ཨར་རྐུན་གྱི་གནད་དོན་ལུ་ འཛིན་བཟུང་འབད་མི་ བཙོན་པ་༡ བྱོག་འགྱོ་ཡོདཔ།

ཆོས་ཉིད་བཟང་མོ།

ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༣ པའི་ནང་ ཨར་རྐུན་འབད་ཡོད་པའི་ གནད་དོན་ཐོག་ལུ་ འཛིན་བཟུང་འབད་མི་ དོགས་ཅན་ཕོ་སྐྱེས་འདི་ གཞལམ་སྒང་རྫོང་ཁག་ ཀྲོང་ཏ་མང་ལས་ མི་ངོམ་ རྡོ་རྗེ་རྒྱལ་མཚན་འདི་ཨིན་མས།

ཐིམ་ཕུག་ཁྲོམ་སྡེའི་ཁྲིམས་སྲུང་འགག་པའི་ ཞིབ་དཔྱད་འགོ་དཔོན་གྱིས་སླབ་མིའི་ནང་ དོགས་ཅན་ཕོ་སྐྱེས་འདི་ དོ་དམ་འོག་ལུ་ ཁྲིམས་དཔྱད་ཀྱི་དོན་ལུ་ བཞག་ཡོདཔ་སྦེ་ཨིན་པས།

ཨིན་རུང་ སྤྱི་ཟླ་འདི་གི་ སྤྱི་ཚེས་༡༩ དུས་ཡུན་ཆུ་ཚོད་༡༠.༣༠ དེ་ཅིག་ཁར་ དོགས་ཅན་ རྡོ་རྗེ་རྒྱལ་མཚན་འདི་ ཁྲིམས་ཀྱི་འདུན་སར་ ཁྲིམས་དཔྱད་ཀྱི་དོན་ལུ་ ཁྲིམས་ཁང་ནང་ ལྷོད་པའི་ཤུལ་ལུ་ དུས་ཡུན་དུམ་གྲ་ཅིག་ལས་ དོགས་ཅན་འདི་ ག་སོང་མེད་པར་ བྱོག་འགྱོ་མི་ལུ་བརྟེན་ ད་ལྟོའི་བར་ན་ཡང་ དོགས་ཅན་ཕོ་སྐྱེས་འདི་ ཁྲིམས་སྲུང་འགག་པ་ཚུ་གིས་ འཚོལ་བའི་བསྒང་ར་ཡོདཔ་ཨིན་པས།

འདས་པའི་ལོ་ནང་ བཙོན་པ་བྱོག་འགྱོ་ཡོད་པའི་ གནད་དོན་ཐོན་ཡོད་རུང་ དུས་ཅི་ལོའི་ནང་ གནད་དོན་འགོ་དང་པ་ཨིནམ་སྦེ་ བཤད་ཅི།

ཁྲིམས་སྲུང་འགོ་དཔོན་གྱིས་འབད་བ་ཅིན་ ཁྲིམས་སྲུང་འགག་པའི་ཁ་ཐུག་ལས་ བཙོན་པ་འཚོལ་ཞིབ་ཀྱི་ ལཱ་འགན་འབད་དགོཔ་ཡོད་མི་ཚུ་ ག་ར་འབད་ཚར་ཡི་ཟེར་ཨིནམ་ད་ ཨིན་རུང་ བཙོན་པ་འཚོལ་ཞིབ་འབད་ནི་དོན་ལུ་ འབྲུག་མི་ག་ར་གིས་ མཉམ་རུབ་ཀྱི་ཐོག་ལས་ ཆ་རོགས་འབད་གནང་ཟེར་ མི་མང་ལུ་ བཤདཔ་ཨིན་པའི་གནས་ཚུལ།

 

Leave a Reply

Your email address will not be published. Required fields are marked *