མི་དབང་མངའ་ཞབས་མཆོག་གིས་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་མི་ སློབ་ཕྲུག་ཚུ་དང་མཇལ་ཕྲད།

སྤྱི་ཟླ་༨ པའི་ཚེས་༡༧ ལུ་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་སྤྱི་དོན་ཁང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་མཐོ་རིམ་གོམས་འདྲིས་ལས་རིམ་ནང་ བཅའ་མར་གཏོགས་མི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ ན་གཞོན་སློབ་ཕྲུག་ཚུ་དང་མཇལ་ཕྲད་གནང་སྟེ་ བཀའ་སློབ་ཚུ་ཡང་ གནང་ཡོད་པའི་གནས་ཚུལ།

"མི་དབང་མངའ་ཞབས་མཆོག་གིས་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་མི་ སློབ་ཕྲུག་ཚུ་དང་མཇལ་ཕྲད།"

གནས་སྐབས་གཞུང་གིས་ མི་མང་ལུ་ ཞབས་ཏོག་འཕྲོ་མཐུད་བྱིན་ནི།

བསོད་ནམས་ནོར་བུ།

སྤྱི་ཟླ་འདི་གི་ སྤྱི་ཚེས་༡༤ ལུ་ བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་ གནས་ཚུལ་ཞལ་འཛོམས་ཚོགས་པའི་སྐབས་ གནས་སྐབས་ཀྱི་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ མི་རྗེ་ཁྲིམས་སྤྱི་བློན་པོ་ ཚེ་རིང་དབང་ཕྱུག་གིས་བཀོད་མིའི་ནང་ གནས་སྐབས་ཀྱི་གཞུང་གིས་ ཤུལ་མའི་ཟླཝ་༣ གྱི་རིང་ལུ་ མི་མང་ལུ་ ཞབས་ཏོག་ཕུལ་ནི་དེ་ མི་སེར་གྱི་ཐོབ་དབང་ཅིག་འབདཝ་ལས་ འཕྲོ་མཐུད་དེ་ གཞུང་གི་ལཱ་འགན་འབག་ནི་ཨིན་པའི་གུ་ ངེས་བརྟན་ཡང་བཟོ་འོང་ཟེར་ཨིན་མས།

འབྲུག་མི་ཡོངས་ཀྱིས་ གནས་སྐབས་ཀྱི་གཞུང་འདི་ གནམ་མེད་ས་མེད་ ཁག་ཆེཝ་དང་ཡིད་ཆེས་ཅིག་སྦེ་ མི་རྩིས་འོང་ཟེར་བའི་ ཚ་གྱངས་ཚུ་ཡང་ ལང་སྟེ་ཡོད་ཟེར་ གསུངས་གནང་ཡི།[...] རྒྱས་པར་ལྷག།

"གནས་སྐབས་གཞུང་གིས་ མི་མང་ལུ་ ཞབས་ཏོག་འཕྲོ་མཐུད་བྱིན་ནི།"

ཨེམ་བོབ་ལག་ལེན་ཐོག་ལས་ ཁྲལ་བཏབ་ནིའི་ཞབས་ཏོག་ འགོ་བཙུགས་ཡོདཔ།

ཆོས་ཉིད་བཟང་མོ།

མི༌སེར༌ཚུ༌ལུ་ ཁྲལ༌བཏབ་ནི༌ནང༌ དཀའ༌ངལ༌ག༌ནི༌ཡང༌མེད༌པར༌ སྟབས་བདེ་ཏོག་ཏོ་འབྱུང་ཐབས་ལུ་ འབྲུག་དངུལ་ཁང་དང་ འོང་འབབ་དང་ཅ་དམ་ལས་ཁུངས་གཉིས་ མཉམ་འབྲེལ་ཐོག་ལས་ སྤྱི་ཟླ་འདི་གི་ སྤྱི་ཚེས་༡༥ ལུ་ ཨེམ་བོབ་ཀྱི་རིམ་ལུགས་ལག་ལེན་འཐབ་སྟེ་ ཁྲལ་བཏབ་ནི་གི་ཞབས་ཏོག་ སྤྲོད་ནིའི་དོན་ལུ་ དངུལ་རྩིས་ལྷན་ཁག་གི་དྲུང་ཆེན་ དྲགོས་ཉིམ་རྡོ་རྗེ་གིས་ ས་གནས་ཐིམ་ཕུག་ལུ་སྦེ་ འགོ་འབྱེད་འབད་ཡོདཔ་ཨིན་པས།

ད་ཚུན་ལུ་ མི་སེར་ཚུ་གིས་ དངུལ་རྩིས་ལྷན་ཁག་གི་མངའ་འོག་ལུ་ཡོད་མི་ འོང་འབབ་དང་ཅ་དམ་ལས་ཁུངས་ཀྱི་ཡིག་ཚང་ནང་སྦེ་ དངུལ་ཤོག་འཛིན་སྤྲོད་ལེན་ཐོག་ལས་ ཁྲལ་བཏབ་སྡོད་ནུག[...] རྒྱས་པར་ལྷག།

"ཨེམ་བོབ་ལག་ལེན་ཐོག་ལས་ ཁྲལ་བཏབ་ནིའི་ཞབས་ཏོག་ འགོ་བཙུགས་ཡོདཔ།"

རྒྱ་གར་གཞུང་ལས་ འཆར་གཞི་༡༡ པའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༤༤ ཐོབ་ཡོདཔ།

བསོད་ནམས་ནོར་བུ།

སྤྱི་ཟླ་༨ པའི་སྤྱི་ཚེས་༩ ལུ་ བརྡ་བརྒྱུདཔ་དང་གཅིག་ཁར་ གནས་ཚུལ་ཞལ་འཛོམས་མཇུག་ འགོ་འདྲེན་འཐབ་པའི་སྐབས་ བློན་ཆེན་བགྲེསཔ་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱ་གར་གཞུང་གིས་ འཆར་གཞི་༡༡ པའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༤༥ གྲོགས་རམ་སྦེ་བྱིན་ནི་གི་ ཁས་ལེན་འབད་ཡོད་ས་ལས་ དངུས་ཀྲམ་ཐེར་འབུམ་༤༤ ཐོབ་ཡོདཔ་ད་ ལྷག་ལུས་ དངུལ་ཀྲམ་ཐེར་འབུམ་གཅིགཔོ་དེ་ འཕྲལ་མགྱོགས་ར་ འཐོབ་ནི་ཨིན་ཟེར་ བཤདཔ་ཨིན་པས།

རྒྱ་གར་གཞུང་ལས་ ལོ་ལྔའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༤༥ བྱིན་ནིའི་ཁས་བླངས་འབད་མི་དེ་ འཆར་གཞི་༡༡ པའི་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༢༡༣ བཞག་ཡོད་མི་ལས་ བརྒྱ་ཆ་༢༡ དེ་ཅིག་ཨིན་པས།[...] རྒྱས་པར་ལྷག།

"རྒྱ་གར་གཞུང་ལས་ འཆར་གཞི་༡༡ པའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༤༤ ཐོབ་ཡོདཔ།"

ཀེ་བའི་གོང་ཚད་ལེགས་ཤོམ་ཡོད་རུང་ ཐོན་ཤུགས་མེདཔ།

དུས་ཅི་ ཀེ་བའི་ཐོན་ཤུགས་ལུ་ ཐོ་ཕོག་སྟེ་ཡོདཔ་ལས་བརྟེན་ མི་སེར་སོ་ནམ་པ་ཚུ་གིས་ ཀེ་བའི་ལཱ་འབད་ནི་ལུ་ཡང་ སྤྲོ་བ་ཞན་འགྱོ་དོ་ཡོདཔ་ཨིན་པས།

དབྱངས་ཅན་ལྷ་མོ།

གྲོང་གསེབ་ཀྱི་མི་སེར་ཚུ་ འཚོ་བ་གཙོ་ སོ་ནམ་གྱི་ལཱ་ལུ་བརྟེན་ཏེ་ སྐྱོང་དོ་ཡོདཔ་བཞིན་དུ་ བུམ་ཐང་རྫོང་ཁག་ ཆུ་མིག་རྒེད་འོག་ ཨུ་རུག་གཡུས་ཚན་ནང་ དུས་ཅི་ ཀེ་བའི་ཐོན་ཤུགས་དང་ སྤུས་ཚད་གཉིས་ཆ་ར་ ཨ་རྟག་དང་ཕྱདཔ་ད་ མར་ཕབ་འགྱོ་ཡོདཔ་སྦེ་ཨིན་པས།[...] རྒྱས་པར་ལྷག།

"ཀེ་བའི་གོང་ཚད་ལེགས་ཤོམ་ཡོད་རུང་ ཐོན་ཤུགས་མེདཔ།"

མི་དབང་མངའ་ཞབས་མཆོག་གིས་ གནས་སྐབས་ཀྱི་གཞུང་བསྐོ་བཞག་གནང་ཡོདཔ།

སྤྱི་ཟླ་འདི་གི་ སྤྱི་ཚེས་༩ ལུ་ བཀྲིས་ཆོས་རྫོང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གནས་སྐབས་ཀྱི་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་དང་ གཞན་གྲོས་དཔོན་ཚུ་ བསྐོ་བཞག་གནང་ཡོདཔ་ཨིན་པས།

དེ་ཡང་ རྒྱལ་ཡོངས་ཚོགས་འདུ་ རྩ་གྲོལ་འགྱོ་བའི་ཤུལ་ལུ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་༡༩ པའི་དོན་ཚན་༡ པའི་དགོངས་དོན་ལྟ་དུ་ བསྐོ་བཞག་གནང་ནུག

"མི་དབང་མངའ་ཞབས་མཆོག་གིས་ གནས་སྐབས་ཀྱི་གཞུང་བསྐོ་བཞག་གནང་ཡོདཔ།"

བུམ་ཐང་ལུ་ཡོད་པའི་ ལྷུན་གྲུབ་སྤོས་བཟོ་ཁང་འདི་ ན་གཞོན་ལུ་ གཡོག་སྤྲོད་ས་གོ་ཅིག་ལུ་ འགྱུར་ཡོདཔ།

དབྱངས་ཅན་ལྷ་མོ།

བུམ་ཐང་རྫོང་ཁག་ ཆུ་མིག་རྒེད་འོག་ གཡུས་ རང་སྦི་ལས་ སྐྱེས་ལོ་༧༧ ལང་མི་ ཨ་རྒས་ལྷུན་གྲུབ་ཀྱིས་ རང་སྦི་ལུ་ སྤོས་བཟོ་ཁང་འགོ་བཙུགས་ཏེ་ ལོ་ངོ་༡༧ ལྷགཔ་ཅིག་སོང་ཡོདཔ་ཨིན་པས།

ཁོ་གིས་ སྤྱི་ལོ་༢༠༠༡ ལས་སྤོས་བཟོ་ནིའི་འགོ་བཙུགས་པའི་སྐབས་ལུ་ ལཱ་འབད་མི་ དེ་དང་དེ་ཟེརཝ་ཅིག་ ག་ཡང་མེད་ཟེར་བཤད་ཅི།[...] རྒྱས་པར་ལྷག།

"བུམ་ཐང་ལུ་ཡོད་པའི་ ལྷུན་གྲུབ་སྤོས་བཟོ་ཁང་འདི་ ན་གཞོན་ལུ་ གཡོག་སྤྲོད་ས་གོ་ཅིག་ལུ་ འགྱུར་ཡོདཔ།"

གཡོ་སྒྱུར་ཐོག་ལས་ སྨན་རིགས་ཐོག་སམ་པ་འབག་མི་ དོགས་ཅན་ཕོ་སྐྱེས་༣ འཛིན་བཟུང་།

ཆོས་ཉིད་བཟང་མོ།

སྤྱི་ཟླ་༨ པའི་ སྤྱི་ཚེས་༢ ལུ་ བཀྲ་ཤིས་གཡང་རྩེ་ལས་ཨིན་མི་ ཕོ་སྐྱེས་༡ གིས་ མི་ངན་ཚུ་གིས་ ཁོ་ལུ་ཡོད་མི་ སྨན་རིགས་ཐོག་སམ་པ་ཟེར་མི་ ཀེ་ཇི་༤༠༢ གཡོ་སྒྱུའི་ཐོག་ལས་འབག་ཡོདཔ་སྦེ་ ཐིམ་ཕུག་ཁྲོམ་སྡེའི་ཁྲིམས་སྲུང་འགག་པའི་ཡིག་ཚང་ལུ་ སྙན་ཞུ་ལྷོད་ཡོདཔ་ཨིན་པས།

དེ་ཡང་ ཉམས་རྒུདཔ་ཕོ་སྐྱེས་དེ་གིས་ སྨན་རིགས་ཐོག་སམ་པ་འདི་ སྤ་རོ་ལུ་སྡོད་མི་ ཁོ་རའི་སྲིངམོ་གི་ཁྱིམ་ནང་ བཙོང་ནིའི་དོན་ལུ་ བཞག་ཡོདཔ་ད་ སྤྱི་ཟླ་འདི་གི་ སྤྱི་ཚེས་༡ ལུ་ ཉམས་རྒུདཔ་ཁོ་རའི་ ཆ་རོགས་ཅིག་གི་ སྨན་རིགས་ཐོག་སམ་པ་ ཉོ་མི་འདུག་ཟེར་ སླབ་ཡོད་མི་ལུ་བརྟེན་ ཉམས་རྒུདཔ་དེ་གིས་ ཁོ་རའི་སྲིངམོ་ལུ་ གོང་ཚད་དང་འབྲེལ་བའི་གནད་དོན་དང་ ཆ་རོགས་ཀྱི་སྐོར་ལས་ བཤད་བྱིན་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"གཡོ་སྒྱུར་ཐོག་ལས་ སྨན་རིགས་ཐོག་སམ་པ་འབག་མི་ དོགས་ཅན་ཕོ་སྐྱེས་༣ འཛིན་བཟུང་།"

ཁྱེའུ་སྲོག་གཅོད་དང་ བྱིས་པ་སྐྱེས་ལོ་༡༢ ཡན་ཆད་ལུ་ བཙན་གཡེམ་འབད་ཡོད་མི་ལུ་ཉེས་འཛུགས།

ཆོས་ཉིད་བཟང་མོ།

ཧཱ་རྫོང་ཁག་ གསང་སྦས་ཁ་དྲུང་ཁག་ དགའ་སྐྱིད་གླིང་རྒེད་འོག་ གཡུས་ གསེར་ཏ་ན་ལས་ཨིན་མི་ སྐྱེས་ལོ་༢༦ ལང་མི་ ཨམ་སྲུ་འདི་ སློབ་གྲྭ་ ཅིག་ནང་ ཕྱགསམ་འཕྱག་མིའི་ ལཱ་འགན་འབག་སྡོད་མི་ཅིག་ཨིནམ་ད་ མི་ངོམ་དེ་གིས་ ཁྱེའུ་སྲོག་གཅོད་པ་དང་ བྱིས་པ་ སྐྱེས་ལོ་བཅུ་གཉིས་ཡན་ཆད་ལུ་ བཙན་གཡེམ་འབད་ཡོད་མི་ལུ་ ཕུན་ཚོགས་གླིང་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༤ པའི་ སྤྱི་ཚེས་༡༥ ལུ་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཞག་སྟེ་ཡོདཔ་ཨིན་པས། གནད་དོན་དེ་ཡང་ ཉེས་འཛུགས་ཅན་ཨམ་སྲུ་དང་ སློབ་གྲྭའི་དབུ་འཛིན་ལས་ཚབ་ དེ་ལས་ སློབ་དཔོན་ཅིག་ ཁོང་གསུམ་ སྤྱི་ཟླ་༤ པའི་ སྤྱི་ཚེས་༡༣ ཕྱི་རུ་ཁམས་ཅིག་ཁར་ ས་གནས་གསེར་ཏ་ན་ལས་ རངས་རྩེ་སྨན་ཁང་གི་ལས་རོགསཔ་དང་གཅིག་ཁར་ སྣུམ་འཁོར་བོ་ལི་རོ་ནང་ འཛུལ་འོང་སྟེ་ ས་གནས་དོན་ཆུ་ཁ་ལྷོདཔ་ད་ ནམ་ཕྱི་སུ་ཅིག་ཡར་སོངམ་ལས་ ཆརཔ་རྐྱབ་མི་ལུ་བརྟེན་ དེ་ཚེ་ཕྱི་རུའི་ཞག་ སློབ་དབུ་འཛིན་གྱི་ཆ་རོགས་ རྒཔོ་བགྲེསཔ་གི་ཁྱིམ་ནང་སྡོད་དེ་ ནངས་པ་དྲོ་པ་ ཕུན་ཚོགས་གླིང་ཁ་ཐུག་འགྱོ་ནི་འགོ་བཙུགས་ཏེ་ བསམ་རྩེ་ལུ་ལྷོདཔ་ད་ སློབ་དབུ་འཛིན་ཁོ་རའི་སྣུམ་འཁོར་བདའ་སྟེ་ ས་གནས་ཕུན་ཚོགས་གླིང་ལུ་ ཕྱི་རུ་ཁམས་ཅིག་ཁར་ལྷོད་ཡོདཔ་སྦེ་ཨིན་པས། ཁོང་གསུམ་ ཧཱ་ལས་འོང་དགོ་པའི་གནད་དོན་དེ་ཡང་ ཉེས་འཛུགས་ཅན་ཨམ་སྲུ་འདི་ སྤྱི་ལོ་༢༠༡༧ ལུ་ ལཱ་གཡོག་ནང་འཛུལ་ཡོད་རུང་ ད་ཚུན་གྱི་རིང་ མོ་རའི་ལཱ་གཡོག་གི་དེབ་ དུས་མཐུན་བཟོ་སྟེ་མེདཔ་ལས་ དེ་གི་དོན་ལུ་དང་ ཁོང་ སློབ་དཔོན་གཉིསཔ་ ཧཱ་རྫོང་ཁག་ ས་གནས་ ཡང་ཐང་སྨན་ཁངགི་ས་ཁོངས་ནང་ བཙག་འཐུའི་སྒྲིག་གཡོག་གི་དོན་ལུ་ འོང་ཡོདཔ་སྦེ་ ཤེས་རྟོགས་བྱུང་ནུག ཁོང་གསུམ་ ས་གནས་གསེར་ཏ་ན་ལས་ ཧཱ་རྫོང་ཁག་ཁ་ཐུག་འོང་པའི་སྐབས་ བསམ་རྩེ་ལས་བརྒྱུད་དེ་ འོང་དགོ་པའི་གནད་དོན་དེ་ཡང་ ས་གནས་གསེར་ཏ་ན་ལས་ ཧཱ་ཁ་ཐུག་འགྱོ་དགོ་པ་ཅིན་ སྣུམ་འཁོར་ལམ་མེདཔ་ལས་ རྐང་ཐང་དུས་ཡུན་ཆུ་ཚོད་༡༣ ཙམ་གྱི་རིང་ ལམ་འགྱོ་དགོཔ་མ་ཚད་ རི་དྭགས་སེམས་ཅན་ཚུ་གིས་ ཚེ་སྲོག་ལུ་ བར་ཆད་རྐྱབ་ནིའི་ཉེན་ཁ་ཡོདཔ་ལས་ ཧཱ་རྫོང་ཁག་ནང་ གཞུང་འབྲེལ་གྱི་ལཱ་དང་ སྒེར་ལཱ་རེ་འབད་དགོཔ་འཐོན་པ་ཅིན་ བསམ་རྩེ་བརྒྱུད་དེ་ ཕུན་ཚོགས་གླིང་ཁ་ཐུག་འོང་ཞིནམ་ལས་ ཧཱ་ཁ་ཐུག་འགྱོ་སྲོལ་ཡོདཔ་སྦེ་ བཤད་ཅི། སྤྱི་ཚེས་༡༤ གི་ཕྱི་རུ་ཁམས་ཅིག་ཁར་ ཕུན་ཚོགས་གླིང་ལུ་ལྷོད་དེ་ བཟའ་ཁང་ཅིག་ནང་ ཁང་མིག་ཅིག་ལེན་ཏེ་སྡོད་ཡོདཔ་ཨིན་པས། སྤྱི་ཚེས་༡༥ གི་དྲོ་པ་ཆུ་ཚོད་༡.༤༤ ལུ་ སྒྲིག་གཡོག་སྦེ་སྡོད་མི་ ཁྲིམས་སྲུང་འགག་པ་སྡེ་ཚན་གྱིས་ ཕུན་ཚོགས་གླིང་འགག་སྡེ་ཡིག་ཚང་ལུ་ ཕུན་ཚོགས་གླིང་ཁྲོམ་ཁར་ བཟའ་ཁང་དང་ སྒྲིང་ཁྱིམ་གཉིས་ཀྱི་བར་ན་ཡོད་པའི་ལམ་ཁར་ ཨ་ལོ་གསར་སྐྱེས་ཅིག་ བཀོ་བཞག་ཡོད་པའི་སྐོར་ལས་ སྙན་ཞུ་ལྷོད་དེ་ཡོདཔ་སྦེ་ཨིན་པས། འདི་འཕྲོ་ལས་ ཕུན་ཚོགས་གླིང་སྨན་ཁང་ནང་ གསོ་བའི་སྡེ་ཚན་ཅིག་དང་ ཁྲིམས་སྲུང་འགག་པའི་ ཞིབ་དཔྱད་སྡེ་ཚན་ཅིག་ ཉེས་ལས་བྱུང་སའི་ ས་ཁོངས་ནང་ལྷོད་དེ་བལྟ་བའི་སྐབས་ ཨ་ལུ་བུཚ་ཨིན་པའི་གུ་ མགུ་ཏོ་ཆག་དཀྲུམ་འབད་ཡོདཔ་དང་ རྣམ་ཅོ་ནང་ལས་ ཁྲག་ཐོན་ཡོད་པའི་ རོ་ཅིག་ མཐོང་ཡོདཔ་སྦེ་ཨིན་པས། དེ་བསྒང་ ཨ་ལུ་འདི་ སྐྱེས་ཚར་ཞིནམ་ལས་ བཟའ་ཁང་ ཡང་ན་ སྒྲིང་ཁྱིམ་ནང་ལས་ བཀོ་བཏང་ཡོདཔ་སྦེ་ ཤེས་རྟོགས་བྱུང་སྟེ་ཡོདཔ་ལས་ དེ་ཡང་ ཨ་ལུའི་རོ་ཡོད་ས་ལས་ མཐོ་ཚད་མི་ཊར་༢.༥ གི་ས་ཁོངས་ནང་ བཟའ་ཁང་ཡོད་སའི་གྱང་གུ་ ཁྲག་ཆགས་ཡོདཔ་ད་ ཨ་ལུའི་བུ་ཚང་ཡང་ གདོང་ཕྱོགས་སྒྲིང་ཁྱིམ་གྱི་ སྒོ་སྒྲིག་གི་ ལྕགས་ཀྱི་ར་སྐྱོར་གུ་ ཆགས་ཏེ་ཡོདཔ་སྦེ་མཐོང་ནུག དེ་ལས་ འགག་སྡེའི་ཞིབ་དཔྱད་སྡེ་ཚན་གྱིས་ སྒྲིང་ཁྱིམ་དང་ བཟའ་ཁང་དེ་ནང་ མཐིལ་ཕྱིན་འཚོལ་ཞིབ་འབད་བའི་སྐབས་ སྒྲིང་ཁྱིམ་དེ་ནང་ བུམོ་ཅིག་ཡང་མེད་རུང་ བཟའ་ཁང་དེ་ནང་ བུམོ་༡༠ ཁང་མིག་ལེན་ཏེ་ སྡོད་ཡོདཔ་སྦེ་ཨིན་པས། བཟའ་ཁང་དེ་གིས་ ཁང་མིག་ག་རའི་ནང་ འཚོལ་ཞིབ་འབད་བའི་སྐབས་ སྟེང་ཐོག་༣ པའི་ བར་ལམ་གྱི་སྒོ་སྒྲིག་གུ་ ཁྲག་ཆགས་ཡོད་མི་ལུ་བརྟེན་ ཨ་ལུ་འདི་ ཁྱིམ་ཐོག་གསུམ་ལས་མར་ བཀོ་ཡོད་པའི་ སྒྲུབ་བྱེད་བྱུང་ནུག དེ་ལས་ བཟའ་ཁང་གི་ ཁང་མིག་རེ་རེ་བཞིན་ འཚོལ་ཞིབ་འབདཝ་ད་ ཁང་མིག་༧ པའི་ནང་ ཞིབ་དཔྱད་སྡེ་ཚན་ ནང་ན་འཛུལཝ་ད་ ཁྲག་གི་དྲིམ་ཁམས་ལོག་སི་སི་ཚོར་ཏེ་ ཆབ་གསང་ནང་ བཀབ་རས་རློནམ་ཅིག་ དཔྱང་བཞག་སར་མཐོང་ཡོདཔ་ལས་ ཁང་མིག་ནང་སྡོད་མི་ ཕོ་སྐྱེས་༢ དང་ ཨ་ལུ་སྐྱེས་མི་ ཨམ་སྲུ་དེ་གིས་ ཁ་བཟེད་མ་བཏུབ་ལས་བརྟེན་ ཕུན་ཚོགས་གླིང་སྨན་ཁང་ནང་འཁྱིད་ཞིན་ན་ བརྟག་དཔྱད་འབདཝ་ད་ སྒྲུབ་བྱེད་བྱུང་ཡོད་མི་ལུ་ ཉེས་འཛུགས་ཅན་གྱི་ཁ་ཐུག་ལས་ ཨ་ལུ་སྐྱེས་མི་ མོ་ཨིན་རུང་ ཨ་ལུ་འདི་ སྐྱེས་བའི་བསྒང་ལས་ར་ ཤི་ནུག་ཟེར་བཤད་ཡོདཔ་ཨིན་པས། ཉེས་འཛུགས་ཅན་གྱིས་ དེ་སྦེ་སླབ་ཡོད་རུང་ འགག་སྡེའི་ཞིབ་དཔྱད་སྡེ་ཚན་ཚུ་གིས་ ཨ་ལུ་འདི་ སྐྱེས་བའི་བསྒང་ལས་ར་ ཤི་ཤིཝ་སྐྱེས་ཡོད་མེད་བལྟ་ནིའི་དོན་ལུ་ ཕུན་ཚོགས་གླིང་སྨན་ཁང་ནང་ ཚན་རིག་གི་ཐོག་ལས་ བརྟག་དཔྱད་འབད་བའི་སྐབས་ ཨ་ལུའི་གློཝ་འདི་ ཆུའི་མཐོ་ཁར་ལྡིང་ཡོད་མི་ལུ་ ཨ་ལུ་མ་ཤི་བར་སྐྱེས་ཡོདཔ་བཟུམ་འདུག་ཟེར་ གསོ་བའི་སྙན་ཞུ་ཐོབ་ཡོདཔ་ཨིན་པས། སྙན་ཞུ་དེ་གུ་ ཞིབ་འཚོལ་འབད་དེ་བལྟ་བའི་སྐབས་ ཨ་ལུའི་གློཝ་འདི་ ཆུ་ནང་བཙུགས་པའི་སྐབས་ གློཝ་ཧྲིལ་བུམ་ ཆུའི་མཐོ་ཁར་ལྡིང་སྡོད་པ་ཅིན་ ཨ་ལུ་འདི་ མ་ཤི་བར་སྐྱེས་ཡོདཔ་ ངེས་བདེན་ཨིན་པའི་ གློག་རིག་ཡོངས་འབྲེལ་ནང་ ཚན་རིག་བརྟག་དཔྱད་མཁས་པ་དང་ གསོ་བའི་ ཁྲིམས་དོན་སློབ་སྦྱོང་ཚུ་ནང་ ཧིང་སང་ས་སྦེ་བཀོད་དེ་ཡོད་པའི་ གྲུབ་འབྲས་བྱུང་ནུག ཉེས་འཛུགས་ཅན་གྱིས་ ཨ་ལུ་འདི་ མ་ཤི་བར་སྐྱེས་ཡོད་རུང་ ཤེས་བཞིན་དང་བསམ་ཞིབ་ཀྱི་ཐོག་ལས་ ཨ་ལུའི་སྲོག་འཕྲོག་གཅད་ནི་ལུ་ བཟའ་ཁང་གི་ ཁྱིམ་ཐོག་གསུམ་པའི་ སྒོ་སྒྲིག་ལས་བཀོ་བཏངམ་ད་ ཨ་ལུའི་མགུ་ཏོ་ རྩི་སའི་འགྱམ་གུ་ཕོག་སྟེ་ མགུ་ཏོ་ཆག་དཀྲུམ་འགྱོ་མི་ལུ་བརྟེན་ ཨ་ལུ་ཤི་ཡོདཔ་སྦེ་ ཤེས་རྟོགས་བྱུང་ནུག དེ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ རྩོད་གཞི་འགོ་ཁྲིདཔ་འབད་མི་ འགོ་དཔོན་གྱིས་བཤད་མིའི་ནང་ ཉེས་འཛུགས་ཅན་གྱིས་ ཁྱེའུ་སྲོག་གཅོད་ཀྱི་ ཉེས་ལས་འབད་ཡོད་མི་ལུ་བརྟེན་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ལྟར་དུ་ ཉེས་ཁྲིམས་སྨིན་དགོཔ་འདུག་ཟེར་ ཞུ་ཡོདཔ་ཨིན་པས། འདི་བཟུམ་སྦེ་ ཉེས་འཛུགས་ཅན་དང་གཅིག་ཁར་ ཁང་མིག་ཅིག་ནང་སྡོད་མི་ ཕོ་སྐྱེས་གཉིས་ཀྱིས་ ཉེས་འཛུགས་ཅན་དེ་གིས་ ཉེས་ལས་འབད་པའི་སྐབས་ ཤེས་དགོ་པའི་གནས་སྟངས་ཡོད་རུང་ ཉེས་ལས་དང་འབྲེལ་བ་ཡོད་པའི་ སྒྲུབ་བྱེད་ག་ནི་ཡང་མེད་མི་ལུ་བརྟེན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ཁ་ཐུག་ལས་ ཁོང་གཉིས་ལུ་ ཉེས་འཛུགས་བཀལ་ཐབས་མིན་འདུག་ཟེར་ཨིན་པས། གནད་དོན་དེ་ལུ་ ཞིབ་དཔྱད་འབད་མི་དང་འཁྲིལཝ་ད་ སྲོག་གཅོད་པའི་ཨ་ལུའི་ཨ་པ་འདི་ ད་ལྟོ་ འབྲིང་རིམ་སློབ་གྲྭ་ཅིག་ནང་ ཤེས་ཡོན་སྦྱང་མི་ཅིག་ཨིནམ་ད་ ཁོང་གཉིས་ཀྱི་བར་ན་ སྤྱི་ལོ་༢༠༡༦ ལས་འགོ་བཙུགས་ཏེ་ དགའ་མཐུན་གྱི་འབྲེལ་བ་ཡོད་པའི་གུ་ ལུས་ཀྱི་འབྲེལ་བ་འཐབ་པའི་མཐའ་མར་ ཉེས་འཛུགས་ཅན་གྱི་གཟུགས་ཁར་ ཨ་ལུ་ཆགས་ཏེ་ཡོད་རུང་ བཟའ་ཚང་འཆར་གཞི་གི་སྨན་ཟ་སྟེ་ ཨ་ལུ་མངལ་ལས་བཏོན་བཏང་ཡོདཔ་ད་ དེབསྒང་ ཨ་ལུའི་ཨ་པ་འདི་ བྱིས་པ་སྐྱེས་ལོ་༡༨ ཀྱི་ལོ་ཚོད་མ་ལང་མི་ཅིག་ཨིན་པའི་ ཤེས་རྟོགས་བྱུང་ནུག སྤྱི་ལོ་༢༠༡༧ གྱི་ ནམ་བྱཱར་གྱི་ངལ་གསོའི་དུས་ཡུན་ལུ་ ཨ་ལུའི་ཨ་པ་ཁོ་ར་ གཡུས་ཁར་འོང་པའི་སྐབས་ ཕམ་སྤུན་ཆ་ཚུ་གི་མ་ཤེསཔ་སྦེ་ ཉེས་འཛུགས་ཅན་དང་ ཧེ་མ་ལས་ དགའ་མཐུན་གྱི་འབྲེལ་བ་ཡོད་པའི་གུ་ ལུས་ཀྱི་འབྲེལ་བ་འཐབ་ཡོདཔ་སྦེ་ཨིན་པས། ད་རུང་ ནམ་དགུན་གྱི་ངལ་གསོ་ལུ་ ཁོང་གཉིས་གཅིག་ཁར་ཕྱད་དེ་ ཉེས་འཛུགས་ཅན་གྱིས་ ཟླ་ཁྲག་མ་འོང་པར་ ཟླ་ངོ་༣ ཡར་སོང་ཡི་ཟེར་སླབ་ཡོདཔ་ད་ ཉེས་འཛུགས་ཅན་མོ་ར་ སློབ་གྲྭ་དེ་ནང་ འཕྲོ་མཐུད་དེ་ ལཱ་གཡོག་འབད་དེ་སྡོད་ ཨ་ལུའི་ཨ་པ་འདི་ ལོག་སྟེ་སློབ་གྲྭ་ནང་ འགྱོ་ཡོདཔ་སྦེ་ཨིན་པས། ད་ལྟོ་ ཨ་ལུའི་ཨ་པ་ཁོ་ར་ སློབ་རིམ་༧ པའི་ནང་ ཤེས་ཡོན་སྦྱང་མི་ཅིག་ཨིནམ་ད་ སྤྱི་ལོ་༢༠༡༦ གི་ལོའི་ནང་ ཨ་ལུའི་ཨ་པ་གི་ སྐྱེས་ཚེས་༡༦.༠༥.༡༩༩༩ གུ་ གཞི་བཞག་ཐོག་ལས་རྩིས་ཕབ་ད་ སྐྱེས་ལོ་༡༧ ལང་པའི་ ཨ་ལུ་ཅིག་འབདཝ་ལས་ ཉེས་འཛུགས་ཅན་གྱིས་ བྱིས་པ་སྐྱེས་ལོ་༡༢ ཡན་ཆད་ལུ་ བཙན་གཡེམ་གྱི་ཉེས་ལས་འབད་མི་ཅིག་སྦེ་ ཚུདཔ་ཨིན་པས། འདི་འབདཝ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ཁ་ཐུག་ལས་ ཕུན་ཚོགས་གླིང་ཁྲིམས་ཀྱི་འདུན་སར་ ཉེས་རྩོད་ཀྱི་དོན་ལས་ ཉེས་འཛུགས་ཅན་ཨམ་སྲུ་དེ་ལུ་ ཁྱེའུ་སྲོག་གཅོད་པའི་ཉེས་འཛུགས་དང་ བྱིས་པ་སྐྱེས་ལོ་༡༢ ཡན་ཆད་ལུ་ བཙན་གཡེམ་འབད་བའི་ ཉེས་འཛུགས་ཁག་གཉིས་ ཕུལ་ཡོདཔ་ཨིན་པས། རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཞིབ་དཔྱད་འབད་མི་དང་འཁྲིལ་བ་ཅིན་ ཉེས་འཛུགས་ཅན་དེ་གིས་ ཧེ་མ་ལས་ གནོད་པ་བཀལ་ནི་ལུ་དམིགས་ཏེ་ ཁྱེའུ་སྲོག་གཅོད་པའི་གནོད་འགེལ་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་དོན་ཚན་༡༣༨༼ཀ༽ པའི་དགོངས་དོན་ནང་ཚུདཔ་ལས་ སྲོག་གཅོད་པའི་ཉེས་རིམ་ཡང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་དོན་ཚན་༡༣༩ པའི་དགོངས་ དོན་ལྟར་ ཉེས་འཛུགས་ཅན་ལུ་ དབྱེ་རིམ་དང་པའི་ཉེས་ཆེན་ཁྲིམས་ཚད་ དམའ་ཤོས་ལོ་ངོ་༡༥ ལས་ མཐོ་ཤོས་ཚེ་བཙོན་གྱི་ཉེས་ཁྲིམས་ སྨིན་དགོཔ་འདུག་ཟེར་ཨིན་མས། སྲོག་གཅོད་པའི་གནོད་འགེལ་འདི་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་དོན་ཚན་༧ པ་༼ཀ༽ པའི་དགོངས་དོན་ནང་ ཚུདཔ་ལས་བརྟེན་ ཁྲིམས་དེབ་དེ་གིས་ དོན་ཚན་༧ པའི་དགོངས་དོན་ལྟར་དུ་ ཉེས་འཛུགས་ཅན་ལུ་ ཚེ་བཙོན་སྨིན་དགོཔ་འདུག་ཟེར་ ཞུ་བ་འབད་ཡོདཔ་ཨིན་པས། དེ་མ་ཚད་ ཉེས་འཛུགས་ཅན་གྱིས་ བྱིས་པ་སྐྱེས་ལོ་༡༢ ཡན་ཆད་ལུ་ བཙན་གཡེམ་གྱི་གནོད་འགེལ་དེ་ འབྲུག་གི་ཉེས་འགེལ་ ཁྲིམས་དེབ་༢༠༠༤ ཅན་མའི་དོན་ཚན་༡༨༣ ཅན་མའི་དགོངས་ནང་ཚུདཔ་ལས་ གནོད་འགེལ་གྱི་ཉེས་རིམ་ཡང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་ དོན་ཚན་༡༨༤ པའི་དགོངས་དོན་ལྟར་ དབྱེ་རིམ་གཉིས་པའི་ ཉེས་ཆེན་ཁྲིམས་ཚད་ དམའ་ཤོས་ལོ་ངོ་༩ ལས་ མཐོ་ཤོས་ལོ་ངོ་༡༥ གི་འོག་རྒྱུ་ ཉེས་ཁྲིམས་སྨིན་དགོཔ་འདུག་ཟེར་ཨིན་པས། སྤྱི་ཟླ་༨ པའི་ སྤྱི་ཚེས་༦ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ཁ་ཐུག་ལས་ ཉེས་འཛུགས་ཅན་གྱིས་ བསམ་ཞིབ་ཀྱི་ཐོག་ལས་ ཁྱེའུ་སྲོག་གཅོད་དང་ བྱིས་པ་སྐྱེས་ལོ་༡༢ ཡན་ཆད་ལུ་ བཙན་གཡེམ་གྱི་གནོད་འགེལ་འབད་ཡོད་མི་ལུ་བརྟེན་ ཁྲིམས་ཞབས་ལས་ ཉེས་འཛུགས་ཅན་ལུ་ ཁྲིམས་ཀྱི་དོན་ཚན་ཚུ་དང་ ཡང་ན་ ཁྲིམས་གཞན་གྱི་དགོངས་དོན་དང་འཁྲིལ་ འོས་འབབ་ག་ཅི་ཡོདཔ་གཟིགས་ཏེ་ བསྟར་སྤྱོད་མཛད་གནང་དགོ་པའི་ གསོལ་འདེབས་ཞུ་ཡོདཔ་ཨིན་པའི་གནས་ཚུལ།                    

"ཁྱེའུ་སྲོག་གཅོད་དང་ བྱིས་པ་སྐྱེས་ལོ་༡༢ ཡན་ཆད་ལུ་ བཙན་གཡེམ་འབད་ཡོད་མི་ལུ་ཉེས་འཛུགས།"

མི་དབང་མངའ་ཞབས་མཆོག་གི་སྐུ་མདུན་ལུ་ བློན་ཆེན་དང་ ཚོགས་དཔོན་ བློན་པོ་ལྷན་རྒྱས་ཚུ་གིས་ ཕྱག་དབང་བཅར་ཡོདཔ།

སྤྱི་ཟླ་འདི་གི་ སྤྱི་ཚེས་༡ ལུ་ བཀྲིས་ཆོས་རྫོང་ནང་སྦེ་ སྤྱི་ཚོགས་༢ པའི་ གནས་ཡུན་ཚང་སྟེ་ དགོངསམ་ཞུ་མི་ བློན་ཆེན་དང་ ཚོགས་དཔོན་ དེ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་མདུན་ལུ་ ཕྱག་དབང་བཅར་ཡོདཔ་ཨིན་པས།

འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༡༩ པའི་ སྡེ་ཚན་༢ པའི་དགོངས་དོན་དང་འཁྲིལ་ གཞུང་འདི་ རྩ་གྲོལ་འགྱོ་བའི་ ཉིན་གྲངས་༡༥ གི་ནང་འཁོད་ལུ་ གནས་སྐབས་ཀྱི་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་དང་ གཞན་གྲོས་དཔོན་ཚུ་ མི་དབང་མངའ་ཞབས་མཆོག་གིས་ བསྐོ་བཞག་གནང་ནི་ཨིན་པའི་གནས་ཚུལ།

"མི་དབང་མངའ་ཞབས་མཆོག་གི་སྐུ་མདུན་ལུ་ བློན་ཆེན་དང་ ཚོགས་དཔོན་ བློན་པོ་ལྷན་རྒྱས་ཚུ་གིས་ ཕྱག་དབང་བཅར་ཡོདཔ།"