ཨ་ལུ་ཆགས་མི་ཨམ་སྲུ་ཚུ་ལུ་ ཉེན་ཁ་ཅན་གྱི་ནད་འཐོབ་ནི་ལས་བཀག་ཐབས་ཀྱི་ ཟས་བཅུད་བདག་འཛིན།

ཆོས་ཉིད་བཟང་མོ།

མ་འོངས་པ་ལུ་ ཨ་ལུ་ཆགས་མི་ཨམ་སྲུ་ཚུ་གིས་ ནད་གཞི་འཐོབ་ནི་ལས་བཀག་ཐབས་འབད་ནིའི་དོན་ལུ་ ལྷོ་ཨེ་ཤི་ཡ་ ནེ་པཱལ་གྱི་རྒྱལ་ས་ ཀཱཊ་མཱན་ཌུ་ལུ་སྦེ་ སྤྱི་ཟླ་འདི་གི་ སྤྱི་ཚེས་༧ ལས་༩ ཉིན་གྲངས་༣ གྱི་རིང་ལུ་ གྲོས་བསྟུན་འཛོམས་འགོ་འདྲེན་འཐབ་ཡོདཔ་ཨིན་མས།

དེ་ཡང་ ཨམ་སྲུའི་ལུས་ལུ་ ཨ་ལུ་ཆགས་པའི་སྐབས་ ཟས་བཅུད་བདག་འཛིན་འབད་ནིའི་གནད་དོན་ཐོག་ལུ་ གྲོས་བསྟུན་འབད་དེ་ ནད་གཞི་མ་འཐོབ་པའི་སྔོན་གོང་ལས་ བཀག་ཐབས་འབད་ནིའི་ཐབས་ལམ་དང་ མ་དང་འབྲེལ་བའི་ ཟས་བཅུད་ཀྱི་ཤུགས་ཚད་ ཟས་བཅུད་ཚུ་ ག་དེ་སྦེ་ བདག་འཛིན་འབད་དགོཔ་ཨིན་ན་ཚུ་ གྲོས་བསྟུན་འབད་དེ་ཡོདཔ་ཨིན་པས།

དེ་ཁར་ འབྲུག་ལས་ གསོ་བའི་འགན་འཛིན་འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྒྱལ་ཡོངས་ཟས་བཅུད་ ངོས་འཛིན་འབད་ཐབས་ལུ་ ལྷོ་ཕྱོགས་ཨེ་ཤི་ཡའི་རྒྱལ་ཁབ་ཚུ་ནང་ ཨམ་སྲུ་མངལ་ཆགས་མི་ཚུ་གི་ ཟས་བཅུད་བདག་འཛིན་གྱི་ མགྱོགས་ཚད་སེང་ནི་དོན་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།

གྲོས་བསྟུན་ལས་རིམ་དེ་ ལྷོ་ཕྱོགས་ཨེ་ཤི་ཡའི་མཐུན་ཚོགས་ལུ་ ལུང་ཕྱོགས་མཉམ་འབྲེལ་དང་ རྒྱལ་སྤྱིའི་ཨ་ལུའི་མ་དངུལ་གྱི་ ལུང་ཕྱོགས་ཡིག་ཚང་གིས་སྦེ་ ལྷོ་ཕྱོགས་ཨེ་ཤི་ཡ་ མཉམ་འབྲེལ་ཐོག་ལས་ཨིན་པས།

ད་རུང་ གཞུང་གི་ངོ་ཚབ་འཐུས་མི་དང་ ཞིབ་འཚོལ་པ་ འཛམ་གླིང་སྤྱི་ཚོགས་ཀྱི་ཚོང་རོགས་ མི་སེར་སྤྱི་ཚོགས་ལས་ཁུངས་དང་ ལྷོ་ཕྱོགས་ ཨེ་ཤི་ཡ་ལས་ ཚོང་རོགས་གསར་བཟོ་ཚུ་གི་ཡང་ ལུང་ཕྱོགས་ཀྱི་བརྟག་དཔྱད་ མཁས་རིག་དང་ ཉམས་མྱོང་ཚུ་ ཡར་རྒྱས་ ཡོངས་སུ་རྫོགསཔ་སྦེ་ མ་དང་འབྲེལ་བའི་ ཟས་བཅུད་ཀྱི་ཞབས་ཏོག་སྤྲོད་ནི་ལས་བརྒྱུད་དེ་ མ་སྐྱེས་བའི་ཧེ་མ་ གཅེས་སྐྱོང་འབད་ནི་དོན་ལུ་ ཨིན་པས།

ལས་རིམ་དེ་ ལྷོ་ཕྱོགས་ཨེ་ཤི་ཡ་ནང་ འགོ་དང་པ་ ཉེ་བར་མཁོ་བའི་ ཟས་བཅུད་ལྡནམ་སྦེ་ ཡར་རྒྱས་གཏང་ཐབས་ལུ་ བར་འཛུལ་རྒྱབ་སྐྱོར་དང་ བདེན་ཁུངས་བཀོད་ནི་གཞི་རྟེན་ཚུ་ སྟོན་ཐབས་ལུ་ མ་དང་འབྲེལ་བའི་ ཟས་བཅུད་ཀྱི་ལམ་སྟོན་དང་ སློབ་ཚན་ དེ་ལས་ ལུང་ཕྱོགས་ནང་འཁོད་ བསམ་འཆར་བརྗེ་སོར་འབད་ནིའི་དོན་ལུ་ཨིན་པས།

ད་ལས་ཕར་ ལུང་ཕྱོགས་ནང་ ཟས་བཅུད་བདག་འཛིན་འབད་ཐབས་ཚུ་ ཡར་དྲག་གཏང་ནི་གི་མགྱོགས་ཚད་སེང་ནི་ཚུ་ ངོས་འཛིན་འབད་དེ་ སྐབས་ཐོབ་དང་བསྟུན་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

འབྲུག་ལས་ བཅའ་མར་གཏོགས་མི་ཚུ་གིས་ མ་དང་འབྲེལ་བའི་ ཟས་བཅུད་ཚུ་ འགྱུར་བ་འབག་འོང་ཚུགསཔ་བཟོ་ནི་ལུ་ རང་བཞིན་གནས་སྟངས་ཀྱི་ བར་འཛུལ་ཚུ་གི་སྐོར་ལས་ སྤྱན་འབུལ་འབད་ཡོདཔ་ཨིན་པས།

འདི་བཟུམ་གྱི་ ལས་རིམ་འགོ་འདྲེན་འཐབ་མི་དེ་གིས་ ཨམ་སྲུ་ཚུ་ལུ་ ཕན་པ་སྦོམ་འབྱུང་ནི་ཨིནམ་ད་ མ་འོངས་པ་ལུ་ ཨ་ལུ་ཆགས་མི་ཨམ་སྲུ་ཆ་ཁྱབ་ལུ་ དཀའ་ངལ་སེལ་ཚུགས་པའི་ཕན་ཐོགས་དང་ མ་དང་འབྲེལ་བའི་ ཟས་བཅུད་ཀྱི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་ཚུགས་ནི་ཨིན་པས།

འདི་བཟུམ་སྦེ་ ཨ་ལོ་ཆགས་པའི་སྐབས་ ཟས་བཅུད་ཀྱི་སྐོར་ལས་ ཨམ་སྲུ་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་དེ་ ནད་གཞི་འཐོབ་ནི་ཉེན་ཁ་ལས་ བཀག་ཐབས་འབད་ནི་ལུ་ ཕན་པ་འབྱུང་ནི་ཨིན་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *