རྩེད་རིགས་ལས་བརྟེན་ཏེ་ མི་ཚེ་ལེགས་ཤོམ་བཟོ་ཚུགསཔ།

ཆོས་ཉིད་བཟང་མོ།

འབྲུག་གི་རྐང་རིལ་རྩེད་མི་ཚུ་གིས་ རྩེདམོ་འདི་ལུ་ སྤྲོ་བ་འཐེབ་སྦེ་རང་ བསྐྱེད་མི་འདི་གིས་ རྩེད་འགྲན་འབད་བའི་སྐབས་ལུ་ ཧེ་མ་དང་ཕྱེདཔ་ད་ ལེ་ཤ་གི་རང་ ཡར་རྒྱས་སོང་ཡོདཔ་ཨིན་པས།

འདི་ཡང་ སྤྱི་ཟླ་༠༩ པའི་ སྤྱི་ཚེས་༠༥ ལུ་ པེ་ལིསི་ཊཎ་དང་གཅིག་ཁར་ རྩེད་འགྲན་འབད་བའི་སྐབས་ལུ་ འབྲུག་པའི་རྩེད་འགྲན་པ་ཚུ་གིས་ རྒྱལ་ཁ་མ་འཐོབ་སྟེ་འབད་རུང་ འབྲུང་མི་ག་རང་གིས་ ངལ་རངས་དང་ རྩེདམོ་རྩེད་མི་ཚུ་ལུ་ རྩེད་འགྲན་ནང་ལུ་ ཡར་རྒྱས་སོང་ཡོད་པའི་སྐོར་ལས་ བསམ་འཆར་བཀོད་ཡོདཔ་ཨིན་པས།

རྩེད་རིགས་ཚུ་ལས་བརྟེན་ཏེ་ མ་འོངས་པ་ལུ་ ཕྱི་རྒྱལ་བཟུམ་སྦེ་ རྩེདམོ་རྩེ་མི་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་འཐོབ་སྟེ་ མི་ཚེ་ལེགས་ཤོམ་སྦེ་ སྐྱོང་ཚུགས་པའི་ཕན་ཐོགས་ཡོདཔ་མ་ཚད་ རྒྱལ་ཁབ་ནང་ལུ་ ཡོངས་གྲགས་འགྱོ་ནི་དང་ མི་ཚེ་རང་མགོ་རང་འདྲོང་སྦེ་ སྡོད་ཚུགས་པའི་ ཕན་པ་སྦོམ་རང་ཡོདཔ་ཨིན་པས།

 

Leave a Reply

Your email address will not be published. Required fields are marked *