ཨར་རྐུན་གྱི་གནད་དོན་ཐོག་ལུ་ ཞིབ་དཔྱད་འབད་བའི་བསྒང་།

ཆོས་ཉིད་བཟང་མོ།    

ས་གནས་ཁག་སོ་སོའི་ནང་ལས་ཕར་ ཨར་རྐུན་འབད་མི་གནད་དོན་ ལེ་ཤ་རང་ འགག་སྡེ་ཡིག་ཚང་ནང་ ལྷོད་དོ་ཡོདཔ་ལས་ ཟླཝ་འདི་ནང་ལུ་ར་ དབང་འདུས་རྫོང་ཁག་ནང་ ཨར་རྐུན་འབད་ཡོད་པའི་ གནད་དོན་ཁག་༤ དེ་ཅིག་ཐོན་ཏེ་ ཡོདཔ་ཨིན་པས།

འདི་བཟུམ་གྱི་ བྱ་ངན་གྱི་ལཱ་ཚུ་ མི་ཚུ་གི་ ཚར་གཅིག་གི་དགའ་བ་ལུ་ བལྟ་བཞིན་ན་འབད་དོ་ཡོདཔ་མ་ཚད་ ཤུལ་ལས་ ག་ཅི་བཟུམ་གྱི་ གདོང་ལན་འབད་དགོཔ་འཐོན་འོང་ག་ མནོ་བསམ་ག་ནི་ཡང་ མ་གཏང་པར་འབད་དོ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"ཨར་རྐུན་གྱི་གནད་དོན་ཐོག་ལུ་ ཞིབ་དཔྱད་འབད་བའི་བསྒང་།"

སེམས་ཅན་ཨར་རྐུན་འབད་མི་ལུ་བརྟེན་ དོགས་ཅན་ཕོ་སྐྱེས་༢ ལུ་འཛིན་བཟུང་།

ཆོས་ཉིད་བཟང་མོ།

རྒྱལ་ཁབ་ནང་ལུ་ ཅ་ཆས་དང་སྣུམ་འཁོར་ཨར་རྐུན་འབད་ཡོད་པའི་ བྱ་ངན་ཚུ་གི་ སྙན་ཞུ་ཚུ་ ལྷོད་དེ་རང་ཡོདཔ་ཨིན་རུང་ སྤྱི་ཟླ་༨ པའི་ སྤྱི་༢༦ ལུ་ སེམས་ཅན་ཅིག་ ཨར་རྐུན་ཤོར་ཡི་ཟེར་ སྙན་ཞུ་ལྷོད་མི་འདི་ གོ་ཐོག་ཨིན་པས།

གནད་དོན་འདི་ལུ་ གསར་སྦང་རྫོང་ཁག་ འཇིགས་མེད་ཆོས་གླིང་རྒེད་འོག་ སེམས་ཁ་ར་ལས་ སྐྱེས་ལོ་༥༨ ལང་མི་ཕོ་སྐྱེས་ཅིག་གིས་ སེམ་ཅན་ ར་༡ ཨར་རྐུན་ཤོར་ཡོད་པའི་ སྙན་ཞུ་ལྷོད་ཡོདཔ་ལས་ སྤྱི་ཟླ་༨ པའི་ སྤྱི་ཚེས་༢༧ ལུ་ ཁྲིམས་སྲུང་འགག་སྡེ་གིས་ དོགས་ཅན་ཕོ་སྐྱེས་༢ འཛིན་བཟུང་འབད་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"སེམས་ཅན་ཨར་རྐུན་འབད་མི་ལུ་བརྟེན་ དོགས་ཅན་ཕོ་སྐྱེས་༢ ལུ་འཛིན་བཟུང་།"

ཐག་བརྒྱུད་རྒྱང་མཐོང་གི་ འཛིན་ཤོག་བསྡུ་མི་བཟོ་སྟེ་ ཉེས་སྤྱོད་འབད་ནི་གི་ དཔའ་བཅམ་ཡོདཔ།

ཆོས་ཉིད་བཟང་མོ།

འཕྲལ་ཁམས་གཅིག་ཁར་ མི་ངོམ་ཅིག་གི་ ཁྱིམ་ཅིག་ནང་ལུ་ མི་གཅིག་སྦེ་སྡོད་མི་ མི་རློབས་ཉུང་བའི་ ས་ཁོངས་ཚུ་ནང་ ཨར་རྐུན་དང་འབྲེལ་བའི་ ཉེས་ལས་འབད་ནི་གི་ དཔའ་བཅམ་མི་ཚུ་ འཐོན་དོ་ཡོད་པའི་སྐོར་ལས་ ཁྲིམས་སྲུང་འགག་སྡེ་གི་འགོ་དཔོན་ལུ་ གནས་ཚུལ་ཐོབ་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་སྡེ་གི་ དོརམ་དང་ཇེ་ཀེཊ་གྱོན་ཏེ་ མགུ་ཏོ་ཁར་ཞྭམོ་བཙུགས་ རྒྱབ་ཁར་ ཕད་ཅུང་འབག་སྟེ་ ཉི་མ་ཁམས་ཅིག་ཁར་ ཐག་བརྒྱུད་རྒྱང་མཐོང༌གི་ དངུལ་བསྡུ་ལེན་འབད་མི་ཨིན་ཟེར་ ཁྱིམ་ནང་འཛུལ་སྟེ་ ཉེས་ལས་འབད་ནི་གི་ དཔའ་བཅམ་མི་དང་ ལ་ལུ་ཅིག་གི་ ཁྱིམ་སྒོ་མ་ཕྱེ་རུང་ བང་བཙོང་གི་ཐོག་ལས་ སྒོ་ཕྱེ་ནི་གི་ དཔའ་བཅམ་དོ་ཡོད་པའི་  གནས་ཚུལ་ཐོབ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"ཐག་བརྒྱུད་རྒྱང་མཐོང་གི་ འཛིན་ཤོག་བསྡུ་མི་བཟོ་སྟེ་ ཉེས་སྤྱོད་འབད་ནི་གི་ དཔའ་བཅམ་ཡོདཔ།"

སྨྱོ༌རྫས༌དང་འབྲེལ་བའི་ གནད་དོན་ལུ་བརྟེན་ མི་ངོམ་༢ བདའ་ཟིན་ཡོདཔ།

ཆོས་ཉིད་བཟང་མོ།

དགེ་འདུ་ཁྲིམས་སྲུང་འགག་སྡེ་གིས་ གཞུང་ལམ་བདའ་སྟེ་ ཞིབ་དཔྱད་འབད་བའི་ སྤྱི་ཟླ་༠༨ པའི་ སྤྱི་ཚེས་༢༤ ལུ་ དབང་འདུས་རྫོང་ཁག་ལས་ སྐྱེས་ལོ་༣༨ ལང་མི་ དོགས་ཅན་ཕོ་སྐྱེས་ཅིག་གི་ དངུལ་ཀྲམ་༥༤,༠༠༠ གནས་པའི་ སྨྱོ་རྫས་ཨེས་པི་ ཀེབ་སཱུལ་༧,༡༠༤  སྐྱེལ་འདྲེན་འབད་མི་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་སྡེའི་ སྨྱོ་རྫས་བཀག་འཛིན་སྡེ་ཚན་གྱི་ འགོ་དཔོན་བསོན་ནམས་གོངས་འཛིན་གྱིས་ སླབ་མི་ནང་ དོགས་ཅན་ཕོ་སྐྱེས་འདི་ འབྲུག་དངུལ་ཁང་ལས་འཛིན་གྱི་ ལས་བྱེདཔ་བགྲེསཔ་ཨིནམ་ད་ དོགས་ཅན་དེ་ལུ་ འདྲི་དཔྱད་འབདཝ་ད་ འདི་བཟུམ་གྱི་ བྱ་ངན་འདི་ ཐེངས་གཉིས་པ་ཨིན་ཟེར་སླབ་ཡོདཔ་མ་ཚད་ ཁོ་གོ་དྲི་ཆུ་བརྟག་དཔྱད་འབདཝ་ད་ ལག་ལེན་འཐབ་ཡོད་པའི་ གྲུབ་འབྲས་ཚུ་ མ་འཐོནམ་ཨིན་པས།[...] རྒྱས་པར་ལྷག།

"སྨྱོ༌རྫས༌དང་འབྲེལ་བའི་ གནད་དོན་ལུ་བརྟེན་ མི་ངོམ་༢ བདའ་ཟིན་ཡོདཔ།"

ཨིསི་པསི་མོ་པོ་རོག་སི་བཱོན་པཱ་ལཱས་ལས་བརྟེན་ བཙོན་ཁྲིམས་ཕོག་མི་གིས་ ད་ལས་ཕར་ ཁྲིམས་འཐུས་བཏབ་ཆོག་ནི་ཨིནམ།

ཆོས་ཉིད་བཟང་མོ།

འདས་པའི་བདུན་ཕྲག་ནང་ལུ་ མངོན་མཐོ་ཁྲིམས་ཀྱི་འདུན་ས་ལས་ ཨེས་པི་པཱ་ལཱས་ཟེར་མི་སྨྱོ་རྫས་ཀྱི་རིགས་ ཁྲིམས་འགལ་ཐོག་ལས་ རྒྱལ་ཁབ་ནང་ལུ་  ལག་ལེན་དང་བསྐྱེལ་འདྲེན་འབད་ཡོད་པའི་ གནད་དོན་ལུ་བརྟེན་ ཁྲིམས་སྲུང་འགག་སྡེ་གིས་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ ཞིབ་དཔྱད་འཕྲོ་མཐུད་འབད་དོ་ཡོད་པའི་ དོགས་ཅན་ཚུ་དང་ ཁྲིམས་ཀྱི་འདུན་ས་ལས་ དོགས་ཅན་ཚུ་ལུ་ བཙོན་ཁྲིམས་ཕོག་མི་ཚུ་ བཙོན་ཁྲིམས་ཀྱི་ཚབ་སྦེ་ ཁྲིམསའཐུས་བཏབ་ཆོག་ནི་པའི་ འཁྲུན་ཆོད་གནང་ཡོད་པའི་ཤུལ་ལུ་ ཨེས་པི་པཱ་ལཱས་དང་འབྲེལ་བའི་ བཙོན་ཁྲིམས་ཕོག་མི་ཚུ་གི་ ཁྲིམས་འཐུས་བཏབ་ནི་གི་དོན་ལུ་ ཞུ་བ་ཕུལ་མི་ཡང་ འཐོན་ཡོདཔ་ཨིན་པས།

མངོན་མཐོ་ཁྲིམས་ཀྱི་འདུན་སའི་ འཁྲུན་ཆོད་འདི་དང་འཁྲིལཝ་ད་ སྨྱོ་རྫས་ཨིསི་པསི་མོ་པོ་རོག་སི་བཱོན་པཱ་ལཱས་ ལོག་སྤྱོད་འབད་བའི་ རྩོད་གཞི་ཚུ་ འབྲུག་སྨན་གྱི་བཅའ་ཁྲིམས་༢༠༠༣ ཅན་མའི་ དོན་ཚན་༢༩ ཇ༽ པའི་ བམ་ཚན་དང་པ་ལྟར་ ཉེས་འཛུགས་བཀོད་དགོཔ་ཡོད་རུང་ ཊ་མ་ཌཱོལ་འདི་ འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་བཅའ་ཁྲིམས་༢༠༡༥ ཅན་མའི་ ཟུར་དེབ་ནང་ བཀོད་དེ་མེདཔ་ལས་བརྟེན་ བཅའ་ཁྲིམས་འདིའི་དོན་ཚན་༢༩ ཇ༽པའི་ བམ་ཚན་གཉིསཔ་ནང་ “རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཚུ་དང་འཁྲིལ་” ཟེར་མི་འདི་གིས་ འགབ་མ་ཚུགས་པར་ཡོད་མི་འདི་བསལ་ཏེ་ འཁྲུན་ཆོད་གྲུབ་ཡོདཔ་མ་ཚད་ ང་བཅས་མི་ཚུ་གིས་ ཊ་མོ་ཌཱལ་འདི་སྨན་སྦེ་ གཟུགས་ཁར་ལུ་ཕན་ཐབས་ཡོད་པའི་ སྨྱོ་རྫས་ཀྱི་རིགས་ཅིག་འབདཝ་ལས་ ཨིསི་པསི་མོ་པོ་རོག་སི་བཱོན་ པཱ་ལཱས་ཟེར་མི་སྨྱོ་རྫས་འདི་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུག་རྫས་ རྫས་རིགས་ལོག་སྤྱོད་ཀྱི་ བཅའ་ཁྲིམས་༢༠༡༥ ཅན་མ་དང་འཁྲིལ་ཏེ་ ངོས་ལེན་འབད་དགོ་ནི་ཨིན་པས།[...] རྒྱས་པར་ལྷག།

"ཨིསི་པསི་མོ་པོ་རོག་སི་བཱོན་པཱ་ལཱས་ལས་བརྟེན་ བཙོན་ཁྲིམས་ཕོག་མི་གིས་ ད་ལས་ཕར་ ཁྲིམས་འཐུས་བཏབ་ཆོག་ནི་ཨིནམ།"

ཤོ་ཏ་སི་རྩེད་མི་ མི་ངོམ་༧ བདའ་ཟིན་ཡོདཔ།

ཆོས་ཉིད་བཟང་མོ།

དུས་ཀྱི་འགྱུར་བ་དང་ རྒྱལ་ཁབ་གོང་འཕེལ་ལས་བརྟེན་ཏེ་ འབྲུག་མི་ཚུ་གིས་ ཁྲིམས་ལུགས་ལུ་ འཇིགས་སྣང་མམ་བསྐྱེད་པར་ བྱ་ངན་འབད་མི་གི་ གྱངས་ཁ་ཚུ་ཡར་འཕར་འགྱོ་དོ་ཡོདཔ་ད་ གནད་དོན་འདི་ཚུ་གི་གྲས་ལས་ སྨྱོ་རྫས་དང་ཏམ་ཁུ་གི་རིགས་ ནག་ཚོང་འཐབ་མི་དང་སྤྱོད་མི་ དེ་ལས་ ཤོས་ཏ་སི་རྩེད་མི་དང་ འཐབ་འཛིན་ ལ་སོགས་པ་ཚུ་ཨིན་པས།

སྤྱི་ཟླ་འདི་གི་ སྤྱི་ཚེས་༢༣ ལུ་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་ལྷོད་མི་ལུ་བརྟེན་ ལྕང་སྒང་ཁ་ ནོར་གླིང་གི་ སྒྲིང་ཁྱིམ་གྱི་སྦོ་ལོག་ཁ་ལས་ སྡོད་ཁྱིམ་ཅིག་ལས་ ཤོ་ཏ་སི་རྩེད་མི་སྡེ་ཚན་ཅིག་ ཁྲིམས་སྲུང་ཉེན་སྲུང་སྡེ་ཚན་ཚུ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"ཤོ་ཏ་སི་རྩེད་མི་ མི་ངོམ་༧ བདའ་ཟིན་ཡོདཔ།"

སྨན་གི་རིགས་ཅིག་ཨིན་རུང་ ཚད་གཞི་ལས་ལྷག་སྟེ་ འཆང་སྤྱོད་འབད་བ་ཅིན་ ཉེ་ཁྲིམས་སྨིན་དགོ།

ཆོས་ཉིད་བཟང་མོ།

འབྲུག་གི་སྨན་གྱི་བཅའ་ཁྲིམས་༢༠༠༣ ཅན་མའི་དོན་ཚན་༢༦ པ་དང་འཁྲིལ་བ་ཅིན་ སྨན་རིགས་ག་ཅིག་རང་འབད་རུང་ དྲུང་འཚོ་གིས་སྨན་བཅོས་བཀོད་འཛིན་ནང་ གསལ་བཀོད་འབད་བའི་ ཚད་ལས་ལྷག་པའི་ སྨན་འབོར་འཆང་སྤྱོད་འབད་མ་ཆོགཔ་ད་ འདི་ལས་ལྷག་པ་ཅིན་ བཅའ་ཁྲིམས་དེའི་དོན་ཚན་༢༩ པའི་ ཇ༽ པ་ལྟར་ མི་ངོ་དེ་གི་ ཅ་དངོས་འབོར་ཚད་ལས་ལྷག་མི་ཚུ་ བཙན་བཟུང་འབད་ནི་དང་ རྒྱལ་ཡོངས་ལས་མིའི་གླ་ཆ་ ཟླ་ངོ་དྲུང་ལས་ ལོ་ངོ་ལྔ་ཚུན་གྱི་ཉེས་བྱ་ ཕོག་ནི་དང་ ཡང་ན་ རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཚུ་དང་འཁྲིལ་བའི་བཙོན་ཁྲིམས་དང་ ཡང་ན་ གཉིས་ཆ་རང་ཕོག་ཟེར་ཨིན་པས།

མངོན་མཐོ་ཁྲིམས་ཀྱི་འདུན་ས་ལས་ འཁྲུན་ཆོད་གྲུབ་ཡོད་མི་དང་འཁྲིལཝ་ད་ གོང་གསལ་དབྱེ་དཔྱད་བཅུད་དོན་ཚུ་ ཁྲིམས་ཀྱི་རིམ་པ་དང་བསྟུན་ བདེན་རྫུན་ཤན་འབྱེད་ཀྱི་བཀའ་དང་འཁྲིལ་ཏེ་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་འདི་ སྨྱོ་རྫས་དང་འབྲེལ་བའི་ གཞུང་གི་ལས་སྡེ་འབདཝ་ལས་ ལས་སྡེ་ལས་ སྨན་སྦྱོར་མཁས་མཆོག་གིས་བདེན་སྦྱོར་གྲུབ་པའི་སྙན་ཞུ་ཕུལ་མི་དང་འཁྲིལ་ ཊར་མ་ཌོལ(tramadol)འདི སྨན་སྦེ་ཕན་ཐོགས་ཡོད་པའི་ སྨྱོ་རྫས་ཨིནམ་རུང་ འདི་ནང་ཨོ་པིཡོཌ་(opiod) ཟེར་བའི་རྫས་སྦྱོར་ཡོདཔ་ལས་སྨྱོ་རྫས་འདི་ལུ་ལང་ཤོར་ཐལ་ཏེ་ ལོག་སྤྱོད་འབད་ནི་གི་ ཉེན་ཁ་སྦོམ་ཡོད་ཟེར་ སྒྲུབ་བྱེད་བཅའ་ཁྲིམས་༢༠༠༥ ཅན་མའི་དོན་ཚན་༢༢ པ་དང་༢༣ པ་ལྟར་ མཁས་མཆོག་གི་ སྙན་ཞུ་འདི་ ངོས་ལེན་མཛད་དེ་འཁྲུན་ཆོད་གྲུབ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"སྨན་གི་རིགས་ཅིག་ཨིན་རུང་ ཚད་གཞི་ལས་ལྷག་སྟེ་ འཆང་སྤྱོད་འབད་བ་ཅིན་ ཉེ་ཁྲིམས་སྨིན་དགོ།"

དབང་བཙོང་འདོད་སྤྱོད་དང་འབྲེལ་བའི་ སྙན་ཞུ་ལྷོད་མི་ལུ་བརྟེན་ ཞིབ་དཔྱད་འབད་བའི་བསྒང་།

ཆོས་ཉིད་བཟང་མོ།

གཞལ་བསྒང་རྫོང་ཁག་ ཤིང་མཁར་ལས་ སློབ་རིམ་༡༠ པའི་ སློབ་ཕྲུག་སྐྱེས་ལོ་༡༦ ལང་མི་བུམོ་ཅིག་གིས་ སྤྱི་ཟླ་༠༧ པའི་ སྤྱི་ཚེས་༢༡ ལུ་ མོང་སྒར་རྫོང་ཁག་ལས་སྐྱེས་ལོ་༣༣ ལང་མི་ ཕོ་སྐྱེས་ཅིག་གིས་ དབང་བཙོང་འདོད་སྤྱོད་འབད་ཡོདཔ་པའི་ སྙན་ཞུ་ལྷོད་འབད་ཡོདཔ་ལས་ དོགས་ཅན་འདི་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་བཞག་ཡོདཔ་ ཨིན་པས།

ཉམས་རྒུདཔ་བུམོ་དེ་གིས་ ངག་བརྗོད་དང་འཁྲིལ་བ་ཅིན་ མོ་རང་ད་རེས་ སློབ་གྲྭའི་ངལ་གསོ་ཅིག་འབདཝ་ལས་ བཟའ་ཁང་ཅིག་ནང་ གནས་སྐབས་ཀྱི་ལཱ་འབད་དེ་ ཐིམ་ཕུག་ལྕང་ཟམ་རྟོགས་ལུ་ མོ་རའི་ཕམ་སྤུན་ཆ་ཚུ་དང་གཅིག་ཁར་སྡོད་དོ་ཡོདཔ་ད་ ཉིནམ་དེ་ཚད་སྒྲིག་གཡོག་ཚང་སྟེ་ ཁྱིམ་ནང་འགྱོ་བའི་ལམ་ཁར་ ཕོ་སྐྱེས་ཅིག་ཕྱེད་དེ་ ཕོ་སྐྱེས་དེ་གིས་ ཆརཔ་རྐྱབ་མི་ལུ་བརྟེན་ མོ་གིས་ཉི་གདུགས་ནང་ལུ་ གཅིག་ཁར་འགྱོ་གེ་སླབ་མི་ལུ་བརྟེན་ཏེ་ གཅིག་ཁར་འགྱོ་ཡི་ཟེར་ཨིན་པས།[...] རྒྱས་པར་ལྷག།

"དབང་བཙོང་འདོད་སྤྱོད་དང་འབྲེལ་བའི་ སྙན་ཞུ་ལྷོད་མི་ལུ་བརྟེན་ ཞིབ་དཔྱད་འབད་བའི་བསྒང་།"

སྨྱོ་རྫས་ཀྱི་གནད་དོན་ལུ་ དོགས་ཅན་༤༣ འཛིན་བཟུང་།

ཆོས་ཉིད་བཟང་མོ།

སྤྱི་ཟླ་འདི་ནང་ལུ་རང་ གསང་བའི་སྙན་ཞུ་འཐོབ་སྟེ་ ཐིམ་ཕུག་ལས་ སྨྱོ་རྫས་ལག་ལེན་དང་ སྐྱེལ་འདྲེན་འབད་མི་ དོགས་ཅན་ ཕོ་སྐྱེས་༤༡ དང་ཨམ་སྲུ་༢ འཛིན་བཟུང་འབད་ཡོདཔ་ཨིན་པས།

འཛིན་བཟུང་འབད་མི་ཚུ་གྲས་ལས་༣༢ ཀྱིས་ སྨྱོས་རྫས་ལག་ལེན་འཐབ་ཡོདཔ་སྦེ་ ཤེས་རྟོགས་འབྱུང་ཡོདཔ་ལས་ བསླབ་བྱ་དང་འབྲེལ་བའི་ ཆོས་བཤད་དང་ མི་ཚེ་ལེགས་ཤོམ་བཟོ་ཐབས་ལུ་ སྨྱོ་རྫས་ལང་ཤོར་ཐལ་མི་ཚུ་ མི་ཚེ་ཉམས་གསོ་ལྟེ་བ་ནང་ལུ་ གཏང་དགོཔ་ཡོདཔ་མེདཔ་ ཞིབ་དཔྱད་འབད་དེ་ དོ་དམ་འོག་ལུ་མ་བཞག་པར་ སྨྱོ་རྫས་བཀག་འཛིན་དབང་འཛིན་ལུ་ རྩིས་སྤྲོད་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"སྨྱོ་རྫས་ཀྱི་གནད་དོན་ལུ་ དོགས་ཅན་༤༣ འཛིན་བཟུང་།"

གྱི་གསོབ་བྱིན་ལུ་ལུ་བརྟེན་ སྐྱེས་ལོ་༢༤ ལང་མི་ ཕོ་སྐྱེས་ཅིག་ལུ་ཤི་རྐྱེན།

ཆོས་ཉིད་བཟང་མོ།

སྤྱི་ཟླ་༠༧ པའི་ སྤྱི་ཚེས་༡༧ ལུ་ སློབ་ཕྲུག་ སྐྱེས་ལོ་༡༦ ལང་མི་གིས་ ཐིམ་ཕུག་ ཁྲོམ་སྡེའི་ཡིག་ཚང་ནང་ལཱ་འབད་མི་ པདྨ་དགའ་ཚལ་རྫོང་ཁག་ ལས་ཨིནམ་མི་ སྐྱེས་ལོ་༢༤ ལང་མི་ལུ་ ལྕངམ་སྒང་ལུ་སྦེ གྱི་གསོབ་འབྱིན་པའི་ཤུལ་ལུ་ ཤི་རྐྱེན་འབྱུང་ཡོདཔ་ཨིན་པས།

གནད་དོན་འདི་གི་སྐོར་ལ་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འཐོབ་མི་དང་འཁྲིལཝ་ད་ རྐྱེན་ངན་འདི་ཡང་ སྤྱི་ཚེས་འདི་གི་ ཆུ་ཚོད་༡༧.༣༠ དེ་ཅིག་ཁར་འབྱུང་ཡོདཔ་ད་ ཚེ་འདས་ཕོ་སྐྱེས་འདི་ ཐིམ་ཕུག་ རྒྱལ་ཡོངས་གཙོ་བོ་བསྟན་སྨན་ཁང་ནང་ལུ་ བསྐྱལ་སྟེ་ཡོདཔ་ལས་ འགག་སྡེའི་ཞིབ་དཔྱད་སྡེ་ཚན་ཚུ་ སྨན་ཁང་ནང་སོང་སྟེ་ ཞིབ་དཔྱད་འབད་བའི་སྐབས་ལུ་ ཚེ་འདས་ཕོ་སྐྱེས་དེ་ གནས་སྟངས་ཚུབ་ཅན་སྦེ་མཐོང་པའི་ཤུལ་ལུ་ དུས་ཡུན་ཆུ་ཚུད་༡ གི་རྒྱབ་ལས་ ཤི་རྐྱེན་འབྱུང་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"གྱི་གསོབ་བྱིན་ལུ་ལུ་བརྟེན་ སྐྱེས་ལོ་༢༤ ལང་མི་ ཕོ་སྐྱེས་ཅིག་ལུ་ཤི་རྐྱེན།"