སྤྲོ་སྟོན་ཁང་དང་འབྲེལ་བའི་གནད་དོན་ཚུ་ ལོག་སྟེ་ར་ བསྟན་རྒྱས་ལྷན་ཁག་གིས་ ལྟ་རྟོག་འབད་ནི།

ཆོས་ཉིད་བཟང་མོ།

ད་རེས་ཚུན་ཚོད་ སྤྲོ་སྟོན་ཁང་དང་འབྲེལ་བ་ཡོད་པའི་གནད་དོན་ཚུ་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་གྱིས་ ལྟ་རྟོག་འབད་དེ་ཡོད་རུང་ ད་ལས་ཕར་ ལོག་སྟེ་ར་ བསྟན་རྒྱས་ལྷན་ཁག་ལུ་ རྩིས་སྤྲོད་འབད་དེ་ཡོདཔ་བཞིན་དུ་ ལྷན་ཁག་ལུ་ ཁ་གསལ་དང་ ཞིབ་དཔྱད་འཕྲོ་མཐུད་འབད་དགོཔ་ཡོད་པའི་ གནད་དོན་ཚུ་ཡང་ སྤྱི་ཟླ་༦ པའི་ སྤྱི་ཚེས་༢༨ ལུ་ རྩིས་སྤྲོད་འབད་དེ་ཡོདཔ་ཨིན་པས།

རྩིས་སྤྲོད་ལེན་གྱི་ལས་རིམ་དེ་ཁར་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་གྱིས་ མདོ་ཆེན་དང་ འབྲེལ་བ་ཡོད་པའི་ འགོ་དཔོན་ཚུ་གིས་སྦེ་ ཡིག་ཆ་ཚུ་ བསྟན་རྒྱས་ལྷན་ཁག་གིས་ མདོ་ཆེན་དང་ འབྲེལ་ཡོད་འགོ་དཔོན་ཚུ་ལུ་ རྩིས་སྤྲོད་འབད་དེ་ ཁག་ཆེ་བའི་གནད་དོན་ཐོག་ལུ་ གསལ་བཤད་འབད་ཡོདཔ་མ་ཚད་ ཉམས་མྱོང་ཚུ་ཡང་ བཤད་ཡོདཔ་ཨིན་མས།

བསྟན་རྒྱས་ལྷན་ཁག་གི་མདོ་ཆེན་གྱིས་སླབ་མིའི་ནང་ སྤྲོ་སྟོན་ཁང་དང་འབྲེལ་བ་ཡོད་པའི་གནད་དོན་ཚུ་ ལྷན་ཁག་གིས་ ད་ལས་ཕར་ ལོག་ ལྟ་རྟོག་འབད་ནི་ཨིན་རུང་ བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་གྱིས་བཟོ་ཡོད་མི་ བཅའ་ཁྲིམས་དང་ཁྲིམས་ལུགས་ལུ་ གནས་ནི་ཨིན་ཟེར་བཤད་ཅི།

ལམ་ལུགས་ཚུ་ཡང་ ཧེ་མ་ཡོད་མི་དང་འཁྲིལ་འབད་ནི་ཨིནམ་ལས་ ད་རེས་ སྤྲོ་སྟོན་ཁང་དང་འབྲེལ་བ་ཡོད་པའི་གནད་དོན་ཚུ་ རྩིས་སྤྲོད་ལེན་འབད་དོ་ཟེརཝ་ད་ དབང་འཛིན་རྐྱངམ་གཅིག་ སོར་ནི་མ་གཏོགས་ ལམ་ལུགས་དང་ཁྲིམས་ལུགས་ཚུ་ལུ་ འགྱུར་བཅོས་ག་ནི་ཡང་མེད་ཟེར་ཨིན་པས།

ད་རུང་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་གྱི་མདོ་ཆེན་གྱིས་སླབ་མིའི་ནང་ ད་ལས་ཕར་ དབང་འཛིན་གྱི་ཁ་ཐུག་ལས་ ལྷན་ཁག་ལུ་ རྩིས་སྤྲོད་འབད་མི་དེ་གིས་ དཀའ་ངལ་དང་ ཧ་མ་གོཝ་རེ་འཐོན་པ་ཅིན་ རྒྱབ་སྐྱོར་དང་ ལམ་སྟོན་འབད་ནི་སྦེ་ ཁས་བླངས་ཚུ་འབད་དེ་ཡོད་རུང་ གློག་བརྙན་དང་ བརྡ་བརྒྱུད་ལས་ཁང་ དེ་ལས་ གསར་ཤོག་ཚུ་འབད་བ་ཅིན་ ཨ་རྟག་ག་ཨིནམ་སྦེ་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་གྱིས་ར་ ལྟ་རྟོག་འབད་ནི་ཨིནམ་སྦེ་ བཤད་ཅི།

འདི་བཟུམ་སྦེ་ ད་ལས་ཕར་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་གྱིས་ བརྡ་དོན་འཕྲུལ་རིག་གི་ གནད་དོན་ཚུ་མ་གཏོགས་ གཞན་སྤྲོ་སྟོན་དང་འབྲེལ་བའི་ ལས་རིམ་ཚུ་གི་གནས་ཚད་ཁར་ འགན་དབང་གིས་ གྲལ་གཏོགས་མི་འབད་ནི་ཨིན་མས།

སྤྱི་ལོ་༢༠༠༩ ལས་འགོ་བཙུགས་ཏེ་ སྤྲོ་སྟོན་དང་འབྲེལ་བའི་གནད་དོན་ཚུ་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་གྱི་ ལྟ་རྟོག་འབད་དེ་ཡོདཔ་ཨིན་པས།

ད་རེས་ རྒྱལ་ཁབ་ནང་ སྤྲོ་སྟོན་ཁང་༤༠༠ ལྷག་ཙམ་ཡོད་མི་ནང་ལས་ མཐོ་ཤོས་ར་ རྒྱལ་ས་ལུ་༡༥༣ དང་ རྫོང་ཁག་ལ་ལུ་ཅིག་ནང་ ཅིག་ལས་མེདཔ་ཨིན་པས།

འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་གྱིས་ བསྟན་རྒྱས་ལྷན་ཁག་ལུ་ སྤྲོ་སྟོན་ཁང་དང་འབྲེལ་བའི་ ཆོག་ཐམ་བཀག་ཆ་འབད་ཡོད་མི་དང་ ཆོག་ཐམ་བསྐྱར་གསོ་མ་འབད་བར་ཡོད་པའི་ ཐོ་བཀོད་ཚུ་ཡང་ འཕྲོ་མཐུད་དེ་ ཞིབ་དཔྱད་འབད་ནིའི་དོན་ལུ་ རྩིས་སྤྲོད་འབད་དེ་ཡོད་པའི་གནས་ཚུལ།

 

 

 

Leave a Reply

Your email address will not be published. Required fields are marked *