ཀྲོང་གསར་དང་ དབང་འདུས་ཀྱི་ གཞུང་ལམ་རྒྱ་སྐྱེད་ལས་བརྟེན་ ཁྱིམ་༢ ལུ་གནོད་སྐྱོན།

པ་སངས་སྒྲོལ་མ།

ད་རེས་ནངས་པ་ཤར་ཕྱོགས་ལས་ནུབ་ཕྱོགས་ཁ་འཐུས་ལུ་ གཞུང་ལམ་ རྒྱ་སྐྱེད་འབད་བའི་བསྒང་ཡོདཔ་མ་ཚད་ ནམ་བྱཱར་ཆརཔ་མ་ཆད་པ་རང་རྐྱབ་ནི་འདི་གི དབང་འདུས་ཕོ་བྲང་དང་ཀྲོང་གསར་གྱི་གཞུང་ལམ་ལྟག་ལུ་ སྦྱེ་ནག་རྒེད་འོག་ནང་ སྡོད་ཁྱིམ་གཉིས་ཡོད་མི་འདི་ རུད་ཆད་ནི་འདི་གིས་ ཕྱག་འབག་ནི་གུར་ལྷོད་ཡོདཔ་ཨིན་པས།

སྦྱེ་ནག་རྒཔོ་གི་བཤད་མི་ནང་ ལམ་སེལ་ལས་ཁུངས་ཀྱི་ ཁ་ཐུག་ལས་ ད་རེས་ནངས་པ་ ཁྱིམ་གྱི་འོག་ལས་ རྩིཔ་རྐྱབ་སྟེ་ ཆུ་ཤོག་གི་གུར་ཚུ་ཡང་ བྱིན་ཏེ་ཡོདཔ་ཟེར་ཨིན་པས།

ཁྱིམ་གྱི་ཇོ་བདག་གིས་སླབ་མི་ནང་ ཁོང་གཉིས་ཀྱི་ཁྱིམ་གྱི་གནས་སྟངས་ འདི་བཟུམ་ལྷོད་ཡོདཔ་ལས་ སེམས་མ་དགའཝ་མ་ཚད་ ཁྱིམ་ཧྲམ་འགྱོ་ནི་མས་ཟེར་བའི་ ཚ་གྱང་ལང་ཡོདཔ་ད་ དུས་ཅི་ སྤྱི་ཟླ་༨ པའི་སྤྱི་ཚེས་༡༠ ལུ་ ས་རུད་ཆད་པའི་སྐབས་ ས་ཞིང་ ཕྱག་འབག་ཡོདཔ་མ་ཚད་ ཆབ་གསང་དང་ ཆུའི་ཀ་ལི་འདི་ཡང་ ཕྱག་འབག་སྟེ་ ཁྱིམ་གྱི་གཞི་འགྱམ་ལུ་ཡང་ ཐོ་ཕོག་སྟེ་ ཡོད་ཟེར་ཨིན་པས།

རྒཔོ་གི་བཤད་མི་ནང་ ཆརཔ་ཤུགས་འབད་རྐྱབ་པའི་སྐབས་ལུ་  ཉེན་ཁག་ཅན་ཅིག་ལུ་འགྱུར་ཏེ་ཡོདཔ་ལས་ ཁྱིམ་གྱི་ཇོ་བདག་དང་ བཟའ་ཚང་འདི་ཚུ་ ཕྱི་རུ་བཞག་ཡང་ ཆ་རོགས་ཚུ་གི་ཁྱིམ་ནང་ ཉལ་བར་སོང་ཟེར་སླབ་སྟེ་ ཡོདཔ་ཟེར་ཨིན་པས།

ལམ་སེལ་ལས་ཁུངས་ཀྱི་ ཁ་ཐུག་ལས་འབད་རུང་ ཤུལ་ལས་ཁྱིམ་ལུ་ གནོད་སྐྱོན་རེ་འབྱུང་པ་ཅིན་ རྒུད་འཐུས་བྱིན་དགོཔ་སྦེ་སླབ་སྟེ་ཡོདཔ་མ་ཚད་ འབྲེལ་བ་ཡོད་པའི་ འགོ་དཔོན་ཚུ་གིས་ཡང་ ས་ནས་ནང་བྱོན་ ཡི་ཟེར་ཨིན་པས།

ད་རུང་ ལམ་སེལ་ལས་ཁུངས་ཀྱིས་ ཨ་རིང་ནང་ལས་ཐོན་པའི་ཆུ་འདི་ ཁ་འགྱུར་བཏང་ནི་གི་དོན་ལས་ ཆུ་ཡི་གཡུར་བ་ཡང་ བཟང་བྱིན་འདི་ཡོདཔ་ཨིན་པས།

ལོས་སྦིས་ས་ལུ་ཡོད་པའི་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་སླབ་མི་ནང་ ཁོང་གི་ཁ་ཐུག་ལས་ རྒྱབ་སྐྱོར་ག་ཅི་བཟུམ་ར་དགོ་རུང་ འབད་ནི་ཨིན་ཟེར་ བཤད་ཡོད་པའི་གནས་ཚུལ།

 

Leave a Reply

Your email address will not be published. Required fields are marked *