འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ ཤར་ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ཚོགས་ཆུང་ཞལ་འཛོམས་ ཐེངས་༡༧ པ་ ཚོགས་ཡོདཔ།

པདྨ་གཡུ་སྒྲོན།

འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ཤར་ལྷོ་ཨེ་ཤི་ཡ་ མལ་དེབསི་ལུ་སྦེ་ ལུང་ཕྱོགས་ཚོགས་ཆུང་ཞལ་འཛོམས་ ཐེངས་༡༧ པ་འདི་ སྤྱི་ཟླ་འདི་གི་ སྤྱི་ཚེས་༦ ལས་༡༠ ཉིན་གྲངས་༥ གི་རིང་ལུ་ ཚོགས་ཡོདཔ་ཨིན་པས།

ལུང་ཕྱོགས་ཚོགས་ཆུང་ཞལ་འཛོམས་འདི་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ཤར་ལྷོ་ལུང་ཕྱོགས་ཀྱི་ འཐུས་མི་རྒྱལ་ཁབ་ཚུ་གི་བར་ན་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་དོ་ཡོདཔ་ལས་ ལོ་བསྟར་གྱི་གསོ་བའི་གནས་སྟངས་དང་ གོང་འཕེལ་ དེ་ལས་ མི་མང་ལུ་ གསོ་བའི་ཞབས་ཏོག་གི་དོན་ལུ་ གོ་བརྡ་སྤེལ་ཐབས་ ཁག་ཆེ་བའི་སྐོར་ལས་ བསྐྱར་ཞིབ་དང་ གྲོས་བསྡུར་ཞལ་འཛོམས་ཅིག་ཨིན་པས།

ད་རུང་ ལུང་ཕྱོགས་ཚོགས་ཆུང་ཞལ་འཛོམས་ནང་ གསོ་བའི་སྲིད་བྱུས་དང་ ལས་རིམ་ཚུ་གི་ འཆར་གཞི་བརྩམ་སྟེ་ འཆར་དངུལ་ཚུ་ ངོས་ལེན་འབད་དེ་ ཤར་ལྷོ་ཨེ་ཤི་ཡའི་ལུང་ཕྱོགས་ནང་ལུ་ བསིལ་དྲོད་གནས་སྟངས་འགྱུར་བ་ལས་བརྟེན་པའི་ ནདགཞི་ཚུ་ལུ་ གདོང་ལེན་འབད་ནི་དོན་ལུ་ སྤྱི་ལོ་༢༠༡༧ ལས་༢༠༢༢ གི་ ནང་འཁོད་ལུ་ གསོ་བའི་ལམ་ལུགས་ཚུ་ སྒྲིང་སྒྲིང་བཟོ་ནི་གི་ དམིགས་གཏད་བསྐྱེད་ཡོདཔ་ཨིན་པས།

འདི་བཟུམ་སྦེ་ རྒྱལ་སྤྱི་ནང་ གསོ་བའི་སྨན་ཁང་ཚུ་ནང་ སྨན་གྱི་ཞབས་ཏོག་ཚུ་ དགོས་མཁོ་ཆེ་བའི་ ས་གནས་ནང་ ལྷོད་ཚུགསཔ་བཟོ་ནི་དང་ མཆིན་ཚད་ནད་ བད་ཀན་གློ་གཅོང་ནད་གཞི་ འབུ་ནད་ དེ་ལས་ གསོ་བའི་ཐབས་ལམ་ཉེན་སྲུང་འབད་ནི་ཚུ་ཨིན་པས།

གསོ་བའི་འཕྲོད་བསྟེན་རྩ་བརྟན་བཟོ་ནི་དང་ གསོ་བའི་མི་སྟོབས་ཡར་སེང་ གསོ་བའི་ཞབས་ཏོག་ཚུ་ འཛམ་གླིང་ཡོངས་ལུ་ཁྱབ་ཚུགསཔ་སྦེ་བཟོ་ནི་འདི་ གསོ་བའི་ཡུན་བརྟན་གོང་འཕེལ་གྱི་ དམིགས་ཡུལ་ངོ་མ་ཅིག་ཨིན་པས།

ཤར་ལྷོ་ལུང་ཕྱོགས་ཀྱི་རྒྱལ་ཁབ་ཚུ་ནང་ སྨན་གྱི་སྤུས་ཚད་འདི་ལུ་ ཁྱད་པར་ཆགསཔ་ལས་བརྟེན་ གོ་སྐབས་འདྲ་ཉམས་ཀྱི་ཐོག་ ངེས་བརྟན་བཟོ་སྟེ་ བགོ་བཀྲམ་འབད་ནི་ལུ་ གདོང་ལེན་སྦོམ་བྱིན་དོ་ཡོདཔ་ལས་ རང་སོའི་རྒྱལ་ཁབ་ནང་ལུ་ སྨན་གྱི་ཞབས་ཏོག་གི་དཀའ་ངལ་ཚུ་ལུ་ གདོང་ལེན་འབད་ནི་དོན་ལུ་ གསོ་བའི་བློན་པོ་གིས་ འགོ་འདྲེན་ཐོག་ལུ་ སྨན་གྱི་ཞབས་ཏོག་ ཡུན་བརྟན་སྦེ་གནས་ནི་ལུ་ གྲོས་བསྡུར་འབད་ཡོདཔ་ཨིན་པས།

ལུང་ཕྱོགས་ཚོགས་ཆུང་ཞལ་འཛོམས་འདི་ནང་ ཤར་ལྷོ་ཨེ་ཤི་ཡའི་ལུང་ཕྱོགས་ནང་ སྣུམ་འཁོར་ཐུག་རྐྱེན་ལས་བརྟེན་ ལོ་བསྟར་བཞིན་དུ་ སྟོང་ཕྲག་༣༡,༦༠༠ དེ་ཅིག་ལུ་ ཤི་རྐྱེན་འབྱུང་དོ་ཡོདཔ་ལས་ དང་ལེན་འབད་དགོ་པའི་ གྲོས་བསྡུར་ཚུ་འབད་ཡོདཔ་ཨིན་པས།

ཞལ་འཛོམས་ཀྱི་སྐབས་ལུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ མཐུན་འབྲེལ་གཞུང་ཚབ་ཨ་མིཊ་ཏ་བ་ཅཎ་གིས་ མཆིན་ཚད་ནད་འབུབ་ཀྱི་ ལོ་བསྟར་བཞིན་དུ་ ཤི་རྐྱེན་འབྱུང་མི་༤,༡༠,༠༠༠ དེ་ཅིག་ཡོདཔ་ལས་ འཕྲལ་མགྱོགས་ར་ མཆིན་ཚད་ནད་འབུཔ་ཀྱི་གདོང་ལེན་ཚུ་ གོ་བ་བརྡ་སྤྲོད་འབད་ཡོདཔ་ད་ དེ་ཡང་ བཀག་ཐབས་འབད་ཚུགས་པའི་ ནད་འབུཔ་ཅིག་འབདཝ་ལས་ཨིན་པས།

ལུང་ཕྱོགས་ཚོགས་ཆུང་ཞལ་འཛོམས་ཀྱི་སྐབས་ གསོ་སྨན་ཁང་ལུ་ ཁག་ཆེ་བའི་གནད་དོན་ལེ་ཤ་ར་ གྲོས་བསྡུར་བྱུང་རུང་ དགོས་མཁོ་དང་འཁྲིལ་ཏེ་ གདམ་འཐུ་རྐྱབ་སྟེ་ གྲོས་ཆོད་བཏོན་ནི་ཨིན་པས།

ཤར་ལྷོ་ཨེ་ཤི་ཡའི་ལུང་ཕྱོགས་ཞལ་འཛོམས་ནང་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་དང་ འཐུས་མི་སྡེ་ཚན་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *