མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་པོ་ཞིང་ལས་ ངང་ལམ་གྱི་གཞུང་ལམ་འགོ་འབྱེད་གནང་ཡོདཔ།

སྤྱི་ཟླ་འདི་གི་ སྤྱི་ཚེས་༡༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མོང་སྒར་རྒྱལ་པོ་ཞིང་ལས་ པདྨ་དགའ་ཚལ་ངང་ལམ་ཁ་ཐུག་གི་ ཀི་ལོ་མི་ཊར་༧༧ འབད་མི་ གཞུང་ལམ་འགོ་འབྱེད་གནང་སར་ མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་དང་ བློན་ཆེན་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་དང་ སྤྱི་ཚོགས་ཀྱི་འཐུས་མི་ དེ་ལས་ གཞུང་གི་འགོ་དཔོན་གོངམ་ཚུ་གིས་ཡང་ གྲལ་ཁར་གཏོགས་ཡོདཔ་ཨིན་མས།

རྒྱ་གར་གཞུང་གིས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་བཏོན་ཡོད་པའི་ གཞུང་ལམ་འདི་གིས་ མོང་སྒར་ལས་ ངང་ལམ་དང་ བསམ་གྲུབ་ལྗོངས་མཁར་ དེ་ལས་ ཕུན་ཚོགས་གླིང་བརྒྱུད་དེ་ རྒྱ་གར་རྒྱལ་ཁབ་ནང་ དུས་ཐུང་འགྲོ་འགྲུལ་འཐབ་ཚུགས་པའི་ ཁེ་ཕན་ཡོདཔ་བཞིན་དུ་ གློག་ཤུགས་མེ་གཱ་ཝཊ་༢༦༤༠ འབད་མི་ མོང་སྒར་ ཀུ་རི་གོང་རི་ གློག་མེ་ལས་འགུལ་དང་ བོང་སྡེ་མ་བཟོ་གྲྭ་ས་ཁོངས་ལུ་ ལྷག་པར་དུ་ ཕན་ཐོགས་འབྱུང་ནི་ཨིན་པས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མོང་སྒར་ལུ་སྦེ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ཞབས་ཏོག་ལྷན་ཁག་གི་ ལོ་བསྟར་བཟོ་རིགས་གྲོས་ཚོགས་ནང་ བཅའ་མར་གཏོགས་མི་ ཞི་གཡོགཔ་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *