མི་རློབས་ཀྱི་གྲངས་རྩིས་དང་འཁྲིལ་ ཕོ་མོ་སྐྱེས་ལོ་༦ ཡན་ཆད་ལུ་ འབྲི་ལྷག་ཤེས་ཡོན།

བསོད་ནམས་ལྷུན་གྲུབ།
འབྲུག་གི་མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་༢༠༡༧ གྱི་ གནས་སྡུད་སྙན་ཞུ་དང་འཁྲིལཝ་ད་ སྐྱེས་ལོ་༦ ཡན་ཆད་ཀྱི་ མི་རློབས་ཡོངས་བསྡོམས་ཀྱི་༦༥༦,༥༢༢ ཡོད་ས་ལས་ ༡,༤༠༧ གྱིས་ ཤེས་ཡོན་དང་འབྲེལ་བའི་ འབྲི་ལེན་མ་འབདཝ་ལས་ འབྲི་ལྷག་གི་ཤེས་ཡོན་ཡོད་མི་ མི་གྲངས་༤༦༧,༦༤༧ དང་ བརྒྱ་ཆ་༧༡.༤ ཡོད་པའི་ ཞིབ་འཇུག་འབད་ཡོདཔ་ཨིན་པས།
ཕོ་མོའི་དབྱེ་བ་དང་བསྟུན་ འབྲི་ལྷག་ཤེས་ཡོན་ཡོད་མི་ ཨམ་སྲུ་བརྒྱ་ཆ་༦༣.༩ ལས་མེད་རུང་ ཕོ་སྐྱེས་བརྒྱ་ཆ་༧༨.༡ དང་ ན་ལོན་སྐྱེས་ལོ་༡༥ ལས་ཡན་ཆད་འབད་མིའི་གནས་ཚད་ནང་ འབྲི་ལྷག་ཤེས་ཡོན་གྱི་ བརྒྱ་ཆ་༦༦.༦ དང་ གྲོང་གསེབ་ནང་ བརྒྱ་ཆ་༦༣.༦ དེ་ལས་ ཁྲོམ་ཚོགས་ནང་ བརྒྱ་ཆ་༨༤.༡ ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༥ ལས་༢༠༡༧ ཚུན་ འབྲི་ལྷག་ཤེས་ཡོན་གྱི་ བརྒྱ་ཆ་༥༩.༥ ལས་༧༡.༤ ལུ་ ཡར་སེང་སོང་ཡོད་པའི་གུ་ ཕོ་སྐྱེས་བརྒྱ་ཆ་༩.༠ དང་ ཨམ་སྲུ་བརྒྱ་ཆ་༡༥.༢ ཀྱི་ཡར་སེང་སོང་ཡོདཔ་མ་ཚད་ ཕོ་མོའི་ཁྱད་པར་གྱི་ བརྒྱ་ཆ་༢༠.༤ ལས་༡༥,༢ ལུ་ མར་ཕབ་སོང་ཡོདཔ་བཞིན་དུ་ གྲོང་གསེབ་དང་ ཁྲོམ་ཚོགས་ཀྱི་བར་ན་ བརྒྱ་ཆ་༢༣.༨ ལས་༢༠.༥ གུ་ མར་ཕབ་སོང་ཏེ་འདུག
ཕོ་མོའི་ལོ་ཚད་དང་འཁྲིལ་ཏེ་ འབྲི་ལྷག་ཤེས་ཡོན་གྱི་ བརྒྱ་ཆ་ ཡར་སེང་འགྱོ་དོ་ཡོདཔ་ད་ སྐྱེས་ལོ་༡༠ ལས་༡༤ ཚུན་འབད་མི་ བརྒྱ་ཆ་༩༨.༤ དང་ སྐྱེས་ལོ་༦༥ ཡན་ཆད་ བརྒྱ་ཆ་༢༢.༩ ལུ་ མར་བབ་སོང་ཡོདཔ་ད་ ཕོ་སྐྱེས་ཀྱི་བརྒྱ་ཆ་༦༥.༠ དང་ ཨམ་སྲུའི་བརྒྱ་ཆ་༩.༤ ལས་མེདཔ་ཨིན་པས།
དེ་ལས་ རྫོང་ཁག་༢ གི་ནང་ ཀྲོང་གསར་ རྫོང་གི་ནང་ འབྲི་ལྷག་ཤེས་ཡོན་ཡོད་མི་ བརྒྱ་ཆ་མཐོ་ཤོས་ཅིག་ཨིནམ་ད་ དབངའདུས་དང་ གསར་སྤང་ རྫོང་ཁག་དེ་ཡང་ ཤེས་ཡོན་ཡར་དྲག་འགྱོ་བའི་ རྫོང་ཁག་ཅིག་ཨིན་རུང་ པདྨ་དགའ་ཚལ་དེ་ ཤེས་ཡོན་ཉུང་དྲག་ཡོདཔའི་ རྫོང་ཁག་ཅིག་ཨིན་པས།
སྐྱེས་ལོ་༦ ཡན་ཆད་ སློབ་གྲྭ་ནང་ འཛུལ་བཞུགས་འབད་དེ་ ཤེས་ཡོན་སྦྱང་མི་ ཡོངས་བསྡོམས་ལུ་༦༥༥,༠༠༣ ཡོད་པའི་ནང་ལས་ཡང་ ཤེས་ཡོན་སྦྱང་པའི་བསྒང་ཡོད་མི་ བརྒྱ་ཆ་༢༩.༤ དང་ ཤེས་ཡོན་སྦྱང་ཚར་མི་ བརྒྱ་ཆ་༣༥.༧ ཡོད་རུང་ མི་གྲངས་༡,༥༡༩ གིས་ སློབ་གྲྭ་ནང་ འཛུལ་བཞུགས་མ་འབད་བར་ཡོདཔ་ཨིན་པས།
ལོ་ཚད་ཀྱི་དབྱེ་ཁ་ནང་ སྐྱེས་ལོ་༦ ལས་༡༢ ཚུན་ བརྒྱ་ཆ་༩༤.༠ དང་ ལོ་ཚད་༡༣ ལས་༡༤ གི་ བརྒྱ་ཆ་༩༡.༡ སྐྱེས་ལོ་༡༥ དང་༡༦ གི་༨༩.༣ ལོ་ཚད་༡༧ དང་༡༨ ལུ་ བརྒྱ་ཆ་༧༧.༨ ལོ་ངོ་༡༩ ལས་༢༢ འབད་མི་ བརྒྱ་ཆ་༤༡.༥ དེ་ལས་ ལོ་ཚད་༢༣ ཡར་ལྟབ་འབད་མི་ ཤེས་ཡོན་མ་སྦྱང་མི་ བརྒྱ་ཆ་༥༠.༢ དང་༤༦.༩ འབྲི་ལྷག་ཤེས་ཡོན་སྦྱང་ཡོད་པའི་ གནས་རྩིས་བཀོད་དེ་འདུག
ཤེས་རིག་ལམ་ལུགས་དང་འཁྲིལ་ སློབ་གྲྭ་དང་གཙུག་སྡེ་ཚུ་ནང་ ཤེས་ཡོན་སྦྱང་མི་ ཕོ་སྐྱེས་བརྒྱ་ཆ་༢༧.༩ ལས་མེད་རུང་ ཨམ་སྲུ་འབྲི་ལྷག་ཤེས་ཡོན་སྦྱང་མི་ བརྒྱ་ཆ་༣༡.༠ ཡོདཔ་ད་ ལོ་ཚད་༦ ཡན་ཆན་ ཤེས་ཡོན་སྦྱང་མི་ བརྒྱ་ཆ་༡.༢ ལས་མ་གཏོགས་ ཡར་སེང་མ་འགྱོ་རུང་ ཤེས་ཡོན་སྦྱང་ཚར་མི་ མི་རློབས་བརྒྱ་ཆ་༡༡.༥ ཡར་སེང་སོང་ཏེ་འདུག
ཨིན་རུང་ འདས་པའི་མི་ལོ་༡༢ གི་ནང་འཁོད་ལུ་ སློབ་གྲྭ་དང་གཙུག་སྡེའི་ནང་ ཤེས་ཡོན་མ་སྦྱང་མི་ སྤྱི་ལོ་༢༠༠༥ ལུ་ བརྒྱ་ཆ་༤༧.༤ ལས་༢༠༡༧ ལུ་ བརྒྱ་ཆ་༣༤.༧ གུ་ མར་བབ་དང་ བརྒྱ་ཆ་༡༢.༧ དེ་ཅིག་གི་ ཁྱད་པར་ཧ་གོ་ཡོདཔ་ཨིན་པས།
སྔར་སྲོལ་གྱི་ཤེས་ཡོན་སྦྱང་མི་ སྐྱེས་ལོ་༦ ཡན་ཆད་ མི་གྲངས་༢༢,༨༨༩ གི་ནང་ལས་ བརྒྱ་ཆ་༤༢.༠ གིས་ མི་མང་གི་མགོན་སྡེ་དང་ གྲྭ་ཚང་ཚུ་ནང་ ཤེས་ཡོན་སྦྱང་མི་དང་ བརྒྱ་ཆ་༢༤.༣ སྒེར་གྱི་ལྷ་ཁང་དང་ མགོན་པའི་ནང་ལས་ ཤེས་ཡོན་སྦྱང་མི་ཨིན་པའི་གུ་ རྒྱལ་ཁབ་ནང་ སྒོམ་ཆེན་གྱི་བརྒྱ་ཆ་༢༩.༧ ཡོདཔ་ཨིན་པས།
དེ་ལས་ ཁྲོམ་ཚོགས་ནང་ མི་མང་གི་གྲྭ་ཚང་ཚུ་ནང་ འབྲི་ལྷག་ཤེས་ཡོན་སྦྱང་མི་བརྒྱ་ཆ་༥༦.༠ དང་ སྒེར་གྱི་ལྷ་ཁང་ནང་ བརྒྱ་ཆ་༡༧.༩ མེད་རུང་ གྲོང་གསེབ་ནང་ མི་མང་གི་མགོན་སྡེའི་ནང་ བརྒྱ་ཆ་༣༦.༧ དང་ སྒེར་གྱི་ནང་༢༦.༧ ཡོདཔ་ད་ ཕོ་སྐྱེས་བརྒྱ་ཆ་༤༤.༣ གྱིས་ མི་མང་གི་མགོན་སྡེ་ནང་ སྔར་སྲོལ་ཤེས་ཡོན་སྦྱང་མི་ རྩིས་ཁྲ་མཐོ་ཤོས་ཅིག་ཨིན་པས།
འདི་བཟུམ་སྦེ་ ཨམ་སྲུ་བརྒྱ་ཆ་༤༦.༡ དེ་ཅིག་གིས་ སྒེར་གྱི་ལྷ་ཁང་ནང་ སྔར་སྲོལ་འབྲི་ལྷག་གི་ཤེས་ཡོན་སྦྱངས་མིའི་ གྱངས་ཁ་མཐོ་ཤོས་ཅིག་ཨིན་པའི་གུ་ གྲོང་གསེབ་ཚུ་ནང་ མི་རློབས་བརྒྱ་ཆ་༧༣.༠ གིས་ སྔར་སྲོལ་གྱི་ལམ་ལུགས་གུ་ འབྲི་ལྷག་གི་ཤེས་ཡོན་སྦྱང་སྟེ་ཡོདཔ་ ཨིན་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *