ཁྲིམས་འདུན་གྱི་ ལས་སྣ་༡༡ དེ་ཅིག་ ཡོངས་འབྲེལ་ཐོག་ལས་ འཐོབ་ཚུགས་པའི་ཁེ་ཕན།

ཆོས་ཉིད་བཟང་མོ།

རྒྱལ་ཁབ་ནང་ལུ་ ཧེ་མ་འབད་བ་ཅིན་ མི་སེར་ཚུག་གི་ ཁྲིམས་དོན་དང་ འབྲེལ་ཡོད་ལཱ་ཚུ་ ཟད་འགྲོ་འཐེབ་གཏང་སྟེ་ འགྱོ་དགོཔ་འཐོན་ཡོདཔ་མ་ཚད་ ད་རུང་ ལཱ་ཚུ་འབད་མ་ཚུགས་པར་ འཕྲལ་འཕྲལ་སྐབས་བདུན་ཕྲག་ལས་བཅད་དེ་ དུས་ཡུན་འགོར་དོ་ཡོདཔ་ད་ ད་རེས་ གཞུང་གི་ཁ་ཐུག་ལས་ འདི་གི་ཐབས་ལམ་ལུ་ གཞུང་ལས་མི་སེར་གྱི་ཞབས་ཏོག་ཁག་༡༠༩ དེ་ཅིག་ གཞི་བཙུགས་གནང་ནི་འདི་གིས་ ཕན་ཐོགས་འབྱུང་དོ་ཡོདཔ་ཨིན་པས།

སྤྱི་ཟླ་༨ པའི་ སྤྱི་ཚེས་༢༩ ལུ་ རྒྱ་གར་གཞུང་གི་ མ་དངུལ་གྱི་རྒྱབ་སྐྱོར་གནང་སྟེ་ དྲང་ཁྲིམས་ལྷན་སྡེ་གི་ ཞབས་ཏོག་ཁག་༡༡ དེ་ཅིག་ ཡོངས་འབྲེལ་ཐོག་ལས་ འཐོབ་ཚུགས་བཟོ་ཡོད་པའི་ འགོ་འབྱེད་རྟེན་འབྲེལ་འབད་ཡོད་ཨིན་པས།

ད་ལས་ཕར་ ཁྲིམས་ཀྱི་འདུན་གྱི་ཞབས་ཏོག་ ༡༽གཉེན་གྱི་ཆོག་ཐམ་བཟོ་ནི། ༢༽མིང་གསལ་སོར་ནི། ༣༽གཉེན་གྱི་ཆོག་ཐམ་སྐད་བསྒྱུར་འབད་ནི། ༤༽ཡིག་ཆ་འབྱང་མི་ཚུ་ལོག་བཟོ་ནི། ༥༽གཉེན་རྐྱབ་ཡོད་མེད་བལྟ་ནི། ༦༽ངོ་སྦྱོར་ཡིག་ཆ་བཟོ་ནི། ༧༽བུ་ཚབ་ལེན་ནི་གི་གནད་དོན། ༨༽གཟུགས་ཀྱི་ཆ་ཤས་སྤོ་བཙུགས་འབད་ནི། ༩༽རྩིས་ཁྲ་གཅད་ནི་དང་ བགོ་བཤའ་སྤོ་སོར་འབད་ནི། ༡༠༽ངོ་སྦྱོར་གན་རྒྱ་ བདེན་ཁུངས་རྒན་རྒྱ་དང་ ༡༡༽ ཨ་ལོ་འགྲོ་འགྲུལ་འཐབ་ནི་གི་ཡིག་ཆ་ཚུ་ ཡོངས་འབྲེལ་ཐོག་ལས་ བཟོ་ཚུགས་ནི་ཨིན་པས།

ཡོངས་འབྲེལ་འདི་ལས་བརྟེན་ཏེ་ མི་མང་གི་ ཡོངས་འབྲེལ་ཐོག་ལས་ ཞུ་ཚིག་དང་ ཡིག་གུ་ཚུ་བཙུགས་ཏེ་ ཁྲིམས་དང་འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ ཡོངས་འབྲེལ་ཐོག་ལས་ དུས་སྟབས་བཟོ་ཞིནམ་ལས་ ཁག་ཆེ་བའི་ ཡིག་ཆ་ཚུ་བྱིན་ཚུགས་ནི་ཨིན་པས།

ལས་རིམ་འདི་ ཐིམ་ཕུག་ཁྲིམས་ཀྱི་འདུན་ས་ལུ་ ཟླཝ་དག་པ་ཅིག་གི་རིང་ལུ་ མོ་བཏབ་བཟུམ་ཅིག་སྦེ་བལྟཝ་ད་ མི་མང་གི་ ལག་ལེན་ལེགས་ཤོམས་སྦེ་ འཐབ་ཡོདཔ་མ་ཚད་ ཕན་ཐོགས་འབྱུང་མི་ལུ་བརྟེན་ རྫོང་ཁག་༢༠ ག་རའི་ནང་ལུ་ ཞབས་ཏོག་འདི་ ལག་ལེན་འཐབ་ཚུགས་སྦེ་ བཟོ་ཡོདཔ་ཨིན་པས།

ཞབས་ཏོག་འདི་ལུ་བརྟེན་ཏེ་ ཁྲིམས་ཁང་ནང་ ལཱ་འབད་མི་ཚུ་ལུ་ གཉེན་འབྲེལ་གྱི་ཐོ་བཀོད་ཚུ་ བཞག་ནི་ལུ་ ལཱ་ཁག་བཏང་ཡོདཔ་ཨིན་རུང་ ད་ལས་ཕར་ འདི་བཟུམ་གྱི་དཀའ་ངལ་ཚུ་བསལ་ཏེ་ དུས་ཡུན་ཐུང་ཀུ་ཅིག་ནང་ར་ ལཱ་ཚུ་འབད་ཚུགས་པའི་ ཁེ་ཕན་ཡོདཔ་ཨིན་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *