མི་དབང་རྣམ་གཉིས་ཀྱིས་ ཐཱའི་ལེནཌ་གི་བློན་ཆེན་དང་ མཇལ་ཕྲད།

སྤྱི་ཟླ་འདི་གི་ སྤྱི་ཚེས་༡༩ ལུ་ ཐིམ་ཕུག་བཀྲིས་ཆོས་རྫོང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ ཐཱའི་ལེནཌ་གི་བློན་ཆེན་ གཱེན་པར་ཡུཊ་ ཅཱན་ཨོ་ཅ་དང་ ཁོ་རའི་ཨམ་ མཁས་དབང་ ནཱ་ར་པོརན་ ཅཱན་ཨོ་ཅ་གཉིས་ལུ་ མཇལ་ཕྲད་གནང་ཡི།

ཐཱའི་ལེནཌ་གི་བློན་ཆེན་འདི་ འབྲུག་རྒྱལ་ཁབ་ནང་ ཉིན་གྲངས་༢ ཀྱི་རིང་ལུ་ གཞུང་འབྲེལ་གྱི་ལྟ་སྐོར་ལུ་ བྱོན་ཡོད་པའི་གནས་ཚུལ།

"མི་དབང་རྣམ་གཉིས་ཀྱིས་ ཐཱའི་ལེནཌ་གི་བློན་ཆེན་དང་ མཇལ་ཕྲད།"

ཨཝ་ལེ་ཟེར་ བརྩི་སྲུང་ཞུ་སྲོལ་ཡོད་མི་དེ་ ཉམས་འགྱོ་བའི་ཚ་གྱང་།

པདྨ་གཡུ་སྒྲོན།

ལ་ཡ་གཡུས་ཚན་ནང་ ལོ་བསྟར་བཞིན་དུ་ སྤྱི་ཟླ་༡༠ པའི་སྤྱི་ཚེས་༡༧ གི་ཕྱི་རུ་ ཨཝ་ལེ་ཟེར་ གཞན་དང་མ་འདྲ་བའི་ ལམ་སྲོལ་བརྩི་སྲུང་ཞུ་སྲོལ་ཡོདཔ་ཨིན་པས།

དེ་ཡང་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ བོད་ལས་མར་བྱོནམ་ད་ ཕྱི་རུ་དགུང་ཞག་ ལ་ཡ་གཡུས་ཚན་གྱི་མཐའ་མར་ཡོད་པའི་ བཀྲིས་ལྷ་ཁང་ནང་ བཞུགས་པའི་སྐབས་ལུ་ ཨཝ་ལེའི་སྲུང་རབ་འདི་ ལ་ཡའི་མི་ཚུ་ལུ་ གསུངས་གནངམ་བཞིན་དུ་ ཨཝ་ལེ་བརྩི་སྲུང་ཞུ་དགོཔ་སྦེ་ བཀའ་གནང་སྟེ་ འདི་ལས་ཚུར་ ལོ་བསྟར་བཞིན་དུ་ བརྩི་སྲུང་ཞུ་སྲོལ་བྱུང་ནུག[...] རྒྱས་པར་ལྷག།

"ཨཝ་ལེ་ཟེར་ བརྩི་སྲུང་ཞུ་སྲོལ་ཡོད་མི་དེ་ ཉམས་འགྱོ་བའི་ཚ་གྱང་།"

གློག་བརྙན་ ཨ་ཎིམོ་དབྱངས་སྒྲོན།

དབྱངས་ཅན་ལྷ་མོ།

ཐིམ་ཕུག་སི་ཊི་སི་ནི་མཱལ་ གློག་བརྙན་ཁང་ནང་སྦེ་ ད་རེས་ནངས་པ་ མི་མང་ལུ་ སྟོན་པའི་བསྒར་ར་ཡོད་པའི་ ཨ་ཎིམོ་དབྱངས་སྒྲོན་ཟེར་མི་ གློག་བརྙན་གྱིས་ རྒྱུ་སྟོབས་དང་ གོ་གནས་ཡོད་མི་ཚུ་གིས་ མི་ཉམ་ཆུང་ལུ་ མར་ཕབ་དང་ དབང་ཚད་ལོག་སྤྱོད་འབད་དེ་ རྒྱུ་དངོས་འཕྲོག་བཅོམ་འབད་དེ་འབད་རུང་ མཐའན་མཇུག་ ཁོང་ར་ལུ་ ཕན་པ་ག་ནི་ཡང་མེདཔ་སྦེ་ མཐོང་ཚུལ་འབྱུང་ཚུགས་ནི་ཨིན་པས།

གློག་བརྙན་དེ་གིས་ ཚེ་ད་རེས་ མིའི་ལུས་ལུ་ སྐྱེས་བའི་མཐའ་མར་ དགའ་མཐུན་སྦེ་ཕྱད་དེ་འབད་རུང་ དབང་ཚད་ཡོད་པའི་མི་གིས་ བར་འཛུལ་རྐྱབ་སྟེ་ གཅིག་ཁར་འཛོམས་པའི་ རང་དབང་མ་འབྱུང་རུང་ ཚེ་ཕྱི་མར་ གཅིག་ཁར་འཛོམས་ཚུགས་པའི་ རེ་སྨོན་དང་བཅས་ སྔོན་གྱི་ལས་འཕྲོ་མ་རྫོགསཔ་ལས་ སྐྱེ་བ་ལེནམ་ད་ ལོག་འཛོམས་ཚུགས་པའི་ གནས་སྟངས་ཡོད་ལུགས་ཚུ་ གློག་བརྙན་ནང་སྟོནམ་མ་ཚད་ ཆོས་དང་འཇིག་རྟེན་གཉིས་ཆ་རའི་སྐོར་ལས་ ཤེས་ཚུགས་ནི་ཨིན་པས།[...] རྒྱས་པར་ལྷག།

"གློག་བརྙན་ ཨ་ཎིམོ་དབྱངས་སྒྲོན།"

སྤྱི་ལོ་༢༠༡༤ ལས་༢༠༡༨ ནང་འཁོད་ལུ་ འདོད་སྤྱོད་ཉེས་སྤྱོད་དང་འབྲེལ་བའི་ གནད་དོན་ཐོག་ལུ་སྙན་ཞུ།

ཆོས་ཉིད་བཟང་མོ།

ཁྲིམས་སྲུང་འགག་པའི་ཡིག་ཚང་ནང་ འདོད་སྤྱོད་ཉེས་སྤྱོད་དང་འབྲེལ་བའི་ གནད་དོན་ཁག་མ་འདྲཝ་ ལེ་ཤ་ལྷོད་དོ་ཡོདཔ་ད་ ཉམས་རྒུདཔ་དང་ ཕམ་སྤུན་ཆ་ཚུ་གིས་ སྙན་ཞུ་ལྷོད་མི་དེ་ ཐོ་བཀོད་འབད་ཡོད་མི་དང་འཁྲིལ་བ་ཅིན་ གནད་དོན་མང་ཤོས་ར་ དབང་བཙོང་འདོད་སྤྱོད་འབད་ཡོདཔ་སྦེ་ ཤེས་རྟོགས་བྱུང་སྟེ་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པ་གིས་ སྤྱི་ལོ་༢༠༡༤ ལས་༢༠༡༨ སྤྱི་ཟླ་༠༦ པ་ཚུན་ འདོད་སྤྱོད་ཉེས་སྤྱོད་འབད་ཡོད་པའི་སྙན་ཞུ་ གནད་དོན་ཁག་༣ སྦེ་འཐོན་དོ་ཡོདཔ་ད་ དེ་ཡང་ དབང་བཙོང་འདོད་སྤྱོད་འབད་དེ་ཡོད་མི་དང་ ཨ་ལུ་ཚུ་ལུ་ འདོད་སྤྱོད་གནོད་འཚེ་འབད་ཡོད་པའི་གནད་དོན་ དེ་ལས་ འདོད་སྤྱོད་བརྙས་བཅོས་འབད་བའི་གནད་དོན་ཚུ་ ཨིན་པས།[...] རྒྱས་པར་ལྷག།

"སྤྱི་ལོ་༢༠༡༤ ལས་༢༠༡༨ ནང་འཁོད་ལུ་ འདོད་སྤྱོད་ཉེས་སྤྱོད་དང་འབྲེལ་བའི་ གནད་དོན་ཐོག་ལུ་སྙན་ཞུ།"

གསོ་བའི་ལྷན་ཁག་ལུ་ ནདཔ་གི་ཉལ་ཁྲི་༢༥ ཞལ་འདེབས་སྦེ་གནང་ཡོདཔ།

ཆོས་ཉིད་བཟང་མོ།

ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ རྒྱལ་ཁབ་ནང་འཁོད་ཀྱི་ སྨན་ཁང་ཚུ་ནང་ ལོ་བསྟར་བཞིན་དུ་ ནདཔ་གི་གྱངས་ཁ་ ཡར་སེང་འགྱོ་མི་དེ་ཡང་ ནད་གཞི་ཚུ་གི་སྐོར་ལས་ མི་མང་ལུ་ གོ་བ་བརྡ་སྤྲོད་འབདཝ་བཞིན་དུ་ ཧ་གོ་ནི་དེ་གིས་ སྨན་ཁང་ནང་ བརྟག་དཔྱད་ཀྱི་དོན་ལུ་འོང་མི་ལུ་བརྟེན་ ཨིན་པས།

འདི་འབདཝ་ལས་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ བརྟག་དཔྱད་འབད་བར་འོང་མི་ནདཔ་ཚུ་ སྨན་བཅོས་ཀྱི་དོན་ལུ་བཞག་དགོཔ་ཐོནམ་ད་ ཉལ་ཁྲི་ཡོད་དེ་འབད་རུང་ ནདཔ་ཚུ་ལུ་ ཞབས་ཏོག་ལེགས་ཤོམ་ཕུལ་ནིའི་དོན་ལུ་ སྤུས་ཚད་ལྡན་པའི་གུ་ རིན་ཐང་ཅན་གྱི་ཉལ་ཁྲི་༢༥ ཁ་སྐོང་ཞལ་འདེབས་སྦེ་ གནང་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"གསོ་བའི་ལྷན་ཁག་ལུ་ ནདཔ་གི་ཉལ་ཁྲི་༢༥ ཞལ་འདེབས་སྦེ་གནང་ཡོདཔ།"

སློབ་དཔོན་ལུ་བཀྲིན་བསམ་དགོ་པའི་སྐོར།

༉ འཇིག་རྟེན་འཛམ་གླིང་འདི་ནང་། །

ཐུགས་རིག་མཁས་པའི་སློབ་དཔོན་བྱོན། །

ང་བཅས་སློབ་ཕྲུག་ཕོ་མོ་ལུ། །[...] རྒྱས་པར་ལྷག།

"སློབ་དཔོན་ལུ་བཀྲིན་བསམ་དགོ་པའི་སྐོར།"

རང་ལུགས་ཀྱི་ཐབ་ ལག་ལེན་འཐབ་ནིའི་སྲོལ་ ཉམས་འགྱོ་བའི་ཚ་གྱང་།

པདྨ་གཡུ་སྒྲོན།

རྫོང་ཁག་༢༠ གི་གྲོང་གསེབ་གཡུས་ཚན་ནང་ དུས་དང་ཕུ་འབད་བ་ཅིན་ ཐབ་ཚང་ཕྱི་ཁར་མེན་པར་ མ་ཁྱིམ་གྱི་སྒོ་ལས་འཛུལཝ་ཅིག་ མཐོང་ཚུལ་ཡོདཔ་ཨིན་རུང་ བར་སྐབས་ཅིག་ལས་ རྒྱལ་ཁབ་ཡར་རྒྱས་ཀྱི་འགྱུར་བ་དང་བསྟུན་ གཡུས་ཚན་མང་ཤོས་ཅིག་ནང་ ཐབ་ཚང་འདི་ མ་ཁྱིམ་ཕྱི་ཁར་ སོ་སོ་སྦེ་བཟོ་ཞིན་ན་ ལག་ལེན་འཐབ་སྲོལ་ཡོངས་གྲགས་སོང་ནུག
ཨིན་རུང་ འགོ་ཐོག་ ཐབ་གསརཔ་བཟོ་བའི་སྐབས་ སྤུས་ཚད་ལེགས་ཤོམ་སྦེ་ བཟོ་བཟོཝ་ཨིན་པ་ཅིན་ ཐབ་ཀྱི་ཐུབ་ཚད་ མི་ལོ་༣༠ ལྷགཔ་སྦེ་ཐུབཔ་ལས་ གལ་སྲིད་ ས་མ་གསིག་པར་ སྤུས་ཚད་ལྡནམ་སྦེ་ མ་བཟོ་འདྲཝ་ཅིག་འབད་བ་ཅིན་ དུས་ཨ་རྟག་ར་ མེ་འཕུ་བའི་བསྒང་ལས་ དྲོད་ཀྱིས་སྦེ་ ཐབ་གག་འགྱོ་དོ་ཡོདཔ་མས།
ཐབ་བཟོ་ཐངས་དེ་ རང་སོའི་གཡུས་སྒོ་ནང་ཡོད་པའི་ ས་དམརཔོ་དང་ དཀརཔོ་བསྡུ་ལེན་འབད་དེ་ གསིག་ཞིན་ན་ གྲ་སྒྲིག་འབད་བཞག་སྟེ་ ཐབ་བརྡུང་ནི་གི་དོན་ལུ་ གཟའ་སྐར་བལྟ་དགོཔ་ཨིན་པས།

གཡུས་སྒོ་ལ་ལུ་ཅིག་ནང་ ཐབ་མགུ་གཉིས་འབད་མི་ ཡང་ན་ མགུ་གསུམ་སྦེ་བཟོ་མི་དེ་ རང་སོའི་ དང་འདོད་དང་བསྟུན་ ལས་མི་འཚོལ་ཏེ་ བརྡུང་བཅུག་དོ་ཡོདཔ་ཨིན་པས།[...] རྒྱས་པར་ལྷག།

"རང་ལུགས་ཀྱི་ཐབ་ ལག་ལེན་འཐབ་ནིའི་སྲོལ་ ཉམས་འགྱོ་བའི་ཚ་གྱང་།"

འབྲུག་མཉམ་རུབ་ཚོགས་པའི་ལྟ་བ་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི།

ཆོས་ཉིཐ་བཟང་མོ།

འབྲུག་མཉམ་རུབ་ཚོགས་པ་གིས་ སྒྲིག་མཐུན་གྱི་སྒོ་ལས་ སྤྱི་ལོ་༢༠༡༨ ཀྱི་བཙག་འཐུའི་དོན་ལུ་ ལྟ་བ་སྦེ་བཀོད་ཡོད་མི་སྐོར་ལས་ བརྡ་བརྒྱུདཔ་ཚུ་ལུ་ ཁ་གསལ་སྦེ་བཤད་མིའི་ནང་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་ཟེར་བའི་ ལྟ བ་བཀོད་དེ་ཡོདཔ་ཨིན་པས།

གནད་དོན་དེའི་ཐོག་ལུ་ སྤྱི་ཟླ་འདི་གི་ སྤྱི་ཚེས་༢༠ ལུ་ བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་ གནས་ཚུལ་ཞལ་འཛོམས་ འགོ་འདྲེན་འཐབ་པའི་སྐབས་ ཚོགས་པའི་འཐུས་མི་ ཌོག་ཊར་ རྟ་མགྲིན་གྱིས་སླབ་མིའི་ནང་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་ཟེར་བའི་ ལྟ་བ་སྦེ་ བཞག་དགོ་མི་དེ་ ཚོགས་པ་དེ་གིས་ རྒྱལ་ཁབ་ཀྱི་འཚོ་བའི་གནས་ཚད་དང་ མི་སེར་ཡོད་མེད་ཀྱི་བར་ན་ ཁྱད་པར་ག་དེ་སྦེ་ཡོདཔ་ཨིན་ན་ དེ་ལས་ འོང་འབབ་ཡོད་མེད་ཚུ་ བརྟག་ཞིབ་འབད་ཞིན་ན་ གནས་སྟངས་དེ་ལུ་ དམིགས་པ་བསྐྱེད་དེ་ བཞག་བཞགཔ་ཨིན་ཟེར་ཨིན་པས།[...] རྒྱས་པར་ལྷག།

"འབྲུག་མཉམ་རུབ་ཚོགས་པའི་ལྟ་བ་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི།"

ནམ་བྱཱར་གྱི་ངལ་གསོའི་དུས་ལུ་ གནས་སྐབས་ཀྱི་ལཱ་གཡོག་གི་གོ་སྐབས།

དབྱངས་ཅན་ལྷ་མོ།

ན་གཞོན་ཚུ་གིས་ ནམ་བྱཱར་གྱི་ངལ་གསོ་འདི་ དོན་དང་བདེན་ཅིག་བཟོ་ཐབས་ལུ་ ཐིམ་ཕུག་ གླང་ཇོ་ཕར་ཁ་ རྒྱལ་ཡོངས་ཚོགས་འདུ་ལས་ ཚོགས་སྡེ་གི་ གཞུང་ལམ་གྱི་མཐའམ་བདའ་སྟེ་ རྩིགཔ་གི་རཝ་བསྒོར་ནིའི་ལཱ་ འབད་དོ་ཡོདཔ་ཨིན་པས།

དེ་ཡང་ ན་གཞོན་སློབ་ཕྲུག་ཚུ་གི་རྒྱུད་ལུ་ ཤེས་ཡོན་སྦྱང་ནི་རྐྱངམ་གཅིག་མེན་པར་ མ་འོངས་པའི་ནང་ གོ་སྐབས་དང་ ཀུན་ཚང་ཤེས་ཡོན་ལུ་དམིགས་ཏེ་ ད་རེས་ནངས་པ་ རྩིགཔ་བསྒོར་ནིའི་ལཱ་ འབད་བའི་བསྒང་ར་འདུག[...] རྒྱས་པར་ལྷག།

"ནམ་བྱཱར་གྱི་ངལ་གསོའི་དུས་ལུ་ གནས་སྐབས་ཀྱི་ལཱ་གཡོག་གི་གོ་སྐབས།"

NOTICE INVITING TENDER

རྒྱལ་གཞུང་འབྲུག་གི་དམག་སྡེའི་ལྟེ་བ།

ལུང་བསྟན་ཕུག།

Headquarters

Royal Bhutan Army

NIQ No. 103/KA/2018/252

Headquarters, Royal Bhutan Army lungtenphu invites sealed bids from interested suppliers having valid trade license for supply of the following stores for the financial year 2018-2019:-

  1. Tyres/Tubes/F;ap rust
  2. Vehicle battery
  3. Retreading of tyres
  4. Vehicle accessories and other miscellaneous items
  5. Vehicle spare parts
  6. Electrical/Upholstery & Welding, vehicle mechanic tools/workshop equipment, workshop tools/equipment and painting equipment/materials
  7. Clothing & Ceremonial items

The Complete set of bidding documents may be obtained from the Office of the Presiding Officer during office hours on payment of Nu. 500.00 Only each (non-refundable) to Department of Defence Accounts, Army Headquarters, Lungtenphu from 19th July 2018 till 17 August 2018.[...] རྒྱས་པར་ལྷག།

"NOTICE INVITING TENDER"