འཛམ་གླིང་རྐང་རྩེད་འགྲན་བསྡུར་གྱི་ སྐོར་ཐེངས་དང་པ་མཇུག་བསྡུ་ཡོདཔ།

ཆོས་ཉིད་བཟང་མོ།

རཱ་ཤི་ཡའི་རྒྱལ་ཁབ་ནང་ རྩེད་འགྲན་འབད་བའི་བསྒང་ཡོད་པའི་ སྤྱི་ལོ་༢༠༡༨ ཀྱི་ འཛམ་གླིང་རྐང་རྩེད་ཀྱི་ མཐའ་དཔྱད་རྩེད་འགྲན་གྱི་དོན་ལུ་ སྐོར་ཐེངས་དང་པ་ མཇུག་བསྡུ་ནུག

དེ་ཁར་ རྒྱལ་ཁབ་༣༢ གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྩེད་འགྲན་འབད་དེ་ རྒྱལ་ཁབ་༡༦ གི་ སྐུགས་ཚད་མཐོ་ཤོས་ཐོབ་སྟེ་སྐོར་ཐེངས་༢ པའི་ནང་ ལྷོད་དེ་འདུག

གཞན་མི་རྒྱལ་ཁབ་༡༦ དེ་ སྐོར་ཐེངས་༢ པའི་ནང་ ལྷོད་མ་ཚུགསཔ་ལས་ རྩེད་འགྲན་ནང་ལས་ ཕྱིར་བཏོན་འབད་ཡོདཔ་ཨིན་པས།

སྐོར་ཐེངས་༢ པ་དེ་ སྤྱི་ཟླ་༦ པའི་སྤྱི་ཚེས་༣༠ ལུ་ འགོ་བཙུགས་ཡོདཔ་བཞིན་དུ་ ཁོང་རྒྱལ་ཁབ་༡༦ གི་བར་ན་ རྩེད་འགྲན་འབད་བའི་བསྒང་ཨིན་པས།

འཛམ་གླིང་རྐང་རྩེད་འགྲན་བསྡུར་འདི་ སྤྱི་ཟླ་འདི་གི་ སྤྱི་ཚེས་༡༤ རེས་གཟའ་ཟླ་བ་ལུ་ མཇུག་བསྡུ་ནི་ཨིན་པས།

Leave a Reply

Your email address will not be published. Required fields are marked *