རྒྱལ་སྤྱིའི་རྐང་རྩེད་ཀྱི་ཉིནམ་བརྩི་སྲུང་དང་འབྲེལ་ མཐུན་འབྲེལ་ཡར་རྒྱས་གཏང་ཐབས།

ཆོས་ཉིད་བཟང་མོ།

རྒྱལ་ས་ལུ་སྦེ་ རྒྱལ་སྤྱིའི་རྐང་རྩེད་ཀྱི་ཉིནམ་བརྩི་སྲུང་དང་འབྲེལ་ མཐུན་འབྲེལ་ཡར་རྒྱས་གཏང་ནི་དོན་ལུ་ རྒྱལ་སྤྱིའི་ཁྲོམ་སྡེ་༢༠༠ ལས་ ན་གཞོན་གཞུང་ཚབ་ཚུ་གིས་ བཅའ་མར་གཏོགས་ཏེ་ཡོདཔ་ཨིན་པས།

དེ་ཁར་ འབྲུག་ལས་བཅའ་མར་གཏོགས་མི་ན་གཞོན་ རིན་འཛིན་བསྟན་འཛིན་དང་ ཀུན་ལེགས་དབྱངས་འཛོམས་གཉིས་ཀྱིས་ རཱ་ཤི་ཡ་རྒྱལ་ཁབ་ནང་ བཅའ་མར་གཏོགས་ནི་ཨིནམ་ད་ ཁོང་ ན་གཞོན་༢ གཉིས་ཀྱི་ ལུང་ཕྱོགས་༢༡༡ གི་ མཽས་ཀོ་ལུ་ མདུན་འབྲེལ་གྱི་རྐང་རྩེད་ འགྲན་བསྡུར་ལས་རིམ་འདི་ སྤྱི་ཟླ་༦ པའི་ སྤྱི་ཚེས་༨ ལས་༡༥ ཚུན་ འགོ་འདྲེན་འཐབ་ནི་ཨིན་པས།

ན་གཞོན་རྐང་རྩེད་འགྲན་བསྡུར་ནང་ གཞན་རྒྱལ་ཁབ་ཀྱི་ན་གཞོན་རྩེད་འགྲན་པ་ཚུ་དང་གཅིག་ཁར་ རིན་འཛིན་བསྟན་འཛིན་གྱིས་ རྩེད་འགྲན་ འབད་ནི་གོ་སྐབས་འཐོབ་ཡོདཔ་ད་ འབྲུག་པའི་ ན་གཞོན་ ཀུན་ལེགས་དབྱངས་འཛོམས་ཀྱིས་ ལས་རིམ་དེ་ཁར་ གནས་ཚུལ་བསྡུ་ལེན་ འབད་ནིའི་དོན་ལུ་ བརྡ་བརྒྱུདཔ་གི་ལཱ་འགན་འབག་ནི་གོ་སྐབས་ འཐོབ་ཡོདཔ་ཨིན་པས།

དེ་ཡང་ ན་གཞོན་ཚུ་གི་ནང་འཁོད་ལུ་ མཐུན་ལམ་ཡར་རྒྱས་གཏང་ནི་དང་ གཟུགས་ཁམས་སྒྲིང་སྒྲི་བཞག་ནི་དང་ སེམས་ལུ་ ཞི་བདེ་འབྱུང་ཐབས་དང་བློ་སྟོབས་འཐོབ་ནི་ རྒྱལ་ཁ་འཐོབ་ནི་དང་ སྔར་སྲོལ་བདག་འཛིན་དང་བརྗེ་སོར་འབད་ནི་ དེ་ལས་ ངོས་ལེན་འབད་ནིའི་ དོན་ལུ་ཨིན་པས།

 

Leave a Reply

Your email address will not be published. Required fields are marked *