སྨན་རིགས་བཟོ་གྲྭ་འཕྲུལ་ཁང་གཞི་བཙུགས།

སྐད་སྒྱུར་་་་འཇིགས་མེད་བསྟན་འཛིན།

སྤྱི་ལོ་༢༠༡༩ གི་ལོ་ཕྱེད་ལས་ རྒྱལ་ཁབ་ནང་ སྨན་རིགས་ལངམ་སྦེ་ཡོདཔ་བཟོ་ནི་ལུ་ སྨན་རིགས་བཟོ་གྲྭ་ཁང་གཞི་བཙུགས་ལས་བརྟེན་ ཕྱི་རྒྱལ་ལུ་ ཚོང་འབྲེལ་འཐབ་སྟེ་ ནདཔ་ཚུ་ལུ་ཞབས་ཏོག་ཡར་དྲག་ དེ་ལས་ རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་དྲག་གཏང་ནི་ལུ་ ཁེ་ཕན་འབྱུང་ནི་ཨིན་པས།

སྤྱི་ཟླ་འདི་གི་ སྤྱི་ཚེས་༡༠ ལུ་ བསམ་གྲུབ་ལྗོངས་མཁར་ མོ་ཊཱན་བཟོ་གྲྭ་ཁང་ན་ སྨན་རིགས་བཟོ་ནིའི་འཕྲུལ་ཁང་གཞི་བཙུགས་ཀྱི་ ས་བསླང་རྟེན་འབྲེལ་བརྩི་ནུག

དེ་ཡང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་འདི་ འབྲུག་གཞུང་གིས་ མ་རྩ་གཞི་བཙུགས་ཀྱི་ཡན་ལག་ཅིག་འབདཝ་ལས་ ཚོང་འབྲེལ་གྱི་ལས་སྡེ་ཚུ་ནང་ མ་རྩ་གཞི་བཙུགས་ཀྱི་ གསར་འཚོལ་འབད་དེ་ རྒྱལ་ཁབ་ཀྱི་ མི་སྡེ་དཔལ་འབྱོར་གོང་འཕེལ་ལུ་ གྲོགས་རམ་འབད་ཡོདཔ་ཨིན་པས།

འདི་གི་ནང་ལས་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གིས་ རྒྱ་གར་རྒྱལ་ཁབ་ཀྱི་ སྒེར་སྡེའི་མཉམ་རུབ་ལས་དོན་ཚོང་སྡེ་ ཨེ་རཱིས་ཊ་འབྲུག་འཕྲོད་བསྟེན་ཚད་འཛིན་དང་གཅིག་ཁར་ བསམ་གྲུབ་ལྗོངས་མཁར་ མོ་ཊཱན་བཟོ་གྲྭ་ཁང་ནང་ ཨེ་རཱིས་ཊཱ་བུ་ཊཱན་ཟེར་མི་ ངོ་རྟགས་ཀྱི་ཐོག་ལས་ སྨན་རིགས་བཟོ་ནི་དང་ རྨ་ཡིག་གི་སྨན་ཚུ་ རྒྱ་ཆེཝ་བཀྲམ་སྤེལ་འབད་ཐབས་ལུ་ འཕྲུས་ཆས་ཆ་ཚང་ཅིག་ གཞི་བཙུགས་འབད་ནི་ཨིནམ་ད་ འདི་བཟུམ་མའི་ དེང་སང་ ཚན་རིག་གི་ཐོག་ལས་ སྨན་རིགས་ལམ་ལུགས་ཀྱི་མཐུན་རྐྱེན་འདི་ རྒྱལ་ཁབ་ནང་ འགོ་ཐོག་གསར་བཏོད་ཀྱི་ ལས་འགུལ་ཅིག་ཨིན་པས།

རྒྱལ་ཁབ་དང་ རྒྱལ་སྤྱི་ནང་ སྨན་གྱི་ཐོན་དངོས་ མཁོ་མངག་ཡར་སེང་འགྱོཝ་མ་ཚད་ འབྲུག་རྒྱལ་ཁབ་ཀྱི་སྨན་རིགས་ཚུ་ ཕྱི་རྒྱལ་ལས་ ནང་འདྲེན་འབད་དོ་ཡོདཔ་ལས་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གིས་ གསར་བཏོད་ཀྱི་ལཱ་འདི་གིས་ ཕྱི་རྒྱལ་ལས་ སྨན་ནང་འདྲེན་མར་ཕབ་ཀྱི་མ་དོ་བར་ རྒྱལ་ཁབ་ནང་བཟོ་ཡོད་པའི་ སྤུས་ཚད་ཅན་གྱི་ སྨན་གྱི་ཐོན་དངོས་ཚུ་ ཕྱིར་ཚོང་འཐབ་སྟེ་ ཨེ་རཱིས་ཊཱ་བུ་ཊཱན་ཟེར་མི་ རྒྱལ་ཁབ་ཀྱི་སྨན་རིགས་ཚོང་འབྲེལ་ངོ་རྟགས་ ཡར་རྒྱས་གཏང་ཐབས་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།

སྨན་རིགས་བཟོ་སྐྲུན་ཀྱི་འཕྲུལ་ཁང་ གཞི་བཙུགས་འབད་ཚར་བའི་བསྒང་ལས་ ཕྱི་གཟུགས་སྨན་བཅོས་ཁང་༡༧ ལས་ སྨན་རིགས་༩༩ བཟོ་ནི་དང་དོ་སྣོད་ དེ་ལས་ བཀྲམ་སྤེལ་འབད་ནི་དེ་ ནང་འཁོད་སྨན་རིགས་ལས་ མཁོ་མངག་བདའ་ཟུན་ནི་མ་ཚད་ རྒྱ་གར་དང་ ཕྱི་རྒྱལ་ལུ་ ཚོང་འབྲེལ་འཐབ་ནི་ཨིན་པས།

ལས་འགུལ་འདི་གིས་ སྨན་རིགས་ཕྱིར་ཚོང་འཐབ་སྟེ་ མ་དངུལ་བཟོ་ནི་ཨིནམ་ལས་ དེ་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་དང་ ལཱ་གཡོག་གི་གོ་སྐབས་བཟོ་ཐབས་ལུ་ ཁེ་ཕན་འབྱུང་ནི་ཨིན་པས།

ལས་འགུལ་གྱི་ལཱ་གཡོག་མ་འདྲཝ་གི་དོན་ལུ་ ཚོང་སྡེ་གིས་ ལཱ་གཡོགཔ་༡༠༩ གཡོག་ནང་བཙུགས་ནི་དང་ སྨན་རིགས་གྱི་ཐོན་དངོས་བཟོ་ནི་ལུ་ ནང་འཁོད་རིག་རྩལ་གོང་འཕེལ་གཏང་ནི་དེ་ ལས་འགུལ་གྱི་གཙོ་རིམ་བཟུང་ནི་ཨིན་པས།

ཨེ་རཱིས་ཊ་འབྲུག་འཕྲོད་བསྟེན་ཚད་འཛིན་གྱིས་ སྨན་རིགས་ཐོན་དངོས་ཀྱི་སྤུས་ཚད་ ཡར་དྲག་གཏང་ནི་ལུ་ ཞིབ་འཚོལ་དང་གོང་འཕེལ་ཡིག་ཚང་སྡེ་ཕྲན་ གཞི་བཙུགས་འབད་ནི་ དེ་ལས་ མི་སྡེ་དང་ཚོང་འབྲེལ་ཕན་བདེ་ལུ་ གསར་བཏོད་ཀྱི་ཐབས་རིག་ཚུ་ འབག་འོང་ཚུགས་པའི་ རེ་འདོད་བསྐྱེདཔ་ཞིན་དུ་ འབྲུག་ལུ་ཐོན་དངོས་ཚོང་འབྲེལ་གྱི་ ས་སྒོ་གསརཔ་དང་ ཕྱིར་རྒྱལ་ལུ་ ཚོང་བསྒྲགས་འགོ་བཙུགས་ནི་ཨིན་པས།

སྨན་རིགས་འཕྲུལ་ཁང་འདི་ གཙང་སྦྲ་དང་ལྡན་པའི་བཟོ་སྐྲུན་ཁང་ཟེར་ དུག་རྫས་དང་ གནོད་ཉེན་ཅན་གྱི་བཙོག་རྫས་མ་ཐོནམ་ཨིནམ་ད་ ལས་འགུལ་ནང་ ལག་ལེན་འཐབ་ནི་ཨིན་པའི་ རིག་རྩལ་འཕྲུལ་ཆས་ཀྱི་གནས་ཚད་དང་ གནས་ཁམས་ལུ་ གནོད་ཉེན་ཅན་གྱི་མཁོ་ཆས་ཚུ་ ཕྱི་བཏོན་འབད་ཡོད་མེད་ ངེས་བརྟན་བཟོ་ནི་ཨིན་པས།

ཨེ་རཱིས་ཊ་འབྲུག་འཕྲོད་བསྟེན་ཚད་འཛིན་གྱི་ལས་འགུལ་འདི་ རྒྱལ་ཁབ་ཡར་རྒྱས་ཀྱི་གཞི་རྩ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་བསྟུན་ཏེ་ འགོ་འདྲེན་འཐབ་ནི་ཨིནམ་དང་འབྲེལ་ གནམ་བྱཱར་མཇུག་བསྡུ་ཞིནམ་ལས་ འཕྲུལ་ཁང་གི་ལཱ་འགོ་བཙུགས་ནི་ཨིནམ་ད་ སྤྱི་ལོ་༢༠༡༩ གི་ ལོ་ཕྱེད་ནང་ མཇུག་བསྡུ་ཚུགས་ནི་ཨིན་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *