལྷོད་དེ་ཡོདཔ་ཨིན་ན་གི་སྐོར་ ལས་ཞུ་ནི་ཨིན།[...] རྒྱས་པར་ལྷག།

"༼བྱུང་རིམ་དང་པ་-མི་ཚེའི་དངོས་བྱུང་ལོ་རྒྱུས༽"

གློག་རིག་ནང་རྫོང་ཁའི་རིམ་ལུགས།

རིམ་ལུགས་སོ་སོ་ཡོད་པའི་ གློག་རིག་ཆེ་བ་ཌེཀསི་ཊོབ་དང་ ཆུང་བ་ལེབ་ཊེབ་ནང་ རྫོང་ཁ་ལག་ལེན་འཐབ་ནིའི་དོན་ལུ་ རྫོང་ཁ་ཡུ་ནི་ཀོཊ་རིམ་ལུགས་ཡོད།

རྫོང་ཁ་ཡུ་ནི་ཀོཊ་རིམ་ལུགས་འདི་ གློག་རིག་རིམ་ལུགས་ ཝིན་ཌོ་དང་ མེཀ་ཨོ་སེསི་ དེ་ལས་ ལི་ནགསི་ནང་ ལཱ་འབད་བཏུབ།

རྫོང་ཁ་ལཱ་འབད་བཏུབ་བཟོ་ནིའི་དོན་ལུ་ ཡིག་གཟུགས་དང་ ལྡེ་སྒྲོམ་ དེ་ལས་ གློག་རིག་ནང་ བདེ་སྒྲིག་འབད་དགོ[...] རྒྱས་པར་ལྷག།

"གློག་རིག་ནང་རྫོང་ཁའི་རིམ་ལུགས།"

དྲིན་ཅན་ཨ་མ་ལུ་བཀའ་དྲིན་དགའ་ཚོར།

ས་སྟེང་འཛམ་གླིང་འདི་ནང་། །

ལས་ངན་བུ་ཆུང་ང་ལུ། །

ཨ་མ་ཁྱོད་ལས་ལྷག་པའི། །[...] རྒྱས་པར་ལྷག།

"དྲིན་ཅན་ཨ་མ་ལུ་བཀའ་དྲིན་དགའ་ཚོར།"

དྲིན་ཆེ་བའི་ཕམ་གཉིས་ལུ།

༉ ས་དགའ་བ་ཐིམ་ཕུག་ལུང་པ་ལུ། །

དྲིན་ཆེ་བའི་ཕ་མ་བཞུགས་ཏེ་ཡོད། །

རང་སེམས་ཁར་ཕ་མ་དྲན་ཚེ་སྨོ། །[...] རྒྱས་པར་ལྷག།

"དྲིན་ཆེ་བའི་ཕམ་གཉིས་ལུ།"

སློབ་གྲྭའི་བསྟོད་རྩོམ།

མཐུན་རྐྱེན་ཕུན་གསུམ་ཚོགས་པ། །

མུ་ཏིག་ཐང་གི་སློབ་གྲྭ། །

སྙན་གྲགས་འཛམ་གླིང་ཁྱབ་པ། །[...] རྒྱས་པར་ལྷག།

"སློབ་གྲྭའི་བསྟོད་རྩོམ།"

སློབ་དཔོན་ལུ་བཀྲིན་བསམ་དགོ་པའི་སྐོར།

༉ འཇིག་རྟེན་འཛམ་གླིང་འདི་ནང་། །

ཐུགས་རིག་མཁས་པའི་སློབ་དཔོན་བྱོན། །

ང་བཅས་སློབ་ཕྲུག་ཕོ་མོ་ལུ། །[...] རྒྱས་པར་ལྷག།

"སློབ་དཔོན་ལུ་བཀྲིན་བསམ་དགོ་པའི་སྐོར།"

ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྣམ་གཞག

ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ སེམས་ཅན་ག་ར་ སངས་རྒྱས་ཀྱི་གོ་འཕང་ལུ་ སྐྱེ་ནིའི་སེམས་བསྐྱེད་རྒྱ་ཆེན་པོ་གནང་མི་དེ་ བསྒྲུབ་ནིའི་ཐབས་ལམ་ ཁྱད་ཅན་དེ་ལུ་སླབ་ནི་ཨིན།

འདི་ཚུ་ཡང་ སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། དེ་ལས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ལུ་སླབ་ཨིན་པས།

སྦྱིན་པའི་ཕར་ཕྱིན་དེ་ལུ་ཡང་ ཟང་ཟིང་ནོར་གྱི་སྦྱིན་པ། དམ་པའི་ཆོས་ཀྱི་སྦྱིན་པ། མི་འཇིགས་སྐྱབས་ཀྱི་སྦྱིན་པ། ཟེར་དབྱེ་བ་གསུམ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྣམ་གཞག"

གཡོག་འཚོལ་ཐབས་རིག

ལས་གཡོག་དང་མི་སྟོབས་ལྷན་ཁག་གི་ འབྲུག་གཡོག་འཚོལ་ཐབས་རིག་ཟེར་ རིམ་ལུགས་གསརཔ་འགོ་བཙུགས་ཡོད་མི་དེ་གིས་  ཕྱི་རྒྱལ་གཡོག་གི་ས་སྟོང་ཚུ་ དུས་སྟབས་ཅིག་ནང་ ཐོབ་ཚུགས་པའི་གུ་ གཡོག་གི་ས་སྟོང་དང་འབྲེལ་བའི་ བརྡ་དོན་དགོ་མི་ཚུ་གིས་ ཡོངས་འབྲེལ་འཆར་སྒོ་ གཞན་ཚུ་ནང་ལས་ འཚོལ་མ་དགོཔ་སྦེ་ བཟོ་སྟེ་ཡོདཔ་ཨིན།

གཤམ་འཁོད་ཀྱི་ ཁྱད་རྣམ་ཚུ་ ལཱ་གཡོག་འཚོལ་མི་དང་ འབྲེལ་བ་ཡོད་པའི་ ལག་ལེན་འཐབ་ཚུགསཔ།

༡༽ལཱ་གཡོག་གི་དབྱེ་ཁག་དང་ ཤེས་ཚད་དགོ་ནི་ དེ་ལས་ ས་གནས་ཚུ་བལྟ་ནི།[...] རྒྱས་པར་ལྷག།

"གཡོག་འཚོལ་ཐབས་རིག"

བདུན་ཕྲག་ཧེ་མའི་འཕྲོ་མཐུད་་་་་།

གསུམ་པ་ སྡིག་པ་བཤགས་པའི་ཡན་ལག་ཟེར་མི་འདི་ ཞེ་སྡང་གི་གཉེན་པོ་ལུ་ རང་གི་ ཚེ་རབས་འཁོར་བ་ཐོག་མ་མེད་པ་ ད་རེས་ཚུན་ཚོད་ཀྱི་བར་ན་ ལུས་ངག་ཡིད་གསུམ་གྱི་སྒོ་ལས་ སྡིག་པ་མི་དགེ་བ་བཅུ་དང་ མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་ བསགས་ཚད་ཐམས་ཅད་ འགྱོད་སེམས་དྲག་པོས་ བཤགས་པ་ཕུལ་མི་དེ་ལུ་ སླབ་ཨིན།

བཞི་པ་ རྗེས་སུ་ཡི་རངས་བ་ཟེར་མི་འདི་ ཕྲག་དོག་གི་གཉེན་པོ་ལུ་ སྐྱེས་བུ་ ཆེ་འབྲིང་ཆུང་གསུམ་གྱིས་བསྒྲུབས་པའི་ དགེ་བ་རྒྱུ་འབྲས་དང་བཅས་པ་ལུ་ རང་གིས་ ཕྲག་དོག་མེད་པ་ སྙིང་ཐག་པ་ལས་ དགའ་བ་དང་ སྤྲོ་བ་བསྐྱེད་མི་ལུ་སླབ་ཨིན།

ལྔ་པ་ ཆོས་ཀྱི་འཁོར་ལོ་བསྐོར་བ་བསྐུལ་བ་འདི་ གཏི་མུག་གི་གཉེན་པོ་ལུ་ ཕྱོགས་བཅུའི་ཞིང་ཁམས་ནང་ རབ་འབྱམས་རྒྱ་མཚོ་བཞུགས་པའི་ སངས་རྒྱས་རྣམས་ལུ་ སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལུ་ཡོད་པའི་ ཉོན་མོངས་པའི་ནད་སེལ་བའི་སྨན་ དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་གནང་ ཟེར་གསོལ་བ་བཏབ་མི་ལུ་སླབ་ཨིན།[...] རྒྱས་པར་ལྷག།

"བདུན་ཕྲག་ཧེ་མའི་འཕྲོ་མཐུད་་་་་།"

ཡན་ལག་བདུན་པའི་སྐོར།

ཡན་ལག་བདུན་པ་ནི།

༡/ ཚོགས་བསག་ཐབས་ཀྱི་དགེ་སྦྱོར་ཕྱག་འཚལ་ནི་དང་ ༢/ མཆོད་པ་ཕུལ་ནི། ༣/ བཤགས་པ་ཕུལ་ནི།

༤/ དགེ་བ་ལུ་རྗེས་སུ་ཡི་རངས་ནི། ༥/ ཆོས་འཁོར་བསྐོར་བར་བསྐུལ་བ། ༦/ མྱ་ངན་ལས་མི་འདའ་བར་གསོལ་བ་ དེ་ལས་[...] རྒྱས་པར་ལྷག།

"ཡན་ལག་བདུན་པའི་སྐོར།"