མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྫོང་བདག་༣ དང་ དྲུང་ཆེན་༡ བསྐོ་བཞག་གནང་ཡོདཔ།

 

ད་རེས་ སྤྱི་ཟླ་༠༧ པའི་སྤྱི་ཚེས་༡༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཕྱི་འབྲེལ་ལྷན་ཁག་ ཟུང་ཕྱོགས་ལས་དོན་གྱི་ཡོངས་ཁྱབ་མདོ་ཆེན་ སྐལ་བཟང་དབང་འདུས་འདི་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་སྦེ་ བསྐོ་བཞག་གནང་ཡོདཔ་བཞིན་དུ་ ལྷན་རྒྱས་གཞུང་ཚོགས་ཀྱི་མདོ་ཆེན་ བློ་བཟང་རྡོ་རྗེ་འདི་ གཞལམ་སྒང་རྫོང་བདག་དང་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་བརྟག་ཞིབ་ཚོགས་སྡེ་གི་དྲུང་ཆེན་ བསྟན་འཛིན་རྡོ་རྗེ་འདི་ ཀྲོང་གསར་རྫོང་བདག་ དེ་ལས་ དགེ་ལེགས་ཕུག་ཁྲོམ་སྡེ་གི་བཀོད་ཁྱབ་དྲུང་ཆེན་ པདྨ་འདི་ རྩི་རང་རྫོང་བདག་སྦེ་ བསྐོ་བཞག་གནང་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *