བློན་ཆེན་མཆོག་གིས་ ཇ་པཱན་གྱི་ ཚོགས་དམངས་ངོ་ཚབ་དང་གཅིག་ཁར་མཇལ་ཕྲད།

བློན་ཆེན་དྲག་ཤོས་ཚེ་རིང་སྟོབས་རྒྱས་མཆོག་གིས་ ཇ་པཱན་གྱི་ ཚོགས་དམངས་ངོ་ཚབ་འཐུས་མི་དང སྲིད་འཛིན་གྱི་གྲོས་སློབ་ མི་རྗེ་ཀཊ་སུ་ཡོ་ཀཱི་ ཀཱ་ཝའི་དང་གཅིག་ཁར་མཇལ་ཕྲད་གནང་ཡོདཔ་ཨིན་པས།

མི་རྗེ་བློན་ཆེན་མཆོག་གིས་ ཀཱ་ཝའི་གི་འབྲུག་ལུ་བལྟ་སྐོར་འབད་མི་དང་ འབྲུག་དང་ཇ་པཱན་རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་རྩ་བརྟན་བཟོ་ནི་དོན་ལུ་ ཁག་ཆེ་བའི་ལཱ་འགན་འབག་མི་འདི་ལུ་ བཀའ་དྲིན་བསམ་ཡོདཔ་མ་ཚད་ མི་དབང་སྲསམོ་མཱ་ཀོ་མཆོག་གིས་ འབྲུག་ལུ་གཟིགས་སྐོར་བྱོན་ཏེ་ མི་སེར་ཚུ་ལུ་ དགའ་བ་འབྱུང་ཡོད་པའི་ ལོ་རྒྱུས་ཚུ་གསུངས་གནང་ཡི།

ཀཱ་ཝའི་གིས་ མི་དབང་སྲསམོ་མཱ་ཀོ་མཆོག་གི་ འབྲུག་ལུ་གཟིགས་སྐོར་བྱོན་མི་འདི་ མཐར་འཁྱོལ་ཅན་ཅིག་སྦེ་ འགྱོ་ཡོདཔ་ལས་ དགའ་ཚོར་བསྐྱེད་ཡོདཔ་མ་ཚད་ མི་དབང་སྲསམོ་ལུ་ མགྲོན་སྐྱོང་ལེགས་ཤོམ་སྦེ་ མཛད་མི་འདི་ལུ་ བཀའ་དྲིན་ཆེ་ཟེར་བཤད་ཅི།

མཇལ་ཕྲད་འདི་གི་སྐབས་ལུ་ བློན་ཆེན་མཆོག་དང་ ཀཱ་ཝའི་གཉིས་ཀྱི་ དཔལ་འབྱོར་གོང་འཕེལ་གྱི་སྐོར་ལས་ གྲོས་བསྡུར་ཚུ་ འབད་ཡོདཔ་ཨིན་པའི་གནས་ཚུལ།༼པར་བློན་ཆེན་མཆོག་གི་ གདོང་དེབ་ལས།༽

Leave a Reply

Your email address will not be published. Required fields are marked *