ལྷོ་ཨེ་ཤི་ཡ་ལུང་ཕྱོགས་རྒྱལ་ཁབ་ཀྱི་ སྐྱེས་ལོ་༡༨ འོག་མཇུག་གི་ ན་གཞོན་བུཚ་ཆ་ཁྱབ་ རྐང་རྩེད་འགོ་འདྲེན་འཐབ་ནི།

ཆོས་ཉིད་བཟང་མོ།

སྤྱི་ཟླ་༩ པའི་ སྤྱི་ཚེས་༡༨ ཆུ་ཚོད་༤ དེ་ཅིག་ལས་ ཐིམ་ཕུག་ལྕང་གླིང་མའི་ཐང་ནང་ལུ་སྦེ་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་རྒྱལ་ཁབ་ཀྱི་ སྐྱེས་ལོ་༡༨ འོག་མཇུག་གི་ ན་གཞོན་བུཚ་ཚུ་གིས་རྐང་རྩེད་ རྩེད་འགྲན་འགོ་འདྲེན་འཐབ་ནི་ཨིན་པས།

རྩེད་འགྲན་འདི་གི་དོན་ལུ་ བཅའ་སྒྲིག་དང་ ལས་རིམ་ཚུ་ འོད་ཟེར་ཨི་བིཎ་གྱི་འགོ་འདྲེན་འཐབ་དོ་ཡོད་པའི་ཁར་ ཀོ་ཀ་ཀོ་ལ་དང་ འབྲུག་ཚོང་འབྲེལ་ཞབས་ཏོག་ འབྲུག་ལྟ་བཤལ་ལས་སྡེ་ དེ་ལས་ བཀྲ་ཤིས་བརྒྱུད་འཕྲིན་ཚད་ཆ་ཁྱབ་ཀྱིས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"ལྷོ་ཨེ་ཤི་ཡ་ལུང་ཕྱོགས་རྒྱལ་ཁབ་ཀྱི་ སྐྱེས་ལོ་༡༨ འོག་མཇུག་གི་ ན་གཞོན་བུཚ་ཆ་ཁྱབ་ རྐང་རྩེད་འགོ་འདྲེན་འཐབ་ནི།"

རྩེད་རིགས་ལས་བརྟེན་ཏེ་ མི་ཚེ་ལེགས་ཤོམ་བཟོ་ཚུགསཔ།

ཆོས་ཉིད་བཟང་མོ།

འབྲུག་གི་རྐང་རིལ་རྩེད་མི་ཚུ་གིས་ རྩེདམོ་འདི་ལུ་ སྤྲོ་བ་འཐེབ་སྦེ་རང་ བསྐྱེད་མི་འདི་གིས་ རྩེད་འགྲན་འབད་བའི་སྐབས་ལུ་ ཧེ་མ་དང་ཕྱེདཔ་ད་ ལེ་ཤ་གི་རང་ ཡར་རྒྱས་སོང་ཡོདཔ་ཨིན་པས།

འདི་ཡང་ སྤྱི་ཟླ་༠༩ པའི་ སྤྱི་ཚེས་༠༥ ལུ་ པེ་ལིསི་ཊཎ་དང་གཅིག་ཁར་ རྩེད་འགྲན་འབད་བའི་སྐབས་ལུ་ འབྲུག་པའི་རྩེད་འགྲན་པ་ཚུ་གིས་ རྒྱལ་ཁ་མ་འཐོབ་སྟེ་འབད་རུང་ འབྲུང་མི་ག་རང་གིས་ ངལ་རངས་དང་ རྩེདམོ་རྩེད་མི་ཚུ་ལུ་ རྩེད་འགྲན་ནང་ལུ་ ཡར་རྒྱས་སོང་ཡོད་པའི་སྐོར་ལས་ བསམ་འཆར་བཀོད་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"རྩེད་རིགས་ལས་བརྟེན་ཏེ་ མི་ཚེ་ལེགས་ཤོམ་བཟོ་ཚུགསཔ།"

གློག་བརྙན་་་་ ཨུ་དུམ་ཝ་ར།

ཆོས་ཉིད་བཟང་མོ།

པི་དྲི་བཟོ་སྐྲུན་གྱི་ གློག་བརྙན་ ཨུ་དུམ་ཝ་ར་འདི་ ནད་གཞི་ཚུ་ལས་བརྟེན་ མི་གི་ཚེ་དུས་ནམ་ཚུན་ སྡོད་ཚུགས་ག་ བརྡ་དོན་སྟོན་ཚུགསཔ་ལས་  གློག་བརྙན་དེ་ནང་ལུ་ འཁྲབ་རྩེདཔ་ཕོ་མོ་གཉིས་ཆ་ར་ལུ་ བཅོས་ཐབས་མེད་པའི་ ནད་གཞི་འཐོབ་སྟེ་འབད་རུང་ ཁོང་རང་གཉིས་ལུ་ ནད་ཡོད་པའི་སྐོར་ལས་ སེམས་ཁར་མ་བཞག་པར་ སྨན་བཅོས་ག་ནི་ཡང་མ་འབད་བར་ སྤྲོ་བ་བརྟེན་ཏེ་ སྡོད་ཡོད་མི་ལུ་བརྟེན་ ཤི་རྐྱེན་འབྱུང་སྟེ་ཡོདཔ་ལས་ ན་གཞོན་ཚུ་ལུ་ཡང་ ཆང་དང་ཏམ་ཁུ་ དེ་ལས་ སྨྱོ་རྫས་ལུ་ལང་ཤོར་ཐལ་མི་ཚུ་ལུ་ དཔྱེ་ནད་གཞི་འདི་ལུ་བཞག་སྟེ་ རང་གི་གཟུགས་ཁམས་ལེགས་ཤོམ་སྦེ་ བཞག་ཐབས་ལུ་ གོ་བ་བརྡ་སྤྲོད་འབད་ཚུགས་ཨིན་པས།

གློག་བརྙན་འདི་ ལམ་སྲོལ་དང་འབྲེལ་བ་ཡོདཔ་ལས་ རྒྱལ་ཁབ་ནང་ལུ་ ནད་གཞི་ཚུ་ ནང་པའི་སྨན་གྱི་ཐོག་ལས་ སྨན་བཅོས་འབད་ཚུགས་པའི་སྐོར་ལས་དང་ ནདཔ་ཚུ་ལུ་ ནང་པའི་སྨན་བཅོས་འབད་དེ་ དྲག་ཚུགས་ཟེར་ གོ་བརྡ་སྤྲོད་ཚུགས་ནི་ཨིན་པས།[...] རྒྱས་པར་ལྷག།

"གློག་བརྙན་་་་ ཨུ་དུམ་ཝ་ར།"

ན་གཞོན་ཚུ་ལུ་ ཕན་ཐབས་དང་དཀའ་ངལ་སེལ་ཚུགས་པའི་ འགྲེམས་སྟོན་ལས་རིམ།

ཆོས་ཉིད་བཟང་མོ།

ན་གཞོན་གོང་འཕེལ་བློ་གཏད་མ་དངུལ་གྱིས་ མ་འོངས་ན་གཞོན་ཚུ་གི་རྒྱུད་ལུ་ དབང་ཆ་བྱིན་ནིའི་དོན་ལུ་ འབྱུང་འགྱུར་གྱི་ དུས་ག་ཅིག་བཟུམ་ལུ་སླབ་ཨིན་ན་དང་ ཁོང་རའི་རྒྱུད་ལུ་ མནོ་བསམ་བཏང་ཐང་ དེ་ལས་ ན་གཞོན་དང་གོང་འཕེལ་མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ ན་གཞོན་ཚུ་ལུ་ རིག་གསར་གྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་སྟེ་ བཅའ་མར་གཏོགས་ནི་གི་ གོ་སྐབས་ཚུ་བྱིན་དོ་ཡོདཔ་ད་ མ་འོངས་དང་ མི་ཚེ་གཅིགཔ་ནང་ལུ་ཕན་ཐོགས་ཅན་གྱི་ ལཱ་འབད་ནི་དོན་ལུ་ སེམས་ཤུགས་བསྐྱེད་བཅུག་སྟེ་ ན་གཞོན་ཚུ་གིས་ འབྲི་ལྷག་ཤེས་ཡོན་ལུ་ སྤྲོ་བ་བསྐྱེད་ཐབས་ལུ་ རྒྱབ་སྐྱོར་དང་གོ་སྐབས་ཚུ་ བྱིན་དོ་ཡོདཔ་ཨིན་པས།

འདི་བཟུམ་སྦེ་ ན་གཞོན་གོང་འཕེལ་བློ་གཏད་མ་དངུལ་གྱི་ འགོ་འདྲེན་ཐོག་ལས་ འབྲུག་གི་ན་གཞོན་ཚུ་གིས་ ན་གཞོན་དང་འབྲེལ་བའི་དཀའ་ངལ་ཚུ་ ཧ་གོ་ཚུགས་ཏེ་ སེལ་ཐབས་ཀྱི་དོན་ལུ་ སྤྱི་ཟླ་༠༨ པའི་ སྤྱི་ཚེས་༠༥ རེས་གཟའ་ཉིམ་ ཕྱི་རུ་ཆུ་ཚོད་༣ དེ་ཅིག་ཁར་ གླུ་གར་གློག་བརྙན་ཁང་ནང་སྦེ་ འགྲེམས་སྟོན་ ཨའི་ངེ་གི་དོན་ཧིང་༼  Mother – a touch of Gold ༽ ཟེར་བའི་ལྟདམོ་ཅིག་སྟོན་ནི་ཨིནམ་ལས་ ལྟོདམོ་བལྟ་བ་ཅིན་ དཀའ་ངལ་སེལ་ཐབས་ཀྱི་སྐོར་ལས་ ཧ་གོ་ཚུགས་ཏེ་ གནས་སྐབས་གསརཔ་ཚུ་ འཐོབ་ཚུགས་པའི་ ཕན་པ་སྦོམ་རང་ཡོདཔ་ཨིན་པས།[...]

"ན་གཞོན་ཚུ་ལུ་ ཕན་ཐབས་དང་དཀའ་ངལ་སེལ་ཚུགས་པའི་ འགྲེམས་སྟོན་ལས་རིམ།"

ཨམ་སྲུ་ཚུ་གིས་ རྐང་རིལ་རྩེད་འགྲན་ནང་ གྲལ་གཏོགས།

ཆོས་ཉིད་བཟང་མོ།

འབྲུག་རྐང་རིལ་རྩེད་རིགས་ཚོགས་པ་གིས་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་སྦེ་ སྤྱི་ཟླ་༠༧ པའི་ སྤྱི་ཚེས་༠༤ ལས་ འགོ་བཙུགས་ཏེ་ སྤྱི་ཚེས་༢༨ ཚུན་ ཨམ་སྲུའི་ རྐང་རིལ་རྩེད་འདྲེན་ཅིག་ འགོ་འདྲེན་འཐབ་ཡོདཔ་ད་  རྩེད་འདྲེན་འདི་ནང་ ཨམ་སྲུའི་སྡེ་ཚན་༦ གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།

མ་འོངས་པ་ལུ་ རྐང་རིལ་རྩེདམོ་ལས་བརྟེན་ ན་གཞོན་ཨམ་སྲུ་ཚུ་གིས་ ཁོང་རའི་མི་ཚེ་སྐྱོང་ཚུགས་ཏེ་ རིག་རྩལ་ཡར་དྲག་གཏང་ནི་ལུ་ ཕན་ཐོགས་འོང་ནི་ཨིནམ་མ་ཚད་ གོ་སྐབས་ལེགས་ཤོམ་འཐོབ་སྟེ་ རྩེད་འགྲན་ནང་ ཨམ་སྲུ་ཚུ་གི་ཡང་ ཕོ་སྐྱེས་ཚུ་དང་ འདྲ་ཉམས་སྦེ་ བཅའ་མར་གཏོགས་ནི་ཨིན་པས།[...]

"ཨམ་སྲུ་ཚུ་གིས་ རྐང་རིལ་རྩེད་འགྲན་ནང་ གྲལ་གཏོགས།"

གློག་བརྙན་གི་ ན་གཞོན་དང་ མི་མང་གི་བསམ་བློ་ལུ་ འགྱུར་བ་བཟོ་ཚུགསཔ།

ཆོས་ཉིད་བཟང་མོ།

གློག་བརྙན་ བསམ༌པ༌འདི་ ན༌གཞོན༌དང་ འབྲེལ་བའི་གློག་བརྙན་ཅིག་ཨིནམ་ད་ གློག་བརྙན་དེ་གི་ མི་མང་དང་ ན་གཞོན་སློབ་ཕྲུག་ མཐའ་ཟུར་གྱི་ སློབ་གྲྭ་ ནང་ལས་ཕར་ ཤེས་ཡོན་སྦྱང་ནིའི་དོན་ལུ་ དཀའ་ངལ་དང་ དོང་ལེན་ག་དེ་སྦེ་རང་ འབྱུང་དོ་ཡོདཔ་ཨིན་ན་དང་ སློབ་ཕྲུག་དང་ ན་གཞོན་ཚུ་གི་ ཆང་དང་ ཏམ་ཁུ་ དེ་ལས་ སྨྱོ་རྫས་ལ་སོགས་པའི་རིགས་ཚུ་ ག་ཅིག་སྦེ་ ལག་ལེན་འཐབ་ཨིན་ན་ ཧ་གོ་ཚུགས་ནི་ཨིན་པས།

འདི་བཟུམ་སྦེ་ ན་གཞོན་ལ་ལུ་ཅིག་གིས་ ཁོང་རའི་ ཕམ་སྤུན་ཆ་ཚུ་ལུ་ ཆ་རོགས་འབད་ནི་དང་ ཤེས་ཡོན་ལྷབ་ནིའི་སེམས་ཡོད་རུང་ མནོ་དོན་གྲུབ་མ་ཚུགས་མི་ལུ་བརྟེན་ ཉེས་ལས་ཀྱིས་ལཱ་ཚུ་ནང་ བཅའ་མར་གཏོགས་སྟེ་ མི་ཚེ་དོན་མེདཔ་སོང་རུང་ ཤུལ་ལས་འཛོལ་བ་ཨིནམ་ཤེས་སྟེ་ བསམ་བློ་འགྱུར་ཏེ་ མི་ཚེ་ལེགས་བཅོས་འབད་དེ་ཡོད་པའི་སྐོར་ལས་ མི་མང་ལུ་གོ་བ་བརྡ་སྤྲོད་འབད་དོ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"གློག་བརྙན་གི་ ན་གཞོན་དང་ མི་མང་གི་བསམ་བློ་ལུ་ འགྱུར་བ་བཟོ་ཚུགསཔ།"

ཨམ་སྲུ་ཚུ་གིས་ གཡུག་རིལ་རྩེད་མོ་(ཀིརི་ཀེཊི) འགོ་འདྲེན་འཐབ་ནི་ཨིནམ།

ཆོས་ཉིད་བཟང་མོ།

འབྲུག་ལུ་འགོ་ཐོག་ གཡུག་རིལ་རྩེད་འགྲན་ཅིག་ སྤྱི་ཟླ་༧ པའི་ སྤྱི་ཚེས་༢༤ འགོ་བཙུགས་ཏེ་ ཉིན་གྲངས་༡༠ གི་རིང་ལུ་ བུམོ་སྐྱེས་ལོ་༢༠ འབད་མི་ཚུ་གི་བར་ན་ རྩེད་འདྲེན་ཅིག་ འགོ་འདྲེན་འཐབ་ནི་ཨིནམ་ད་ རྩེད༌འདྲེན༌འདི༌ཡང་འབྲུག༌དང་རྒྱ་གར་གི་གཡུག་རིལ་གཞི་ཚོགས་དང་ འཛམ་གླིང་སྤྱི་ཚོགས་ཨ་ལུའི་མ་དངུལ་གྱིས་ འགོ་འདྲེན་འཐབ་ནི་ཨིན་པས།

རྩེན་འདྲེན་དེ་ནང་ལུ་ བཅའ་མར་གཏོགས་མི་ སྡེ་ཚན་བསྡོམས་ཀྱི་༦ ཡོདཔ་ད་ སྡེ་ཚན་དེ་ནང་ལུ་ སྤོ་རོ་དང་དབང་འདུས་ དེ་ལས་ སྤུ་ན་ཁ་དང་གསར་སྤང་རྫོང་ཁག་གི་ངོ་ཚབ་སྦེ་ རྫོང་ཁག་༤ གིས་ བཅའ་མར་གཏོགས་ནི་ཨིནམ་ད་ དེ་ཡང་ གཙོ་བོ་ཨམ་སྲུ་སྤྱིར་གཏང་ལུ་ གཡུག་རིལ་གྱི་གནས་ཚད་ གོང་འཕེལ་གཏང་སྟེ་ ས༌གནས༌ཁག༌གི་ ཨམ༌སྲུ༌ཚུ༌གིས་ མ་འོངས་པ་ལུ་ ཕྱི༌རྒྱལ༌ཁབ་ཚུ་དང་གཅིག་ཁར་ རྩེད༌འགྲན༌འབད༌ཚུགསཔ༌ བཟོ༌ཐབས༌ལུ༌ཨིན༌པས།[...] རྒྱས་པར་ལྷག།

"ཨམ་སྲུ་ཚུ་གིས་ གཡུག་རིལ་རྩེད་མོ་(ཀིརི་ཀེཊི) འགོ་འདྲེན་འཐབ་ནི་ཨིནམ།"

འབྲུག་དང་མཱལ་དིབསེ་གི་བར་ན་ རྐང་རྩེད་འགྲན་བསྡུར།

ཆོས་ཉིད་བཟང་མོ།

འབྲུག་གི་རྒྱལ་ཡོངས་རྩེད་སྟོན་ཐང་ ལྕང་གླིང་མི་ཐང་གི་ མི་མང་ལྟདམོ་ལྟ་སའི་ས་ཁོངས་ནང་ ལྟདམོལྟ་མི་གིས་ ལྟེམ་ལྟེམ་སྦེ་ གང་པ་གིས་མ་ཚད་ སྐད་ཀྱི་འུར་སྒྲ་ འབྲུག་ལྡིར་དོ་བཟུམ་མའི་ཚོར་སྣང་ཅིག་ བྱུང་ཡོདཔ་ཨིན།

དེ་ཡང་ འབྲུག་དང་ མཱལ་དིབསེ་གི་བར་ན་ ཨེ་ཨེཕ་སི་ ཨེ་ཤི་ཡཱན་ རྒྱལ་རྟགས་༢༠༡༩ ནང་ལུ་ བཅའ་མར་གཏོགས་ནི་གི་ མཐར་འཁྱོལ་དོན་ལུ་ རྐང་རྩེད་འགྲན་བསྡུར་དེ་ སྤྱི་ཟླ་༦ པའི་ སྤྱི་ཚེས་༡༣ ལུ་ ལྕང་གླིང་མི་ཐང་གི་ རྒྱལ་ཡོངལ་རྩེད་ཐང་ནང་སྦེ་ ཕྱི་རུ་ཆུ་ཚོད་༦ ལས་འགོ་བཙུགས་ཏེ་ རྩེད་འགྲན་འབད་མི་དེ་ནང་  སྤྲོ་བ་ཡོད་མི་ ན་གཞོན་དང་ མི་མང་གིས་  འཛུལ་་འཐུས་དངུལ་ཀྲམ་༡༠༠ རེ་སྤྲོད་ཐོག་ལས་ ལྟདམོ་ལྟ་བར་འོང་མི་ཚུ་གིས་ ང་བཅས་རའི་  འབྲུག་གི་ རྩེད་འགྲན་པ་ཚུ་ལུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"འབྲུག་དང་མཱལ་དིབསེ་གི་བར་ན་ རྐང་རྩེད་འགྲན་བསྡུར།"