འབྲུག་ཕུན་སུམ་ཚོགས་པའི་ནང་ འདེམས་ངོ་༤ གསར་བཙུགས།

བསོད་ནམས་ལྷུན་གྲུབ།

མིང་གསལ་་་་བཀྲིས་རྡོ་རྗེ།

སྐྱེས་ལོ་༣༣

འདེམས་ཁོངས་་་་ར་དི་སག་སྟེང་།

རྫོང་ཁག་་་་བཀྲ་ཤིས་སྒང་།

ཤེས་ཡོན་དང་ གཡོག་གི་ཉམས་མྱོང་།

སྤྱི་ལོ་༢༠༠༥ ལུ་ ཨོ་རྒྱན་རིག་པའི་འབྱུང་གནས་ལས་ སློབ་རིམ་༡༢ པ་ མཐར་འཁྱོལ་ཏེ་ སྤྱི་ལོ་༢༠༡༡ ལུ་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭའི་ནང་ལས་ དངུལ་རྩིས་ཀྱི་མཐོ་རིམ་ཤེས་ཡོན་ སྦྱངས་ཡོད་པའི་གུ་ རྒྱ་གར་ལས་ དངུལ་ཁང་ལས་དོན་དང་ དངུལ་འབྲེལ་ཉེན་སྲུང་གཞི་བཙུགས་ཀྱི་ གཡོག་གནས་གཙུག་ལག་ཤེས་ཡོན་ཡང་ མཇུག་བསྡུ་ཡོདཔ་ཨིན་པས།

ལོ་ངོ་༦ གི་རིང་ འབྲུག་གི་དངུལ་ཁང་ཚད་འཛིན་ནང་ དངུལ་ཁང་ལས་དོན་གྱི་ལཱ་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༧ གྱི་ལོའི་ནང རྒྱལ་སྤྱིའི་ཚོང་འབྲེལ་ཞབས་ཏོག་ གསོ་བཅོས་འབད་མི་སྦེ་ ལཱ་འབད་ཡོདཔ་ཨིན་པས།

མིང་གསལ་་་་ཌོག་ཊར་ བཅོ་ལྔ་ཚེ་རིང་།

སྐྱེས་ལོ་༤༤

འདེམས་ཁོངས་་་་ཁྲིམས་ཤིང་རྐང་པར།

རྫོང་ཁག་་་་བཀྲ་ཤིས་སྒང་།

ཤེས་ཡོན་དང་ གཡོག་གི་ཉམས་མྱོང།

ཁོ་གིས་ ཇ་པཱན་ ཡུ་མ་ཆུ་ གཙུག་ལག་སློབ་གྲྭའི་ནང་ལས་ གསོ་བ་རིག་པའི་ སྒོ་ནོར་འཕྲོད་བསྟེན་གྱི་ ནང་དོན་རིག་པའི་མཁས་དབང་ སྦྱངས་ཡོདཔ་དང་ རྒྱ་གར་ མ་རཊ་ཝ་ད་ སོ་ནམ་རིག་པའི་ གཙུག་ལག་སློབ་གྲྭའི་ནང་ལས་ ཚན་རིག་སྒོ་ནོར་གསོ་སྐྱོང་འཕྲོད་བསྟེན་དང་ སེམས་ཅན་གསོ་སྐྱོང་རིག་པའི་ གཙུག་ལག་གཞི་རིམ་ཤེས་ཡོན་སྦྱངས་ཡོད་པའི་གུ་ མཆོག་གྱུར་ཅན་གྱི་ དངུལ་གྱི་རྟགས་མ་ཐོབ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༢ ལས་༢༠༡༧ ཚུན་ སྤ་རོ་རྫོང་ཁག་ནང་ སྒོ་ནོར་གསོ་སྐྱོང་གཙོ་འཛིན་འགོ་དཔོན་འོགམ་སྦེ་ ལཱ་འབད་ཡོདཔ་ད་ སྤྱི་ལོ་༢༠༡༧ ལས་༢༠༡༨ སྤྱི་ཟླ་༤ པ་ཚུན་ བུམ་ཐང་ལུ་ རྒྱལ་ཡོངས་ལ་ཁའི་ ཞིབ་འཚོལ་གོང་འཕེལ་ལྟེ་བའི་ ལས་རིམ་མདོ་ཆེན་སྦེ་ ལཱ་འབད་ནུག

འདི་བཟུམ་སྦེ་ གཞལམ་སྐྒང་ལུང་ཕྱོགས་ སྒོ་ནོར་སེམས་ཅན་གོང་འཕེལ་ལྟེ་བའི་ ལས་རིམ་མདོ་ཆེན་ངོ་ཚབ་དང་ མོང་སྒར་རྫོང་ཁག་ནང་ སྒོ་ནོར་འགོ་དཔོན་སྦེ་ ལོ་ངོ་༢ གི་རིང་ ཕྱག་ཞུཝ་བཞིན་དུ་ ལོ་ངོ་༥ གི་རིང་ མགར་ས་རྫོང་ཁང་ནང་ སྒོ་ནོར་འགོ་དཔོན་འབད་ཡོདཔ་མ་ཚད་ ཐིམ་ཕུག་ གསར་སྦིས་ཐང་ལུ་ རྒྱལ་ཡོངས་སྒོ་ནོར་སེམས་ཅན་ལྟེ་བའི་ནང་ སྒོ་ནོར་འཕྲོད་བསྟེན་འགོ་དཔོན་གྱི་ འགན་ཁ་འབག་ཡོདཔ་ཨིན་པས།

མིང་གསལ་་་་ཌོག་ཊར་ བསམ་གྲུབ་ཨར་དབང་ཕྱུག

སྐྱེས་ལོ་༥༤

འདེམས་ཁོངས་་་་བཀང་ལུང་བསམ་མཁར་ཨུ་མཛོ་རོང་།

རྫོང་ཁག་་་་བཀྲིས་སྒང་།

ཤེས་ཡོན་དང་ གཡོག་གི་ཉམས་མྱོང་།

སྤྱི་ལོ་༡༩༩༢ ལུ་ ཀིང་ཇོརཤ་ གསོ་བའི་གཙུག་ལག་སློབ་གྲྭའི་ནང་ལས་ མཐར་འཁྱོལ་ཏེ་ སོ་བཅོས་མཁས་མཆོག་ཅིག་ཨིན་པའི་ཁར་ རྫོང་ཁག་གསོ་བའི་འགོ་དཔོན་འབད་དེ་ སྨན་ཁང་ལྟ་རྟོག་པ་ འབད་བའི་ཤུལ་ལུ་ ཐཱའི་ལེནཌ་ ཁོན་ཀིན་གཙུག་ལག་སློབ་གྲྭའི་ནང་ལས་ སོ་དང་ཟ་ལྟབ་གསོ་བཅོས་ཀྱི་ གཡོག་གནས་གཙུག་ལག་མཐོ་རིམ་ཤེས་ཡོན་སྦྱངས་ཡོདཔ་བཞིན་དུ་ ཨཱོས་ཊེ་ལི་ཡའི་ སིཊ་ནེ་སོ་བཅོས་སྨན་ཁང་ནང་ ལཱ་འབད་ཡོདཔ་ཨིན་པས།

ལོ་ངོ་༢༣ ལྷགཔ་ཅིག་ གཞུང་གཡོགཔ་སྦེ་ ཕྱག་ཞུ་བའི་གནས་ཡུན་ནང་ སྤྱི་ལོ་༡༩༩༢ ལས་༡༩༩༣ ཚུན་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་  སོའི་གཤག་བཅོས་དྲུང་འཚོ་སྦེ་ ལཱ་འབད་ཡོདཔ་བཞིན་དུ་ ལོ་ངོ་༤ གི་རིང་ བཀྲིས་སྒང་རྫོང་ཁག་ནང་ གསོ་བའི་འགོ་དཔོན་དང་ སོ་བཅོས་མཁས་མཆོག་ཅིག་ཨིནམ་མ་ཚད་ སྤྱི་ལོ་༡༩༩༧ ལས་༢༠༠༡ ཚུན་ དགེ་ལེགས་ཕུག་ ལུང་ཕྱོགས་སྨན་ཁང་ནང་ གསོ་བའི་ལྟ་རྟོག་པ་དང་ སོ་བཅོས་དྲུང་འཚོ་སྦེ་ ལཱ་འབད་ཡོདཔ་ཨིན་པས།

དེ་ལས་ སྤྱི་ལོ་༢༠༠༦ ལས་༢༠༡༡ ཚུན་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སོ་བཅོས་མཁས་མཆོག་དང་ ལས་འཛིན་འགོ་དཔོན་འབད་ཡོདཔ་ལས་ མི་མང་སོ་བཅོས་ཀྱི་ ལས་རིམ་ཁག་ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་ཡོདཔ་མ་ཚད་ སོ་བཅོས་དང་འབྲེལ་བའི་ ཀི་དེབ་མང་རབས་ཅིག་ པར་སྐྲུན་འབད་ནུག

མིང་གསལ་་་་ཀུན་ལེགས་ཚེ་རིང་།

སྐྱེས་ལོ་༤༡

འདེམས་ཁོངས་་་་ལྷོ་ཐིམ་ཕུག

རྫོང་ཁག་་་་ཐིམ་ཕུག

ཤེས་ཡོན་དང་ གཡོག་གི་ཉམས་མྱོང་།

སྤྱི་ལོ་༢༠༠༡ ལུ་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ལས་ རྒྱ་གཞུང་སློབ་གྲྭའི་ཆོས་རྒྱུགས་ལས་མཐར་འཁྱོལ་ཏེ་ སྤྱི་ལོ་༢༠༠༡ ལས་༢༠༠༤ ཚུན་ སཱཝ་ཌན་ཨེཊ་ཝེན་ཊིསི་གཙུག་ལག་སློབ་སྡེ་ལས་ ཚོང་འབྲེལ་བདག་སྐྱོང་གི་ གཙུག་ལག་གཞི་རིམ་གྱི་ ཤེས་ཡོན་སྦྱངས་ནུག

ཁོ་གིས་ སྤྱི་ལོ་༢༠༡༣ ལས་༢༠༡༦ ཚུན་ བཀྲིས་དངུལ་ཁང་ནང་ དངུལ་ཁང་ལས་དོན་འཛིན་སྐྱོང་པ་དང་ ཉེན་ཁ་འཛིན་སྐྱོང་ལས་ཁུངས་འགོ་དཔོན་འབད་བའི་གུ་ སྤྱི་ལོ་༢༠༠༩ ལས་༢༠༡༣ ཚུན་ མོང་སྒར་རྫོང་ཁག་ནང་ འབྲུག་དངུལ་ཁང་ཚད་འཛིན་གྱི་ བཀོད་ཁྱབ་དྲུང་ཆེན་དང་ སྐྱིན་འགྲུལ་འགོ་དཔོན་ དེ་ལས་ དངུལ་སྤྲོད་འཕྲུལ་ཆས་བཀག་གཉེར་པའི་ གོ་གནས་འབག་ཡོདཔ་ཨིན་པས།

དེ་ལས་ སྤྱི་ལོ་༢༠༠༥ ལས་༢༠༠༨ ཚུན་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ སྒེར་དོན་འགོ་དཔོན་དང་ མ་རྩ་གཞི་གཙུགས་འགོ་དཔོན་གྱི་ལཱ་འབད་ཡོད་པའི་གནས་ཚུལ།

 

 

Leave a Reply

Your email address will not be published. Required fields are marked *